མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་གྲོགས་གསུམ་པོ། བཀའ་དྲིན་ཆེ།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དབང་ལྡན་སྐྱབས།

ཡོད་ན་བརྒྱ་སྟོན་སྟོང་སྟོན། མེད་ན་ཇ་སྟོན་ཆུ་སྟོན། གང་ན་སུ་མཆིས་པའི་བོད་མི་ཚོ་ཡོད་ན་ཡོད་པའི་ཚོད་དང་མེད་ན་མེད་པའི་ཚོད་ཀྱིས་ལོ་གསར་ལ་ལྷན་འཛོམས་དང་བྲེལ་ཟིང་། སྤྲོ་སྣང་གིས་འདེགས་ཀྱིན་པའི་སྐབས་འདིར། ངའི་གྲོགས་པོ་གསུམ་སྟེ། མགོ་དཀྲིས་དམར་པོ་ཅན་དང་མགོ་དཀྲིས་ནག་པོ་ཅན། ཐེ་ཝན་བཀྲ་ཤིས་ཚེ་རིང་རྣམ་པ་གསུམ་གྱིས་རྒྱ་གར་དང་ཨོ་གླིང་། ཐེ་ཝན་སོ་སོ་ནས་རང་ཉིད་ཀྱི་སྤྲོ་གསེང་ལ་ཅི་མི་སྙམ་པར་རིང་དུ་དོར་ཏེ་ཤ་ཁྲག་རུས་གསུམ་གྱི་དུང་ཞེན་ལས་འཁྲུངས་པའི་བོད་པ་ཚང་གི་བདེན་དོན་དང་རང་དབང་གི་སླད་དུ་འདི་ལྟར་ཕྱོགས་སོ་སོ་ནས་རང་འཁྲིས་ཀྱི་བོད་དོན་ལས་འགུལ་རེ་རེ་ཕྲག་སྟེང་དུ་བླངས་པར་གྲོགས་ཀྱི་གྲལ་མཐའ་བ་ངས་སྙིང་ནས་ཡི་རངས་དང་བཀའ་དྲིན་ཞུ།

མགོ་དཀྲིས་དམར་པོ། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ནི་བཙན་བྱོལ་བ་མི་ཐོག་དང་པོའི་གྲས་ཀྱི་ཕ་མ་གཉིས་ངལ་དུབ་ཀྱི་ལམ་བཟོ་ལ་རྒྱུག་གིན་པའི་མུར། ས་རྡོ་འདམ་ལས་ཀྱི་རྔུལ་ཆུའི་ཁྲོད་ནས་སྐྱབས་བཅོལ་བའི་མིང་བྱང་འཁུར་བའི་ཁོང་། ཆེས་ཐོག་མའི་ངུ་སྐད་དེ་དང་ལྷན་ལམ་ཟུར་གྱི་ཆུ་ཡུར་ཞིག་གི་ཁ་རུ་འཇིག་རྟེན་མི་ཡུལ་འདིར་སྐྱེས་པར་ཐོས། ཁོང་གིས། རང་ཉིད་ནར་སོན་བཞིན་པའི་ལོ་ཟླའི་མཁའ་དབུགས་དེ་ནི་ཕ་མས་རང་གི་ཕ་ཡུལ་ལ་བཟུང་བའི་འཁྲེང་ཞེན་དང་རེ་སྒུག མི་རབས་རྒན་པ་ཚོ་བོད་ལ་སང་ལོག་གནངས་ལོག་གི་རེ་ལྟོས། ད་དུང་བོད་ཕྲུག་ཚོ་ནི་རྒྱལ་ཁབ་སླར་གསོའི་ཐད། ལ་ལ་འགྲོ་བའི་ལག་རྟེན་དང་ཐུར་ལ་འགྲོ་བའི་རྐང་རྟེན་དུ་འགྱུར་དགོས་པའི་དགེ་རྒན་དག་གི་སློབ་གསོ་སོགས་ཡིན་ཞིང་། འཚར་ལོངས་ཀྱི་དབུགས་རྒྱུན་དེ་ནས། རང་གིས་གང་རྩོད་ཀྱིན་པའི་དེ་རིང་གི་ཕུགས་འདུན་འདི་ངང་གིས་རྙེད་པར་གླེང་།

ཟས་ངན་ངོན་དང་གོས་ཧྲལ་ཧྲུལ་རེ་ལ་གོམས་པར་གྱུར་བའི་མི་བུ་ཁོང་། དེ་ལྟར་ཁ་བ་གངས་ཅན་པའི་མིང་བྱང་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ་མི་ལོ་བཅུ་ཕྲག་འགའི་རིང་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་གང་སར། སང་ཉིན་གྱི་བོད་རྒྱལ་ཁབ་ཅིག་གི་ཕུགས་འདུན་སྒོམ་བཞིན་སེམས་ཚེགས་དང་ལུས་ངག་གི་ངལ་བ་ཀློད་མ་མྱོང་ལ། བོད་ཀྱི་གཏམ་དཔེར་གཉན་འཁོར་དུ་སྐྱེས་ན་ཉིན་རེར་ལྕགས་ལྷམ་རེ་ཐེད་འགྲོ་བའི་བཤད་རྒྱུན་ཞིག་ཡོད་པ་ཇི་བཞིན། བཙན་བྱོལ་དུ་ལྕགས་ལྷམ་གོན་དགོས་མཁན་ཞིག་ཡོད་ན་དེ་ནི་ཁོང་ཡིན་ངེས། ཐེངས་འདིར་ཡང་། ལོ་གསར་ཚེ་གཅིག་ཉིན་རྡ་ས་ནས་ཐོན་ཏེ་བོད་རང་བཙན་གོམ་བགྲོད་ཀྱི་དར་ཆ་འདེགས་ཀྱིན་ལྡི་ལི་བར་གྱི་ཟླ་གཅིག་རིང་གི་བོད་དོན་གོམ་བགྲོད་དུ་དཔའ་སྤོབས་ཀྱིས་ཁེངས་བཞིན་ཆས་སོང་། བཀའ་དྲིན་ཆེ། ང་ཚོ་རེ་རེ་བཞིན་ཚེ་སྲོག་གི་རྒྱུ་བ་མ་ཆད་བར་དུ་དང་ཡང་ན་ཁ་བ་གངས་ཅན་པའི་རང་དབང་གི་རྔ་སྒྲ་ས་སྟེང་དུ་མ་བསྒྲགས་བར་འཐབ་རྩོད་ཀྱི་དར་ཆ་སྒྲེང་བཞིན་ཆས་དགོས།

མགོ་དཀྲིས་ནག་པོ། གྲོགས་བསྟན་པ་དར་རྒྱས། ཁོང་ནི་གཞིས་ལུས་ཀྱི་བོད་མི་སྤྱི་མཚུངས་ལྟར། དར་དམར་གྱི་རི་ལུང་གཡོག་ཅིང་། བཙན་འཛུལ་བའི་ཕར་སྤྱང་རྒོད་པའི་ཕ་གཞིས་ཏེ། དགྲ་བོའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་བོད་མདོ་སྨད་ཕྱོགས་ཀྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་པ་ནི། ཁོང་འཇིན་རྟེན་དུ་འཐབ་རྩོད་པ་ཞིག་གི་ལས་དབང་ལ་བཏུམས་པའི་ལེའུ་ཞིག་གི་དབུ་ཁྱུད་ཐོག་མར་བྲིས་པ་རེད་ཅེས་བཤད་ན་ལས་ཆོག ལར་ཞེན་གྱི་ཟུང་ཁྲག་རུས་རྐང་ན་རྒྱུ་བའི་ཁོང་། གདོང་དམར་བོད་པ་ཚང་གི་ཕུགས་བསམ་ལ་སྙེག་པའི་ལོ་ཟླའི་ཁྲོད་ནས་ཐེངས་གཉིས་ཙམ་དགྲ་བོ་རྒྱ་དམར་གྱི་བཙོན་རའི་ལྕགས་མཁར་འགྲིམས་ཤིང་། ཕུགས་བསམ་གསོན་པོ་དེ་ཐོགས་བཞིན་ནམ་ཡང་འཚོལ་སྙེག་གི་གོམ་སྟབས་ལྷོད་མ་མྱོང་།

ང་རང་འབྲོག་ཕྲུག་ཁོང་ལ་ཐོག་མར་རྒྱུས་མངའ་བྱུང་པ་ནི་༢༠༡༢ རེད། དུས་དེར་རང་ཉིད་དུས་བབ་ཀྱི་གསར་འགོད་པ་ཡིན་ལ། ཁོང་རོགས་པ་གཉིས་དང་བཅས་ཏེ་བོད་ཀྱི་ལོ་གསར་སྐབས་ལྡི་ལི་ནས་རྡ་ས་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཅིག་སྤེལ། མཐར་སོག་སྒར་སློབ་གྲྭའི་འཛིན་སྐྱོང་གིས་ཁོང་ཚོ་གསུམ་གུང་སེང་གི་དུས་བཀག་ནང་ཚུད་དུས་ལྟར་སློབ་གྲྭར་མ་སླེབས་པ་རྒྱུ་མཚན་དུ་བྱས་ཏེ་ཕྱིར་ཕུད་བཏང་པའི་བརྒྱུད་རིམ་ལ་རྒྱུས་ལོན་དང་ཁོང་ལ་བཅར་འདྲི་ཡང་བྱས་མྱོང་། རྒྱུས་ལོན་བྱས་པའི་བརྒྱུད་རིམ་ནས་ཁོང་ནི་བོད་ཅེས་པའི་མིང་བྱང་འདིའི་འོག་ནས་ཚེ་སྲོག་ཀྱང་བློས་གཏོང་ཕོད་པའི་མི་བུ་སྙིང་སྟོབས་ཅན་ཞིག་ཡིན་པའི་བག་ཆགས་བཞག་བྱུང་།

༢༠༡༤ ལོར་རྡ་ས་ནས་ཁོང་གིས་བོད་གཞིས་བྱིས་ལྷན་འཛོམས་མ་ཡོང་བར་ངས་ལོ་མི་སར་ཞེས་པའི་དམ་བཅའ་ཞིག་རུམ་ལ་བཅུག་སྟེ། དུས་དེ་ནས་ཤ་མར་ཐུད་གསུམ་སོགས་ཟས་རིགས་སྣ་ཚོགས་ཀྱིས་སྡེར་ཁ་བཀང་ཞིང་། ཇ་འདྲེན་ཆང་འདྲེན་གྱི་འདུ་འཛི་རྒོད་པའི་བོད་ཀྱི་ལོ་གསར་སྐབས། ཁོང་གིས་འཆི་གསོན་གྱི་སོ་ཁ་ན་གནས་པའི་མི་རིགས་ཤིག་གི་ལས་དབང་ལ་འཁྲེང་ཞེན་གྱི་ཨམ་ཚུགས་སྡམ་བཞིན་ཟས་བཅད་ངོ་རྒོལ་ལ་སྙེག་མུས་ལྟར། ཟས་བཅད་ངོ་རྒོལ་ཐེངས་བརྒྱད་པ་དེ་བཞིན་འདི་ལོར་ཨོ་གླིང་ནུབ་མའི་གྲོང་ཁྱེར་པཱེར་ཐི་རུ་སྤེལ་བཞིན་པ་དང་། གདོང་དམར་ཚང་གི་ཁྱིམ་རྒྱུད་འདིའི་ཚེ་སྲོག་དང་རང་དབང་གི་སླད་འདི་ལྟར་བཟའ་བཏུང་བཅད་དེ་འཐབ་རྩོད་ཀྱི་གོམ་པ་རེ་རེ་བཞིན་ལྗིད་ཏིག་ཏིག་ངང་མདུན་ནས་མདུན་དུ་སྤོ་བཞིན་པ་ནི་ཁྱེད་ཀྱིས་རང་རིགས་ལ་བཟུང་པའི་ལར་ཞེན་དང་ཆོད་སེམས་གསོན་པོ་ལས་གཞན་ཅི། བཀའ་དྲིན་ཆེ། ཁ་བའི་མི་རྒྱུད་གཏན་དུ་ས་གཞི་ཆེན་པོ་འདིའི་སྟེང་དུ་འཚོ་ཕྱིར་ང་ཚོ་ལྷན་དུ་ལངས་ཡོང་།

ཁོང་གིས་ནམ་རྒྱུན། བོད་འདི་འཆི་གསོན་གྱི་བར་ན་གནས་པས། རྒྱའི་དབང་སྒྱུར་ལས་ཐར་རྒྱུ་ནི་བོད་འདི་གསོན་ཐུབ་པའི་ལམ་བུ་ཉག་ཅིག་དེ་ཡིན་པ་དང་། རྒྱའི་བཙོན་ར་ནས་རྒྱལ་གཅེས་ཆབ་སྲིད་བཙོན་པ་ཚོ་དང་ལག་ཐོག་ལ་ལག་པ་བཞག་པའི་གཏམ་རྒྱུད་དང་། ཁོང་ཚོའི་མངག་བཅོལ་སོགས་རང་ཉིད་ཇི་སྲིད་གནས་པ་དེ་སྲིད་དུ་བོད་རང་བཙན་འཐབ་རྩོད་ཀྱི་དར་ཆ་འདེགས་ཀྱིན། དགྲ་བོའི་དུར་སྒམ་ལ་ས་འདེད་རྒྱུར་ལྟ་གོན་བྱེད་བཞིན་པ་རྒྱུ་མཚན་དུ་གླེང་།

འཇིག་རྟེན་དུ་སྐྱེས་པ་ནི་ཁྱེད་ཀྱི་གདམ་ཀ་ལས་བྱུང་བ་མིན་ཡང་། འཇིག་རྟེན་དུ་ཇི་ལྟར་འཚོ་རྒྱུ་ནི་ཁྱེད་ལ་ཡོད་པའི་བདག་དབང་ཡིན། བཀྲ་ཤིས་ཚེ་རིང་ཁོང་སྐྱབས་བཅོལ་བའི་གཞིས་ཆགས་ཨོ་རི་སར་སྐྱེས་ཤིང་། འཚར་ལོངས་ཀྱི་རིམ་པ་དེ་ནས། རང་གི་མི་རིགས་དང་རྒྱལ་ཁབ་ནི་རང་ཉིད་འཇིག་རྟེན་དུ་གསོན་དགོས་པའི་གནས་ལུགས་སུ་བཤད། ཡོངས་གྲགས་སུ་ཁོང་ལ་ཐེ་ཝན་བཀྲིས་ཚེ་རིང་ཞེས་འབོད། ངས་ཁོང་ངོ་ཤེས་ནས་རྒྱུས་ཡོད་དང་། རྒྱུས་ཡོད་ནས་འཐབ་གྲོགས་སུ་གྱུར་བའི་ལོ་ཟླ་དེ་དག་གི་ཁྲོད་ནས་རྙེད་པའི་ཁོང་། བདེན་ལུགས་རྩོད་པའི་རྒྱལ་ཁམས་པ་ཞིག་དང་། མེས་པོའི་བང་སོ་སྲུང་བའི་གྲི་ཐོགས་པ་ཞིག ཐེ་ཝན་གླིང་ཕྲན་ན་ཡོད་པའི་བོད་པའི་ངོ་གདོང་ཅིག ནམ་ཡང་བོད་ཅེས་པའི་ཡིག་འབྲི་འདི་ཁུར་ནས་རྒྱུག་རྒྱུག་འདུར་འདུར་ལ་བྲེལ་བའི་དེ་རིང་གི་བོད་དོན་འཐབ་རྩོད་པ་ཁོང་། ཐེ་ཝན་གླིང་ཕྲན་གྱི་ཆབ་སྲིད་མི་སྣ་དང་ཤེས་ཡོན་པའི་སྡེ་ཁག ལྷག་པར་དུ་དམངས་ཁྲོད་ལ་འཛུལ་ཞིང་བོད་ཀྱི་དར་ཆ་སྒྲེང་མཁན་གྱི་དབུས་ཕྲུག་བཙན་པོའི་རྟ་དམག་གི་རྒྱུད་པ་གསོན་པོ་ཞིག་ཡིན།

ཡིག་འབྲི་འདི་དག་འབྲི་བཞིན་འབྲི་བཞིན་ངའི་ཡིད་ངོགས་སུ་གློག་བརྙན་ཇི་བཞིན་འཆར་ཡོང་པ་ནི། ༢༠༠༨ ལོར་ཉི་ཧོང་ནང་རྒྱ་ནག་ཏུ་འཚོག་ལ་ཉེ་བའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྐོར་སྐྱོད་སྐབས། བཀྲིས་ཚེ་རིང་གིས་བོད་ཀྱི་རྒྱལ་དར་སྒྲེང་བཞིན་བདེ་སྲུང་དམག་མི་སྟོང་ཕྲག་གི་འགོག་སྲུང་ཁྲོད་རྒྱུག་སྟེ། བོད་རང་བཙན་གྱི་འབོད་སྒྲ་སྒྲོག་གིན་ཨོ་རྩལ་རྒྱ་ནག་ཏུ་འཚོག་རྒྱུར་ངོ་རྒོལ་བྱས་པའི་སྣང་བརྙན་དེ་རེད།

མི་ལོ་ཉི་ཤུ་ལྷག་གི་རིང་བོད་ཀྱི་རྒྱལ་དར་ནི་ཁོང་གི་འགྲོ་རོགས་དང་ཉལ་རོགས་སུ་གྱུར་བའི་གཏམ་རྒྱུད་ལས། གླེང་འོས་པའི་ལེའུ་གཅིག་ནི་༢༠༡༡ ནས་མཚམས་བཞག་མྱོང་མེད་པའི་ལོ་རེའི་བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་དེ་རེད། འདི་ལོར་མི་ཚང་མ་དགུ་ཐུག་ལ་བྲེལ་བཞིན་པའི་ཉིན་དེར། བཀྲིས་ཀྱིས་མེས་པོའི་བང་སོ་སྲུང་བའི་འགན་འཁྲི་དེར་ཟུང་ཤུགས་འཕར་མ་རེ་དྲངས་ཏེ། ཐེ་ཝན་གླིང་ཕྲན་གྱི་གྲོང་ཁྱེར་དང་གྲོང་རྡལ་བརྒྱུད་ཟླ་གཅིག་རིང་གི་རྐང་འཁོར་སྐོར་བསྐྱོད་ལ་ཆས་སོང་། བཀའ་དྲིན་ཆེ། ངའི་མེས་པོའི་བང་སོ་སྲུང་བའི་གྲི་ཐོགས་པ། སྐྱེས་པ་ནི་གཞན་དབང་དུ་སོང་ཡང་། རང་དབང་གི་སླད་དུ་ང་ཚོ་གསོན་ཞིང་འདི་ལྟར་མུ་མཐུད་ནས་བཙན་པོའི་རལ་གྲི་ཐོགས་ཀྱིན་ཆས་ཆོག

ཁོང་གིས། བོད་རང་བཙན་ནི་ཕ་མའི་རྨི་ལམ་ཡིན་པས། རང་ཉིད་རྨི་ལམ་དེ་མངོན་འགྱུར་བྱ་བའི་ལམ་དུ་ཞུགས་པ་ཡིན་ཟེར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ཇ་ཚེ། says:
    ལོ་ 5 སྔོན།

    བསོད་ནམས་རྒྱལ་མཚན་མ་རེད་སོལ་ནམ་རྒྱ་མཚན་རེད་འདུག །

    Reply
  2. བསོད་ནམས་རྒྱལ་མཚན། says:
    ལོ་ 5 སྔོན།

    ? ? ? ? ? ཁོང་གསུམ་ ཉིན་མོ་སྐར་མ་མཐོང་བ་མ་རེད་པ་ ? ཆུའི་ནང་གི་ཟླ་བ་ལེན་དུ་འགྲོ་ཡ་མ་རེད་པ་ ? ཡིན་ནས་ཁོང་གསུམ་ཡག་པོ་རེད། གཟུགས་པོས་འཕྲོད་བསྟེན་ གུ་ཡངས་དང་ ཁྲག་ཤེད། གཅིན་སྙི། ལྗིད་ཚད་སོགས་ ཆག་ཡ་བཅས་ཡག་པོབྱུང་ཡོད། འཕྲོད་བསྟེན་ཡག་པོ་གནང་ན་ཚེ་རིང་པོ་སྡོད་ཐུབ།
    ཐོད་རས་དམར་པོ་དཀྲིས་མཁན་་་ སྣང་བ་སྐྱིད་སྐྱིད་ དེལ་ལི་བར་ འཆམ་འཆམ་གོམ་འགྲོས། བོད་ཀྱི་གཞོན་ནུ་སྣང་བ་སྐྱིད་སྐྱིད་ བག་བག་ཊཱུར། བོད་རང་བཙན་སློབ་ཕྲུག་ སྣང་བ་སྐྱིད་སྐྱིད་ Ice Hockey ད་དུང་བོད་རང་བཙན། ད་ག་འདྲ་པོ་ཧམ་པ། ? ? ? ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese