མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་སྐུ་ནན་སེ་པི་ལོ་སི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པི་ལོ་སི་མཆོག་ལ་དམངས་གཙོའི་གཟིངས་རྟགས་ཐོབ་པར་༧གོང་ས་མཆོག་ནས་འཚམས་འདྲི་མཛད་པ་དང་སྦྲགས་ལྕམ་སྐུ་མཆོག་སྐུ་ཚེ་རིང་ཞིང་འཕྲོད་བཞེས་ལེགས་པོ་ཡོང་བའི་ཐུགས་སྨོན་མཛད་འདུགདེ་རིང་ཕྱི་ཚེས་ ༩ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་ (Nancy Pelosi) མཆོག་ལ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ལྟེ་གནས་ཁང་གི་དམངས་གཙོའི་གཟེངས་རྟགས་ (Democracy Award) ཐོབ་པར་བརྙན་ཐུང་ཞིག་བརྒྱུད་འཚམས་འདྲི་མཛད་འདུག

འཚམས་འདྲིའི་བརྙན་ཐུང་དེའི་ནང་༧གོང་ས་རྒྱ་བ་རིན་པོ་ཆེ་མཆོག་ནས། ངོས་ཀྱི་བཀུར་ཞིང་བློས་ཐུབ་ཀྱི་ལྕམ་ནན་སེ་པེ་ལོ་སི་ལགས། ངོས་ཀྱིས་ཁྱེད་ཉིད་ཀྱི་བློ་སེམས་བརྟན་པོ་དང་། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་བློ་སྤོབས་ཆེ་པར་ཧ་ཅང་བསྔགས་བརྗོད་བྱེད་ཀྱི་ཡོད། ཁྱེད་ཉིད་བོད་ནང་དུ་ཕེབས་ཤིང་རྒྱ་གར་གྱི་དྷ་སར་ཀྱང་ཕེབས་ཡོད་སྟབས། ངོས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་ཉིད་ལ་ཤ་ཚ་དང་གྲོགས་པའི་སེམས་ཚོར་ཡོད་པ་ཙམ་དུ་མ་ཟད། བདེ་པའི་ཕྱོགས་སུ་བློ་སེམས་བརྟན་པོའི་ངང་ལངས་རྒྱུའི་བློ་སྤོབས་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་བས་དེ་རིང་ངོས་ཀྱིས་ལྕམ་ནན་སེ་པེ་ལོ་སི་མཆོག་ལ་རྒྱལ་ཡོངས་དམངས་གཙོ་ལྟེ་གནས་ཁང་གི་དམངས་གཙོའི་གཟེངས་རྟགས་ཐོབ་པར་སྙིང་ནས་འཚམས་འདྲི་ཞུ་འདོད་བྱུང་། ཁྱེད་ཀྱིས་ང་ཚོའི་རིག་གཞུང་གི་ཆེད་དུ་རོགས་རམ་གནང་གི་ཡོད་པ་རེད། སྙིང་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། ང་ཚོ་བོད་མི་ཚོར་མཚོན་ན་ཁྱེད་ཀྱི་སྐུ་ཚེ་ནི་ཧ་ཅང་རྩ་ཆེན་དང་གལ་ཆེན་ཞིག་ཡིན་པ་རེད། དེ་བས་ངོས་ཀྱིས་ཁྱེད་ཉིད་སྐུ་ཚེ་རིང་བ་དང་། སྐུའི་འཕྲོད་བཞེས་ཡག་པོ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། ཐུགས་རྗེ་ཆེ། ཞེས་གསུངས་འདུགཁ་སང་ཕྱི་ཚེས་ ༨ ཉིན་གྱི་ཨ་རིའི་ཕྱི་དྲོའི་ཆུ་ཚོད་ ༥ ཐོག ཨ་རིའི་རྒྱལ་ཡོངས་དམངས་གཙོ་ལྟེ་གནས་ཁང་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་ (Nancy Pelosi) མཆོག་ལ་དམངས་གཙོའི་གཟེངས་རྟགས་དེ་ཕུལ་ཡོད་པ་དང་། ལྟེ་གནས་ཁང་དེའི་བསྒྲགས་ཡིག་ནང་། བོད་མི་མང་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་དམངས་གཙོ་དོན་གཉེར་བ་ཚོར་མི་ཚེ་གཅིག་གི་རིང་སྲུང་སྐྱོབ་བྱས་དང་བྱེད་བཞིན་ཡོད་སྐོར་དང་། ལྕམ་མཆོག་བུད་མེད་ཀྱི་ཆབ་སྲིད་མགོ་ཁྲིད་པ་ཞིག་དང་ཁོང་མོས་གོ་ལ་ཡོངས་སུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུ་སྐྱོབ་བྱས་པ་སོགས་ལ་བརྟེན་ནས་དམངས་གཙོའི་གཟེངས་རྟགས་དེ་ཕུལ་བ་ཡིན་སྐོར་བཀོད་འདུག

ལྕམ་ནན་སེ་པེ་ལོ་སི་ (Nancy Pelosi) མཆོག་ཕྱི་ལོ་ ༢༠༡༦ ལོར་བོད་དུ་ཕེབས་ཤིང་ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་མི་ ༧ དང་མཉམ་དུ་བཞུགས་སྒར་དྷ་སར་ཕེབས་ཏེ། ༧གོང་ས་མཆོག་ལ་མཇལ་བཅས་ཞུས་ཡོད་པ་དང་། དྷ་ས་གཙུག་ལག་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་སྐུ་ཚབ་རྣམ་པར་ཆེ་བསྟོད་མཛད་སྒོ་ཞིག་ཚོགས་པའི་སྟེང་། ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་མཆིག་གིས། རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་སྤྱད་དེ་བོད་ཀྱི་གྲོགས་པོ་ཚོས་བོད་ལ་རྒྱབ་སྐྱོར་བྱེད་བཞིན་པ་རྩ་མེད་བཟོ་ཐབས་བྱེད་ཀྱིན་ཡོད་ནའང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་མགོ་བོ་སྒུར་ནས་བོད་དང་རྒྱ་ནག་ནང་བྱུང་དང་འབྱུང་བཞིན་པའི་བཙན་གནོན་སྐོར་ལ་སྐད་ཆ་མ་བཤད་པར་ནམ་ཡང་སྡོད་ཀྱི་མིན་སྐོར་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་པ་སོགས་ཁོང་མོ་ནི་ཨ་རིའི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་གལ་ཆེན་ཞིག་ཡིན་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese