མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧུ་པེ་ཞིང་ཆེན་ནད་རིགས་སྟངས་འཛིན་དང་སྔོན་འགོག་ཁང་གི་གསང་བའི་ཡིག་ཆ་ཕྱིར་གྱར་བའི་ནང་དུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་པ་དང་འདས་པོའི་གྲངས་འབོར་རྫུན་མ་བཟོས་ཡོད་པ་མ་ཟད་ཏོག་དབྱིབས་ནད་རྟགས་ངོས་མ་ཟིན་པར་ནད་པ་མང་པོ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན།དེ་རིང་ཨ་རིའི་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གསར་ཁང་དེར་ཏོག་དབྱིབས་གཉན་རིམས་ཐོག་མར་མཆེད་སའི་རྒྱ་ནག་གི་ཧུ་པེ་ཞིང་ཆེན་གྱི་ནད་རིགས་སྟངས་འཛིན་དང་སྔོག་འགོག་ཁང་ (Hubie Provincial Centre for Disease Control and Prevention) གི་ནང་ཁུལ་གྱི་གསང་བའི་ཡིག་ཆ་ཞིག་ལག་སོན་བྱུང་ཡོད་པ་དང་། ཡིག་ཆ་དེ་དག་རྒྱ་ནག་གི་འཕྲོད་བསྟེན་ཚན་པའི་ནང་ལས་ཀ་བྱེད་མཁན་ཞིག་གིས་སྤྲད་ཅིང་། རྒྱ་ནག་གི་ནང་ཁུལ་གྱི་ཡིག་ཆ་ལ་རྒྱུས་མངའ་ཡོད་མཁན་དང་གཞན་ཆེད་མཁས་མི་སྣ ༦ གིས་ཞིབ་འཇུག་བྱས་པ་བརྒྱུད་ཡིག་ཆ་རྣམས་དངོས་བདེན་ཡིན་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ ནས་འདི་ལོའི་ཕྱི་ཟླ་ ༤ པའི་བར་གྱི་གནས་ཚུལ་ཕྱོགས་བསྡུས་བྱས་པའི་གསང་བའི་ཡིག་ཆ་དེར་ཁྱོན་ཤོག་གྲངས་ ༡༡༧ ལྷག་ཡོད་པ་དང་། དེའི་ནང་དུ་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༢ ཚེས་ ༡༠ དང་། ཕྱི་ཟླ་ ༣ ཚེས་ ༧ བཅས་ཉིན་གཉིས་ཀྱི་ཏོག་དབྱིབས་གཉན་རིམས་ཀྱི་གྲངས་ཐོ་གསལ་བ་ཡོད་པ་དང་། དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ནང་ཏོག་དབྱིབས་གཉས་རིམས་འགོས་པའི་ནད་པ་གསར་པ་ ༢༤༧༨ ཐོན་ཡོད་སྐོར་བསྒྲགས་ཡོད་ཀྱང་། ནང་ཁུལ་གྱི་གསང་བའི་ཡིག་ཆ་དེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༥༩༡༨ ཐོན་ཡོད་སྐོར་བཀོད་ཡོད་འདུག དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་གྲངས་ཐོ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༧ ཉིན་ཏོག་དབྱིབས་ནད་པ་གསར་པ་ ༨༣ ལས་ཐོན་མེད་ནའང་། ནང་ཁུལ་གྱི་ཡིག་ཆ་དེའི་ནང་ཁྱོན་ནད་པ་གསར་པ་ ༡༡༥ བྱུང་ཡོད་འདུག

གཞན་ཡང་གསང་བའི་ཡིག་ཆ་དེའི་ནང་ཕྱི་ཟླ་ ༣ ཚེས་ ༧ ཉིན་བར་གཉན་རིམས་ཀྱི་རྐྱེན་པས་རྒྱ་ནག་ནང་ཁྱོན་མི་གྲངས་ ༣༤༥༦ ལྷག་རྐྱེན་འདས་སོང་ཡོད་ཚུལ་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཉིན་དེའི་བར་ཁྱོན་མི་གྲངས་ ༢༩༨༦ ལས་རྐྱེན་འདས་སོང་མེད་སྐོར་བསྒྲགས་ཡོད་འདུག གསང་བའི་ཡིག་ཆ་དེར་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་མི་སྣས་རྒྱ་ནག་གཞུང་གིས་དངོས་ཡོད་དང་མི་འཚམ་པའི་གྲངས་ཐོ་ཁྱབ་བསྒྲགས་བྱས་དོན་ནི། གཉན་རིམས་ཀྱི་ཚབས་ཆེའི་རང་བཞིན་ཆུང་དུ་གཏོང་ཆེད་དང་། ཕྱོགས་གཞན་ནས་རྒྱ་ནག་གིས་གཉན་རིམས་ཀྱི་གྲངས་ཐོ་སྒྲིག་སྟངས་དེ་ཚད་ལྡན་ཞིག་མིན་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་འདུགདེ་བཞིན་གསང་བའི་ཡིག་ཆ་དེའི་ནང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་གཉན་རིམས་བརྟག་དཔྱད་ཚན་པར་ཞིབ་འཇུག་བྱས་པའི་ཁྲོད། སྐབས་དེར་རྒྱ་ནག་གིས་ཕྱི་ལོ་ ༢༠༠༤ ལོར་འགོས་ཁྱབ་བྱུང་བའི་སཱར་གཉན་རིམས་ཀྱི་བརྟག་དཔྱད་འཕྲུལ་ཆས་དེ་ཉིད་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་ཆེད་བཀོལ་སྤྱོད་བྱས་ཡོད་ཀྱང་། སྐབས་མང་པོར་འཕྲུལ་ཆས་དེས་ནད་པར་གཉན་རིམས་ཡོད་ནའང་མེད་པའི་གྲུབ་འབྲས་བཏོན་ཡོད་པ་སོགས་གཉན་རིམས་ཀྱི་ཐོག་མའི་ཟླ་བའི་སྐབས་ནས་ནད་པར་བརྟག་དཔྱད་དང་། ནད་ངོས་བཟུང་ནས་སྨན་བཅོས་བྱེད་རྒྱུ་བཅས་ལ་འགོར་འགྱངས་ཕྱིན་ཡོད་སྐོར་དང་། སྤྱི་ཡོངས་ནས་ཧུ་པེ་ཞིང་ཆེན་གྱི་ནད་རིགས་སྟངས་འཛིན་དང་སྔོག་འགོག་ཁང་དེར་འཕྲོད་བསྟེན་མི་སྣ་དང་འཕྲོད་བསྟེན་ཡོ་ཆས་སོགས་ཀྱི་ཐོག་ནས་འདང་ངེས་ཤིག་མེད་པ་མ་ཟད། གཉན་རིམས་མཆེད་སྐབས་མང་ཚོགས་ལ་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་དང་། འཛིན་སྐྱོང་ལ་སྔོན་འགོག་ཀྱི་ཐབས་བྱུས་མཁོ་འདོན་སོགས་ཀྱི་བྱ་གཞག་གནད་འགག་རྣམས་བསྒྲུབས་ཐུབ་མེད་སྐོར་བཀོད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཧུ་པེ་ཞིང་ཆེན་གྱི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་པ་ཐོག་མ་དེ་ཐོན་ཡོད་པ་དང་། ཕྱི་ཟླ་དང་པོའི་ཟླ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་ནད་ཡམས་འགོག་ཐབས་ཆེད་རྒྱལ་ཡོངས་སྒོ་རྒྱ་བསྡམས་པ་མ་ཟད། ཐོག་མའི་དུས་སྐབས་སུ་ས་གནས་ཀྱི་མགོ་འཁྲིད་ཚོས་སྨན་ལི་ཝིན་ཉིང་ (Li Wenliang) གིས་མཚོན་པའི་འཕྲོད་བསྟེན་མི་སྣར་འཇིགས་སྐུལ་སྟངས་འཛིན་བྱས་ཡོད་པ་ལྟར། གསང་བའི་ཡིག་ཆ་དེའི་ནང་ཕྱི་ཟླ་ ༢ ཚེས ༡༠ བར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྨན་བཅོས་འཕྲོད་ལས་པ་ ༦ རྐྱེན་འདས་སུ་སོང་བའི་གནས་ཚུལ་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐབས་དེར་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མེད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ པ་ཙམ་ནས་ཏོག་དབྱིབས་གཉན་རིམས་འདི་རྒྱ་ནག་ནས་ཡུ་རོབ་དང་། དེ་ནས་ཨ་རི་བཅས་ལ་ཤུགས་ཆེར་འགོས་ཁྱབ་ཕྱིན་ཏེ། ད་བར་འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་ ༦༣ ལྷག་ནད་མནར་དང་། མི་གྲངས་ས་ཡ་ ༡།༤༧ ལྷག་རྐྱེན་འདས་ཕྱིན་ཡོད་ཅིང་། གཉན་རིམས་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པའི་སྐབས་དེར་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོས། རྒྱ་ནག་གཞུང་གིས་གཉན་རིམས་ཀྱི་གནས་ཚུལ་སྦས་གསང་བྱས་པ་དང་། ཐོག་མའི་དུས་སྐབས་ནས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ལ་དུས་ལྟར་ཉེན་བརྡ་བཏང་མེད་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་ལ། བར་སྐབས་ཤིག་ནས་ཨ་རི་ཙམ་དུ་མ་ཟད། དུས་རྒྱུན་ཚོང་འབྲེལ་གྱི་རྐྱེན་པས་རྒྱ་ནག་ལ་བསྟུན་མཁས་བྱེད་མཁན་གྱི་ཡུ་རོབ་མཐུན་ཚོགས་དང་ཨོ་གླིང་གིས་ཀྱང་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱས་པར་བརྟེན། ད་ལྟ་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་དེ་ཆེས་ཛ་དྲག་ཏུ་གྱུར་ཏེ་ཚོང་དམག་གི་གནས་སྟངས་ནང་ལྷུང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese