མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྷོ་བྲག་ཏུ་དམག་སྦྱོང་ཁང་གསར་རྒྱག

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་བྲག་རྫོང་ཁོངས་སུ་དམག་སྦྱོང་ས་ཚུགས་གསར་པ་ཞིག་རྒྱག་བཞིན་ཡོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་བྲག་རྫོང་ཁོངས་སུ་དམག་སྦྱོང་ས་ཚུགས་གསར་པ་ཞིག་རྒྱག་བཞིན་པ། ༢༠༢༠།༥ །༨ དྲ་ལམ་གྱི་༷པར།

དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་རང་སྐྱོང་ལྗོངས་ལྷོ་བྲག་རྫོང་གྲོ་བ་གྲོང་བརྡལ་ནས་སྤྱི་ལེ་གསུམ་ཡོད་པའི་སེང་ཆུའི་འགྲམ་དུ། ཟླ་འདིའི་ཚེས་༨ ཉིན་ནས་འགོ་འཛུགས་ཀྱིས་དམག་སྦྱོང་ལྟེ་གནས་ཤིག་གསར་དུ་རྒྱག་བཞིན་ཡོད་འདུག

ལས་གཞི་དེ་ནི་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ནས་བཟུང་ལས་མགོ་འཛུགས་རྩིས་བྱས་ཡོད་ཀྱང་། ནད་ཡམས་ཀྱི་རྐྱེན་གྱིས་ད་ལྟ་བར་དུ་མགོ་འཛུགས་ཐུབ་མེད་པ་དང་། ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། ས་གནས་དེ་ལྷོ་སེང་གེ་ཁ་འབབ་དམག་སྒར་དུ་འགྲོ་བའི་ལམ་ཀ་ཆགས་ཡོད་པས། དམག་སྦྱོང་ལྟེ་གནས་གསར་པ་དེས་སེང་གེ་ཁ་འབབ་ཀྱི་དམག་སྒར་ལ་རོགས་ཕན་ཆེན་པོ་ཡོང་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོར་ས་གནས་དེར་དམག་སྒར་ཆེན་པོ་ཞིག་འཛུགས་པའི་འཆར་གཞི་ཡོད་འདུགགཞན་ཡང་། ཟླ་འདིའི་ཚེས་ ༡༤ ཉིན་གྱི་ཞོགས་པར་རང་སྐྱོང་ལྗོངས་གོང་དཀར་གནམ་ཐང་ནས་་དམག་འཐབ་གནམ་གྲུ་བཞི་དང་དེ་མིན་དམག་མིའི་རླངས་འཁོར་ ༢༡ བཅས་ལྷོ་བྲག་དམག་སྦྱོང་ས་ཚུགས་ཨང་ ༣༢ པར་བསླེབས་ཡོད་འདུག་ལ། སེང་གེ་ཁ་འབབ་དམག་སྒར་གྱི་ཁོངས་སུ་དམག་སྦྱོང་ས་ཚུགས་དེ་འདྲ་ཧ་ཅང་མང་པོ་ཡོད་པ་དང་། ས་ཚུགས་དེ་ཚོ་དམིགས་གསལ་ཛ་དྲག་སྐབས་སུ་ས་གནས་གང་སར་དམག་བརྡ་རྒྱག་སའི་ལྟེ་བ་དེ་འདྲ་ཡིན་འདུག་ལ། ཟླ་རྗེས་མའི་ནང་དམག་མིའི་རླུང་འཁོར་༡༠༠ལྷག་ཅིག་ས་ཚུགས་དེར་གཏོང་བའི་འཆར་གཞིའང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༧ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༣ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 1

  1. Sonam Gyaltsen says:
    ལོ་ 6 སྔོན།

    ཅོ་ཚོ་ དཀོན་མཆོག་སྒྲིག་ག ? Good བོད་ཀྱི་ས་ཡོངས་རྫོགས་འདུས་རུབ་བྱེད་བཞིན་ཡོད། དུས་སང་རྒྱ་གར་སྐད་ངན་ཤོར་ནས་ རྒྱ་གར་མཁས་དབང་ཡིན་ཟེར་མཁན་ཁ་ཤས་ཞིག་གི་་་བོད་དོན་ལ་སེམས་འཁུར་ཡོད་འཁུལ་གྱི་ བོད་པ་ཀླད་སྟོང་གླེན་ལྐུག་ཚོ་་་ ལག་ཆ་བེད་སྤྱོད་བྱས་ནས་ བོད་རང་བཙན་ཙང་མ་ལེན་དགོས་རེད་དོག་དོག་ ཕུ་རྒྱག་གི་ཡོད། རྒྱ་གར་ཁོ་རང་ཚོ་་་ བོད་རྒྱ་ཁོངས་ཡིན་པ་མཁས་ལེན་དེ་ འགྱུར་བ་གཅིག་ཀྱང་གཏོང་གི་མེད། བུ་ཚོ་ཡག་པོ་བྱེད་ཉོན་ཨ། སྔ་མོ་ སོག་པོ་རྒྱལ་པོ་ ཀུབ་ལའི་་་ བོད་ཁྲི་སྐོར་བཅུ་གསུམ་བོད་ས་ཡོངས་རྫོགས་ ༧འགྲོ་མགོན་ཆོས་རྒྱལ་ལ་ཕུལ། ཡང་་་ སོག་པོ་ ཨལ་ཐན་གྱི་ ཤར་་་ དར་རྩེ་ མདོ་ནས་ ནུབ་ལ་དྭགས་བར་ བོད་ས་ཡོངས་རྫོགས་་་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ནས་ ༧གོང་ས་ལྔ་པ་ཆེན་པོ་ལ་ཕུལ། ད་ ཞི་ཅིན་ ཕིན་གྱི་དུས་ལ་བབ། བོད་ས་ ཧི་མ་ལ་ཡ་ཡོངས་རྫོགས་གཅིག་ཏུ་སྒྲིལ་ནས་ ༧གོས་ས་སྐུ་འཕྲེང་ ༡༤ པ་ ཆེན་མོ་མཆོག་ལ་ཕུལ་ཡ་ དུས་ལ་བབ། རྟེན་འབྲེལ་བཟང་ངོ། བོད་རིགས་སྤུན་ཟླ་ཚོ་སློབ་སྦྱོང་མཐར་ཕྱིན་པ་དང་ཐུན་སྒྲིལ་ཡག་པོ་གནང་འགལ་ཆེ། བཀྲ་ཤིས་བདེ་ལེགས། བླུན་པོ་ཆུ་སྣ་གར་ཕྲི་མེད་པར་ ཟབ་ཟབ་གནང་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese