མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་མཐོ་རིམ་དབུ་འཁྲིད་ཚོའི་གླ་ཕོགས་ཀྱི་བརྒྱ་ཆ་༣༠་རེ་འཐེན་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་འཛིན་མཆོག་གཙོ་བོར་གྱུར་བའི་དབུས་སའི་བློན་ཆེན་རྣམས་དང་གྲོས་ཚོགས་འཐུས་མི་ཚོའི་ལོ་གཅིག་གི་ཟླ་ཕོགས་ནས་བརྒྱ་ཆ་ ༣༠ རེ་འཐེན་ནས་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཆེད་གཏོང་འཆར་ཡོད་འདུགཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོར། རྒྱ་གར་དབུས་གཞུང་གི་སྲིད་བློན་མུ་དྷི་མཆོག་གི་དབུས་བློན་ཆེན་རྣམ་པས་ཏོག་དབྱིབས་རིམས་ནད་སྐོར་ལ་དྲ་ལམ་ཚོགས་འདུ་ཚོགས་ཏེ། ཏོག་དབྱིབས་རིམས་ནད་སྔོན་འགོག་དང་སྨན་བཅོས། རྒྱ་གར་གྱི་དཔལ་འབྱོར་གནས་བབ་དང་ཐེམ་སྤང་བཀའ་རྒྱའི་དུས་ཡུན་ཚར་རྗེས་ལས་དོན་འཆར་གཞི་ག་འདྲ་དགོས་མིན་སོགས་ཀྱི་སྐོར་ལ་གྲོས་སྡུར་གནང་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱ་གར་སྲིད་འཛིན་དང་སྲིད་འཛིན་གཞོན་པ་བཅས་དབུས་དང་ས་གནས་ཀྱི་བློན་ཆེན་རྣམས་དང་གྲོས་ཚོགས་འཐུས་མི་ཚོའི་ལོ་གཅིག་གི་ཟླ་ཕོགས་ནས་བརྒྱ་ཆ་ ༣༠ རེ་འཐེན་ཏེ། སྲིད་བློན་མུ་དྷི་མཆོག་གི་ཐེབས་རྩ་ཁང་བརྒྱུད་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་སྨན་བཅོས་ཆེད་གཏོང་རྒྱུ་ཡིན་པ་ཐག་གཅོད་གནང་ཡོད་འདུག

བློན་ཆེན་རྣམས་ཀྱིས་ཚོགས་འདུ་གྲོལ་བ་དང་རྒྱ་གར་ཁོར་ཡུག་དང་ནགས་ཚལ། གནམ་གཤིས་འགྱུར་ལྡོག་དང་དྲིལ་བསྒྲགས་བློན་ཆེན་གཅིག་ལྕོགས།  སྐུ་ཞབས་པར་ཀཱ་ཤི་ཇ་ཝ་ཌི་ཀར་(Prakash Javadekar)ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྡུས་ཏེ། ཟླ་རེའི་གླ་ཕོགས་ནས་བརྒྱ་ཆ་ ༣༠ རེ་འཐེན་རྒྱུའི་ཐག་གཅོད་དེ་སྲིད་འཛིན་སྲིད་བློན་རྣམ་གཉིས་ཀྱི་དབུས་མངའ་སྡེའི་བློན་ཆེན་ཚང་མའི་དྭང་བླང་གིས་ངོས་ལེན་གནང་ཡོད་པ་དང་། དངུལ་དེ་དག་ཏོག་དབྱིབས་རིམས་ནད་སྔོན་འགོག་ཐད་སྤྱོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད།  རྒྱ་གར་དབུས་གཞུང་གིས་ལོ་རེའི་གྲོས་ཚོགས་འཐུས་མིའི་ས་གནས་ཡར་རྒྱས་མ་དངུལ་ཧིན་སྒོར་ཐེར་འབུམ་ ༧༩༠༠ རེ་སྤྲོད་བཞིན་པ། འབྱུང་འགྱུར་ལོ་གཉིས་ནང་གནས་སྐབས་སྤྲོད་མཚམས་བཞག་སྟེ་ཏོག་དབྱིབས་རིམས་ནད་ཐེབས་རྩ་ཁང་ལ་སྤྲོད་རྒྱུ་བྱས་ཡོད་སྐོར་སོགས་གསུངས་འདུག

རྒྱ་གར་བློན་ཆེན་ལྷན་ཚོགས་ཀྱི་ཐག་གཅོད་དེ་དང་འབྲེལ། ཀོང་རི་སི་ཁ་གཏད་ཚོགས་པས་ཟླ་ཕོགས་འཐེན་གཅོག་གི་ཐག་གཅོད་ལ་ངོས་ལེན་བྱེད་བཞིན་ཡོད་ཀྱང་། ས་གནས་ཡར་རྒྱས་མ་དངུལ་སྤྲོད་མཚམས་བཞག་པའི་ཐད་ཀོང་རི་སི་གྲོས་ཚོགས་འཐུས་མི་མང་པོས་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་ད་ལྟའི་གཞུང་འཛིན་ཚོགས་པས་ཛ་དྲག་གི་དུས་སྐབས་དང་བསྟུན་སྤྱི་པའི་དངུལ་གྱིས་ཆབ་སྲིད་རོལ་རྩེད་འཁྲབ་བཞིན་ཡོད་སྐོར་དང་། མི་མང་ལ་བདག་པའི་སྤྱི་དངུལ་དེ་གཞུང་གིས་གང་བྱུང་བེད་སྤྱོད་གཏོང་མི་ཆོག་པར་མི་མང་རང་གི་འཚོ་གནས་ཐད་བཀོལ་དགོས་པ་སོགས། ས་གནས་ཡར་རྒྱས་མ་དངུལ་དེ་དག་མི་མང་གི་འཚོ་གནས་དང་འཛུགས་སྐྲུན་ཡར་རྒྱས་ལ་ངེས་པར་གཏོང་དགོས་པའི་འབོད་སྐུལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

དེ་བཞིན་དེ་རིང་ནས་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱའི་འོག་བསྡད་དེ་ཉིན་གྲངས་ ༡༤ འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཅན་མི་གྲངས་ ༤༠༠༠ ཡོད་པ་མ་ཟད། འདས་པའི་ཆུ་ཚོད་ ༢༤ རིང་ཏོག་ནད  ༦༩༣ འཕར་ཡོད་སྟབས། རྒྱ་གར་དབུས་གཞུང་གིས་ཐེམ་སྤང་བཀའ་རྒྱའི་འོག་མུ་མཐུད་འདུག་དགོས་མིན་ཐད་གླེང་སློང་བྱེད་བཞིན་ཡོད་འདུག

གསར་འགོད་གསལ་བསྒྲགས་དེའི་ཐོག་དྲིལ་བསྒྲགས་བློན་ཆེན་མཆོག་གིས། ང་ཚོས་འཛམ་གླིང་དང་གནས་སྟངས་ཐད་དུས་ཚོད་སྐར་ཆ་རེ་རེ་བྱས་ཏེ་རྒྱུས་ལོན་བྱེད་བཞིན་ཡོད་ལ། མུ་མཐུད་ཐེམ་སྤང་བཀའ་རྒྱའི་འོག་སྡོད་མིན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་དང་། དུས་ཚོད་དང་སྟབས་བསྟུན་ནས་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། ཀེ་ར་ལ་མངའ་སྡེའི་བློན་ཆེན་དང་མངའ་སྡེ་ཁག་གི་བློན་ཆེན་ཁ་ཤས་ཀྱིས་ཐེངས་འདིའི་ཐེམ་སྤང་བཀའ་རྒྱའི་དུས་ཡུན་ཚར་བ་དང་། མུ་མཐུད་བཀོད་ཁྱབ་བཏང་སྟེ་མི་མང་རང་ཁྱིམ་ནས་འདུག་བཅུག་དགོས་སྐོར་གསུངས་འདུག

ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་རྒྱ་གར་བྷེཇི་པེ་ཆབ་སྲིད་ཚོགས་པ་བཙུགས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་དྲན་དང་བསྟུན། རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་བརྙན་ལམ་བརྒྱུད་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་བློན་མུ་དྷི་མཆོག་གིས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལས་མི་ཚོས་དུས་ཡུན་རིང་བའི་ཏོག་དབྱིབས་རིམས་ནད་དམག་འཐབ་ལ་གྲ་སྒྲིག་དགོས་པ་དང་།  གནད་དོན་འདིར་འཐབ་རྩོད་བྱེད་པར་དུས་ཡུན་རིང་པོ་དགོས་པས་ང་ཚོ་ཐང་ཆད་མི་ཉན་སྐོར་སོགས་གསུངས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༡༥ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese