མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་ཟུར་པ་ཞིག་ཏོག་དབྱིབས་ནད་ཀྱིས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལི་བྷི་ཡའི་སྲིད་བློན་ཟུར་པ་སྐུ་ཞབས་མཱ་ཧེ་མུ་དྷི་རྗེབ་རིལ་ལགས་ཏོག་དབྱིབས་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ལི་བྷི་ཡའི་སྲིད་བློན་ཟུར་པ་སྐུ་ཞབས་མཱ་ཧེ་མུ་དྷི་རྗེབ་རིལ་(Mahmoud Jibril)་ལགས་ལ་ཏོག་དབྱིབས་ནད་ཡམས་འགོས་ཏེ། ཡུལ་དེའི་ཁཱ་རའོ(Cairo)གྲོང་ཁྱེར་གྱི་(Ganzouri Specialized Hospital)སྨན་ཁང་དུ་བདུན་ཕྲག་གཉིས་རིང་སྨན་བཅོས་བྱས་ཡོད་ཀྱང་། ཕན་འབྲས་མ་ཐོན་པར་ཁ་སང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོར་འདས་གྲོངས་སུ་གྱུར་ཡོད་སྐོར་བསྒྲགས་འདུག

མཱ་ཧེ་མུ་དྷི་རྗེབ་རིལ་འདས་གྲོངས་སུ་ཕྱིན་པའི་སྐོར་ལ་ཁཱ་རའོ་སྨན་ཁང་གི་འགན་འཛིན་ཧེ་ཤིམ་ཝེ་དྷེ(Hisham Wagdy)ཟེར་བ་ཞིག་གིས། དང་ཐོག་སྙིང་རྩ་འགག་པའི་ནད་གཞི་བྱུང་བར་ངོས་འཛིན་བྱས་ཡོད་ཀྱང་། བརྟག་དཔྱད་བྱས་རྗེས་ཁོང་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། སྨན་བཅོས་བྱས་ཏེ་ནད་གཞི་དྲག་སྐྱེད་ཅུང་ཙམ་ཡོང་ཡོད་ན་ཡང་གློ་བུར་དུ་ནད་གཞི་བསྐྱར་ལོག་བྱས་ཏེ་ཇེ་སྡུག་སོང་ནས་འདས་གྲོངས་སོང་ཡོད་སྐོར་བརྗོད་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ནས་ལི་བྷི་ཡ་ནང་ཏོག་དབྱིབས་རིམས་ནད་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ད་ལྟའི་བར་ཁྱོན་མི་གྲངས་ ༡༨ ལ་ཏོག་དབྱིབས་རིམས་ནད་བྱུང་ཡོད་པ་དང་མི་གཅིག་འདས་གྲོངས་སུ་སོང་ཡོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཡུལ་དེའི་ནང་མུ་མཐུད་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཆེན་པོ་ཕྱིན་པ་ཡིན་ན། འཕྲོད་བསྟེན་ཆ་རྐྱེན་ཞན་པ་དང་། སྲིད་དབང་སྲ་བརྟན་མེད་པ་སོགས་ཀྱིས་ནང་འཁྲུག་ཡོང་གཞིར་འགྱུར་ཉེན་ཡོད་པའི་བློ་ཚབ་བྱེད་བཞིན་ཡོད་འདུག

སྐུ་ཞབས་མཱ་ཧེ་མུ་དྷི་རྗེབ་རིལ་ལགས་ནི་ཕྱི་ལོ་ ༢༠༡༡ ལོར་དཀྱིལ་ཤར་ཨེ་ཤ་ཡའི་ཨ་རབ་རྒྱལ་ཁབ་ཁག་གི་ནང་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་བྱུང་སྐབས། ལི་བྷི་ཡའི་སྲིད་དབང་སྒེར་གཅོད་པ་གྷ་ཌ་ཧྥེ་ལ་ངོ་རྒོལ་ཤུགས་ཆེན་བྱེད་མཁན་ཞིག་དང་། ཡུལ་དེའི་མི་མང་གྱེན་ལངས་ཤོག་ཁག་གི་རྒྱལ་ཡོངས་སྲིད་འགྱུར་ཚོགས་པའི་མགོ་འཁྲིད་དེ། ཕྱིའི་རྒྱལ་ཁབ་ཨ་རི་དང་ཡུ་རོབ་སོགས་ཀྱི་ནང་རྒྱབ་སྐྱོར་འཚོལ་མཁན་ཞིག་ཡིན་པ་དང་། གྷ་ཌ་ཧྥེ་ཡི་སྲིད་དབང་ཕམ་ཉེས་གཏོང་བར་ཤུགས་སྣོན་བྱེད་མཁན་གཙོ་གྲས་ཤིག་ཡིན་འདུག་ལ། ཁོང་གིས་ལོ་བདུན་ལྷག་ལ་སྲིད་བློན་གྱི་ཕྱག་ལས་གནང་ཡོད་པ་དང་། རྒྱལ་ཡོངས་སྲིད་འགྱུར་ལྷན་ཚོགས་(National Transitional Council) མགོ་གཙོའང་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༥ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༨ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese