མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཐའེ་ཝན་ལ་གང་བྱུང་འབྲེལ་འདྲིས་བྱས་ཚེ་ཨ་རྒྱ་གཉིས་འཐབ་འཁྲུག་བརྒྱབ་དགོས་ཀྱི་རེད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་ཐའེ་ཝན་ལ་བཟུང་བའི་འབྲེལ་ལམ་སྐོར་གྱི་ཁྲིམས་མེད་པ་བཟོས་པར་རྒྱ་ནག་གཞུང་གིས་ངོས་ལེན་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་ལན་འདེབས་བྱས་འདུགཁ་སང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་སྟེང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་གཞུང་འབྲེལ་ཐོག་ཐའེ་ཝན་ལ་བཟུང་བའི་འབྲེལ་ལམ་སྐོར་གྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། མ་འོངས་པར་ཨ་རི་དང་ཐའེ་ཝན་བར་འབྲེལ་ལམ་བྱེད་པར་རྒྱ་ནག་གཞུང་ལ་བསྟེན་བསྟུན་དགོས་པའི་བཀག་རྒྱ་བཀྲོལ་བར་བརྟེན། ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས་སྲིད་དབང་མཇུག་བསྡུ་ལ་ཉེ་བའི་སྐབས་སྐབས་འདིར།  རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་གཏོར་བརླག་དང་ཐའེ་ཝན་ཁུལ་གྱི་ལྷིང་འཇགས་ལ་ཉེན་ཁ་བསྐྲུན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

དེ་འབྲེལ་ཐད་གོ་ལའི་དུས་བབ་ཟེར་བས།  དེ་རིང་ཁ་སང་གི་རྒྱལ་སྤྱིའི་གནས་བབ་གཞིར་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་གྱིས། འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཐའེ་ཝན་ལ་གཞུང་འབྲེལ་འབྲེལ་ལམ་འཛུགས་ཀྱི་མེད་པས། རྒྱལ་སྤྱིའི་ཁས་ལེན་གཞིར་བཟུང་ཨ་རིས་ཀྱང་ཐའེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་མི་བྱེད་པའི་ཁས་ལེན་རྒྱུན་སྐྱོང་བྱེད་དགོས་ཀྱི་ཡོད། གལ་སྲིད་ཨ་རིས་ཐའེ་ཝན་ལ་གང་བྱུང་འབྲེལ་འདྲིས་བྱས་ཚེ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བརླག་པ་ཙམ་དུ་མ་ཟད་འཐབ་འཁྲུག་ཀྱང་བརྒྱབ་དགོས་བྱུང་གི་རེད་ལ། རྒྱལ་སྤྱིའི་སྟེང་ཐའེ་ཝན་ཁུལ་དུ་ཞི་བདེ་ལྷིང་འཇགས་དགོས་པའི་གནས་བབ་ཀྱང་འགྱུར་ངེས་རེད། ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅིན་ཟེར་བས། རྒྱ་ནག་གིས་ཨ་རིའི་བྱ་སྤྱོད་ལ་ངོས་ལེན་མེད་པ་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཨ་རིའི་ཐའེ་ཝན་ལ་བཟུང་བའི་འབྲེལ་ལམ་སྐོར་གྱི་ཁྲིམས་དེས། རྒྱ་ནག་གཅིག་གི་སྲིད་ཇུས་དང་ཕྱི་ལོ་ ༡༩༧༢ ལོར་ཨ་རྒྱ་གཉིས་བར་བཞག་པའི་གྲོས་མཐུན་སོགས་ལ་རྡོག་རོལ་གཏོང་གི་ཡོད། ཅེས་ཨ་རིར་སྐྱོན་བརྗོད་བྱས་འདུག་པ་དང་། རྒྱ་ནག་གིས་ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པས། ཐའེ་ཝན་རྒྱ་ནག་གི་ཁོངས་གཏོགས་སུ་བསྡུ་ཐབས་སུ་དམག་ཤུགས་བཀོལ་དགོས་བྱུང་ཡང་བཀོལ་གྱི་ཡིན་ཞེས་ནམ་རྒྱུན་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་གིས། འདས་པའི་ལོ་བཅུ་ཕྲག་འགའི་རིང་ཨ་རིས་རྒྱ་ནག་གཞུང་ལ་བསྟུན་ཐབས་སུ། ཨ་རིའི་དང་ཐའེ་ཝན་བར་གཞུང་འབྲེལ་གྱི་འབྲེལ་ལམ་འཛུགས་མི་ཆོག་པའི་བཀག་རྒྱ་རྩིས་མེད་དུ་བཏང་སྟེ། ཐའེ་ཝན་ནི་མང་གཙོ་དང་ཨ་རིའི་ཡི་ཆེས་བློ་འགེལ་ཆོག་པའི་མཉམ་ལས་ཚོང་གྲོགས་ཤིག་ཡིན་པས། རྒྱ་ནག་ལ་བསྟུན་ཐབས་ཀྱི་བཀག་རྒྱ་དེ་དག་དགོས་དོན་མེད། ཅེས་ཡོངས་བསྒྲགས་བྱས་པ་དང་། དེ་མ་ཐག་ཐའེ་ཝན་ཕྱི་སྲིད་བློན་ཆེན་ཇོ་སི་ཧྥི་ཝའོ་(Joseph Wu) ལགས་ཀྱིས། ཨ་རིའི་ཐག་གཅོད་དེར་དགའ་བསུ་དང་སྦྲགས། རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

རོའུ་ཊར་གསར་ཁང་གི་གནས་ཚུལ་ནང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཐའེ་ཝན་གྱི་ཚབ་མཚོན་དོན་གཅོད་པ་བྷི་ཁེམ་ (Hsiao Bi-khim) ལགས་ཀྱིས། དེ་རིང་ཨ་རིས་འདས་པའི་ལོ་བཅུ་ཕྲག་འགའི་དབྱེ་འབྱེད་མཚམས་འཇོག་བྱས་པར་བརྟེན། དེ་རིང་ནི་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ལ་གལ་ཆེ་བའི་ཉིན་མོ་ཞིག་ཡིན། ཞེས་བརྗོད་ཡོད་པ་དང་། སྤྱིར་བཏང་ཨ་རི་དང་ཐའེ་ཝན་གྱི་སྐུ་ཚབ་མི་སྣ་བར་སྤྱི་བཏང་གི་མགྲོན་ཁང་དང་སྤྲོ་སྐྱིད་ཁང་སོགས་ནས་ཐུག་འཕྲད་བྱེད་སྲོལ་ཡོད་པ་ལས། གཞུང་འབྲེལ་གྱི་ཚབ་མཚོན་ཐུབ་པའི་ལས་ཁུངས་ཁག་ཏུ་ཐུག་འཕྲད་བྱས་མྱོང་མེད་པ་རེད།

ཡང་ད་ལྟ་ཨ་རིའི་སྲིད་འཛིན་གསར་རྙིང་བར་སྲིད་དབང་རྩིས་སྤྲོད་བྱེད་པར་ཉིན་གྲངས་ ༩ ལས་མེད་པའི་སྐབས་འདིར། ཊོམ་ཕུ་གཞུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ལངས་ཕྱོགས་ཆེན་པོ་ཞིག་བཟོས་པར་བྷའེ་ཌན་གཞུང་ལ་དཀའ་ངལ་བཟོས་ཡོད་པ་དང་། དཔྱད་ཞིབ་པས་བྷའེ་ཌན་གཞུང་ཊོམ་ཕུའི་ཐག་གཅོད་དེར་དགའ་པོ་བྱེད་ཀྱི་མེད་པ་མ་ཟད། ཨ་རིའི་རྒྱལ་སྲིད་དྲུང་ཆེ་གསར་པ་ཨན་ཊོ་ནེ་ (Antony Blinken) ལགས་ཀྱིས། ཐེངས་འདིའི་ཐག་གཅོད་རྩིས་མེད་བཏང་སྟེ་ཨ་རི་དང་ཐའེ་བར་གྱི་འབྲེལ་ལམ་སྔར་རྒྱུན་བཞིན་སྐྱོང་སྲིད་སྐོར་བརྗོད་འདུགད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གཅིག་གི་སྲིད་ཇུས་ཀྱི་གནོན་ཤུགས་འོག་ཐའེ་ཝན་ལ་འབྲེལ་འདྲིས་བྱེད་མཁན་ཉུང་ཤས་ལས་མེད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས་ཨ་རི་དང་པོ་དང་རྒྱ་ནག་གི་གཡོ་འོག་ཏུ་ཚུད་མི་ཉན་པ་སོགས་ཀྱི་ལངས་ཕྱོགས་བཟུང་སྟེ། ཕྱི་ལོ ༢༠༡༨ ནས་ད་བར་ཨ་རྒྱ་གཉིས་བར་ཚོང་འབྲེལ་འཐབ་འཁྲུག་གཙོས་པའི་ཕྱི་སྲིད་ཀྱི་ཐོག་ནས་ཁ་གཏད་གཅོག་རེས་གང་མང་བྱས་ཡོད་པ་དང་། དམིགས་བསལ་ཕྱི་སྲིད་ལས་དོན་གྱི་ཁྲོད་ནས་ཨ་རིས་བོད་དང་ཐའེ་ཝན། ཧོང་ཀོང་། དེ་བཞིན། ཡུ་གུར་སོགས་ཀྱི་གནས་སྟངས་གླེང་སློང་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་ཊོམ་ཕུ་གཞུང་གིས་ཐའེ་ཝན་སྐོར་སྐྱོད་ (Taiwan Travel Act) ཀྱི་ཁྲིམས་ཡིག་གཏན་འབེབས་བཟོས་ཏེ། ཨ་ཐའེ་གཉིས་ཀྱི་འབྲེལ་ལམ་གཞུང་འབྲེལ་མིན་པ་ནས་ཕྱེད་གཞུང་འབྲེལ་ལྟ་བུར་བསྒྱུར་ཞིང་། ཕྱོགས་གཉིས་ཀྱི་གནད་ཡོད་མི་སྣ་རྒྱལ་ཁབ་ཕན་ཚུན་བར་གཞུང་འབྲེལ་སྐོར་བསྐྱོད་བྱེད་ཆོག་པ་མཚོན་པའི་ཨ་ཐའེ་གཉིས་ཀྱི་འབྲེལ་ལམ་ལ་ལོ་རྒྱུས་གསར་པ་ཞིག་བསྐྲུན་ཡོད་པ་དང་།  འདས་ལོའི་ཕྱི་ཟླ་ ༨ ནང་ཨ་རིའི་མི་ཆ་དང་འཕྲོད་བསྟེན་དྲུང་ཆེ་ཨེ་ལེག་སི་ཨ་ཛར་ (Alex Azar) ལགས་ཐའེ་ཝན་ནང་གཞུང་འབྲེལ་སྐོར་བསྐྱོད་བྱས་ཏེ། ཉེ་བའི་ལོ་ལྔ་བཅུ་ལྷག་རིང་ཨ་རིའི་ཚད་མཐོའི་མགོ་འཁྲིད་ཅིག་ཐའེ་ཝན་ནང་ཕེབས་པ་ཐོག་མ་ཆགས་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese