མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ལྟ་མགུར་ཨ་མ་ངོས་འཛིན་གྱི་བཀའ་ཆོས་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ལོ་སར་ལ་འཚམས་འདྲི་གནང་བ་དང་སྦྲགས་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱ་རྒྱུ་ནི་ང་ཚོ་བཙན་བྱོལ་བ་ཚོའི་ལས་འགན་རེད་ཅེས་གསུངས།

དེ་རིང་ཕྱི་ཚེས་ ༨ ཉིན་བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་སྩལ་གནང་མཛད་སོང་བ་དང་།  སྐབས་དེར་མགོན་པོ་མཆོག་ནས་ལྟ་མགུར་ཟེར་བའི་ལྟ་བ་ནི་ངོས་ནས་ནམ་རྒྱུན་བཤད་བསྡད་པའི་ལྟ་བ་བརྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་དང་། ལྟ་བ་རྟེན་འབྱུང་ནི་ཚན་རིག་དང་མཐུན་གྱི་ཡོད་པ་དང་སྤྱོད་པ་འཚེ་བ་མེད་ནི་འཛམ་གླིང་གི་ཞི་བདེ་དང་འབྲེལ་བ་ཆགས་ཀྱི་ཡོད། ལྟ་མགུར་ཟེར་བའི་ལྟ་བ་ནི་ཟབ་མོ་དབུ་མའི་ལྟ་བ་བཤད་ཀྱི་ཡོད་པ་རེད། བཅོམ་ལྡན་འདས་སངས་རྒྱས་མ་ཐག ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་ཚིགས་བཅད་གཅིག་གིས་འབྱུང་འགྱུར་འཁོར་ལོ་གསུམ་ཟེར་བ་ཆ་ཚང་འདུག  ཟབ་ཞི་ཟེར་བ་འདི་འཁོར་ལོ་དང་པོ་དང་དེའི་བཤད་གཞི་གཙོ་བོ་ནི་བདེན་བཞིའི་སྐོར་ལ་གསུངས་ཀྱི་ཡོད་རེད། བདེན་བཞི་སྡུག་བསྔལ། ཀུན་འབྱུང་། འགོག་བདེན་དང་ལམ་བདེན་གྱི་སྤང་བླང་ནི་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་སྔོན་དུ་བྱ། ལམ་སྒོམ་པར་བྱ་ཟེར་གྱི་ཡོད་རེད། དེ་ཡང་བདེན་བཞི་གསུངས་པ་ནི་སྡུག་བསྔལ་ངོ་འཕྲོད་པ་བྱ་རྒྱུ་དང་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་ཡོང་བར་སྡུག་བསྔལ་ཤེས་པར་བྱ་དགོས། སྡུག་བསྔལ་ཤེས་པར་བརྟེན་སྲོག་ཆགས་འབུ་སྲིན་ཡིན་རུང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས། སྡུག་བསྔལ་གྱི་རྒྱུ་རྩད་གཅོད་བྱས་ནས་སྡུག་བསྔལ་མི་འདོད་པ་ཡིན་དུས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤངས་དགོས་ཀྱི་རེད། ཅེས་གསུངས།

ཡང་གསུང་ཆོས་དང་འབྲེལ་༧གོང་ས་མཆོག་ནས་ལོ་སར་བར་འཚམས་འདྲི་ཞུས་གྲུབ་མཚམས། ངོས་ནས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ང་ཚོ་བོད་ནང་གི་གཞུས་ལུས་རྒྱ་ཆེ་མི་མང་དང་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་འཕགས་པ་སྤྱན་རས་གཟིགས་ལ་ཧ་ལས་པའི་དད་པ་དང་རྩེ་གཅིག་ཏུ་མོས་པ་ཤུགས་ཆེན་པོ་འདུག དེའི་ཐོག་ནས་སེམས་ལ་ཞི་བདེ་དང་བག་འཕེལ་པོ། རང་བཞིན་གྱིས་མི་སེམས་པ་བཟང་པོ་ཞིག་ཡོང་གི་ཡོད། དེར་བརྟེན། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་ལ་ལོ་གསར་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཏུ། སྔོན་མ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་ཟུར་དུ་བཟོས། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བཀའ་འགྱུར་བསྟན་འགྱུར་བསྒྱུར་བ་སོགས། སྔོན་གྱི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱིས་དངོས་གནས་དྲང་གནས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་འདུག ད་ལྟ་ང་ཚོ་དེའི་རྗེས་འབྲང་ཆགས་བསྡད་ཡོད་པ་རེད། བོད་པའི་ནང་ཆོས་དེ་ནང་པའི་སངས་རྒྱས་པའི་ཆོས་བརྒྱུད་ཁྲོད་རིག་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་ནས་བཤད་རྒྱུ་ཡོད་བསྡད་པ་ཞིག་དང་དཔལ་ན་ལནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན། དེར་བརྟེན། ང་ཚོ་བོད་རིགས་སྤྱི་དང་ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མི་མང་ཚང་མས་སེམས་ལ་སྤོབས་པ་སྐྱེས་ཏེ། ན་ལནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ལ་སོ་སོས་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་བྱ་རྒྱུའི་གོ་སྐབས་བྱུང་བ་རེད་ལ། བོད་པའི་རིག་གཞུང་ཆོས་འདིས་བཟུང་བསྡད་ཡོད།

ན་ལནྜའི་ཆོས་བརྒྱུད་སློབ་སྦྱོང་བྱ་བར་བོད་སྐད་དགོས་ཀྱི་ཡོད་པར་བརྟེན། བོད་པའི་སྐད་དང་རིག་གཞུང་ལ་རང་བཞིན་གྱི་མཐོང་ཡོང་གི་ཡོད། སྔོན་མ་ཡིན་ན་བོད་པ་དང་སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་ལུང་ཙམ་རེད། དེ་རིང་ཁ་སང་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་གསར་པ་ཡོང་གི་ཡོད། དེར་བརྟེན། ང་ཚོ་བོད་མི་རིགས་ཀྱི་དུས་རབས་བདུན་པ་བརྒྱད་པ་ནས་བཟུང་བའི་བོད་པའི་རིག་གཞུང་ཐུན་མོང་མ་ཡིན་པ་བཟོས་བཞག་པར་ང་ཚོས་བདག་པོ་བརྒྱབ་རྒྱུ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་ཆགས་ནས་ལས་འགན་དང་པོ་ང་རང་ཚོ་བོད་པའི་སྐད་ཡིག  ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་བྱ་རྒྱུ་གཙོ་བོར་རྩིས་ནས། ང་ཚོའི་སློབ་གྲྭའི་ནང་བོད་སྐད་དང་བོད་ཡིག་བསླབ་དགོས་ཀྱི་ཡོད་པ་ངོས་ནས་ནེ་རུ་ (Nehru) ལ་སྙན་སེང་ཞུས་པ་དང་། ནེ་རུ་ཡིས་དེ་ག་རང་འགྲིག་གི་ཡོད་པའི་བཀའ་གནང་བར་བརྟེན་ནས་ང་ཚོར་སློབ་གྲྭ་ཟུར་དུ་བཙུགས་པ་དང་སློབ་གྲྭའི་ནང་བོད་ཡིག་བསླབ་རྒྱུ་བྱུང་བ་རེད། བར་སྐབས་ནས་ང་ཚོའི་སློབ་གྲྭའི་ནང་བློ་རིག་དང་རྟགས་རིགས་འཁྲིད་པ་དེ་ངོས་ནས་གསར་གཏོད་བྱས་པ་ཞིག་ཡིན། དེར་བརྟེན་རྒྱ་གར་ལྷོ་ཕྱོགས་ལ་སེར་འབྲས་དགའ་གསུམ་གཙོ་བོར་གྱུར་བའི་བཤད་གྲྭ་ཁག་ལ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱས་ནས་དགེ་བཤེས་མཁས་པ་སྟོང་ཕྲག་ཐོན་ཡོང་གི་ཡོད་པ་དང་མུ་མཐུད་ནས་དཔེ་ཆ་ལྟ་ཡི་ཡོད་པ་རེད། དེ་ལྟར་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་བཅུད་མི་ཉམས་གོང་འཕེལ་བྱ་རྒྱུ་ནི་ང་ཚོ་བཙན་བྱོལ་བ་ཚོའི་ལས་འགན་རེད། ཅེས་གསུངས།

ནང་པ་ཡིན་མིན་ལ་མ་ལྟོས་པར་འཆི་ལ་ཉེ་བའི་མི་དང་ནད་པ་ཚོར་ཕན་ཐོགས་ཡོང་བར་གང་བཤད་དགོས་པ་དང་ག་རེ་བྱ་དགོས་སྐོར་དྲིས་པར་༧གོང་ས་མཆོག་གིས། ནང་པ་ཡིན་མིན་ལ་མ་ལྟོས་པ། ཆོས་པ་ཡིན་མིན་དབྱེ་བ་མེད་པར་བྱས་ནས་ལུས་ལ་ནད་གཞི་ཕོག་སྟེ་འཆི་ལ་ཉེ་བ་ཡིན་ནའང་། སེམས་ལྷོད་ལྷོད་དང་སེམས་ཞི་བདེ་ཡོད་དགོས་པ་ཞིག་རེད་འདུག  དམིགས་བསལ་འཆི་ལ་ཉེ་བའི་མི་ཚོའི་ངོ་ཤེས་པ་དང་སྨན་པ། ནད་གཡོག་རྣམས་ཀྱི་སེམས་ལྷོད་ལྷོད་བྱ་དགོས་ཀྱི་འདུག  ཆོས་ཁས་བླངས་ན་སོ་སོའི་ཆོས་ལུགས་གང་ཡིན་པའི་སྐྱབས་དྲན་པ་བྱ་རྒྱུ་དང་། ཆོས་ཁས་མི་བླངས་མཁན་ཞིག་ཡིན་ནའང་སེམས་ལྷོད་ལྷོད་བྱས་ནས་སྡོད་རྒྱུའི་སློབ་གསོ་བྱ་རྒྱུ་ནི་གལ་ཆེན་པོ་རེད་འདུག  དོན་དངོས་ཐོག་སྐྱེ་བའི་མཐའ་མ་འཆི་བ་རེད། འཆི་བ་ནི་ཡོང་གི་ཡོད་པས་སེམས་ལྷོད་ལྷོད་བྱས་ནས་བསྡད་དགོས་པ་དང་། སྐྱེ་བ་སྔ་ཕྱི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ཚེ་འཆི་ཡི་མ་རེད། ཚེ་རབས་ནས་ཚེ་རབས་བསམ་བློ་གཏང་རྒྱུ་ཡོད་པ་རེད། དེས་ན་འཆི་ལ་ཉེ་བའི་སེམས་འདི་འཁྲུག་པ་ཡིན་ན་སེམས་སྐྱིད་པོ་ཡོང་གི་མེད། སྐྱེ་བ་སྔ་ཕྱི་བཤད་པ་ཡིན་ན་འཆི་ལ་ཉེ་བའི་སེམས་འདི་ལྷོད་ལྷོད་མ་འབྱུང་བར་འཁྲུག་བསྡད་ན་འདིས་སྐྱེ་བ་རྗེས་མ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། མདོར་ན་འཆི་ལ་ཉེ་བའི་མི་དེ་ལ་བྱམས་བརྩེ་བྱ་རྒྱུ་ནི་གལ་ཆེན་པོ་རེད་འདུག ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese