མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་རྐང་སྤོལ་མཐུན་ཚོགས་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཀོ་ནི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་རྩེད་འགྲན་ནང་ཞུགས་གཏན་འཁེལ་ཡོད་པས་རུ་མི་ཁ་གསབ་ཆེད་རྐང་སྤོལ་རྩེད་མོ་བ་གང་ཙམ་ཞིག་གསར་དུ་བསྡུ་རྒྱུ་ཡིན་འདུག བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ནས་ ༣༠ བར་ཡུ་རོབ་ཀྱི་རྒྱལ་ཁབ་རོ་མ་ནི་ཡའི་ (Romania) སི་ཁ་ལེར་ལན་ཌི་ (Szeklerland) ཁུལ་དུ་ཚོགས་གཏན་ཁེལ་བའི་ཀོ་ནི་ཧྥ་ (CONIFA) རྐང་སྤོལ་མཐུན་ཚོགས་ཀྱི་ཆེས་ཐོག་མའི་རྒྱལ་སྤྱིའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་བོད་ཀྱི་བུད་མེད་རུ་ཁག་ཀྱང་མཉམ་ཞུགས་བྱ་གཏན་ཁེལ་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༤ པའི་ནང་སློབ་གྲྭ་ཁག་སོགས་ནས་འགྲན་སྡུར་བྱས་པ་བརྒྱུད་རུ་མི་གདམ་རྒྱུ་ཡིན་འདུག

ད་ལྟ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ཀྱིས་ཞལ་པར་བརྒྱུད་འདི་གའི་གསར་འགོད་པར། སྤྱིར་ཀོ་ནི་ཧྥ་རྒྱལ་སྤྱིའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་རྒྱལ་ཁབ་མི་ཉུང་བ་ཞིག་ཞུགས་གཏན་ཁེལ་ཡོད་ནའང་། མཐུན་ཚོགས་ཀྱིས་མཐའ་མའི་ཐག་གཅོད་ནང་རྒྱལ་ཁབ་ ༦ མ་གཏོགས་ཞུགས་མི་ཆོག་པའི་གསལ་བསྒྲགས་བྱས་པ་ལྟར། ང་ཚོས་བོད་པའི་རུ་ཁག་དེ་ངེས་པར་དུ་རྩེད་འགྲན་ནང་བཅུག་དགོས་པའི་རེ་སྐུལ་ལན་མང་ཞུས་ཏེ་ཚུད་ཐུབ་པ་བྱུང་ཡོད། ཅེས་དང་། ང་ཚོས་ད་བར་རྩེད་མོའི་བརྒྱུད་ལམ་གྱི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་ངོ་བོ་དང་རིག་གཞུང་། རྣམ་པ་བཅས་འདོན་ཐབས་བྱ་རྒྱུ་གལ་ཆེ་ཤོས་ཆགས་ཡོད་པ་རེད། གཉིས་པ་དེར་རྩེད་རིགས་སྤྱི་དང་ལྷག་པར་དུ་རྐང་སྤོལ་འདི་བུད་མེད་རྣམས་ལ་མཚོན་ན་སྤྱི་ཚོགས་ནང་ངོས་འཛིན་ཐོབ་ཐབས་དང་། རང་ཉིད་ཆེད་ལས་ཀྱི་ལམ་དུ་ཞུགས་རྒྱུ་དང་སྤྱི་ཚོགས་ནང་འབུར་དུ་འཐོན་རྒྱུའི་ལམ་ཁ་གལ་ཆེན་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་ད་ལྟའི་གནས་སྟངས་སྐོར་ནས་རུ་ཁག་གི་སློབ་སྟོན་པ་ (coach) མགོན་པོ་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྱིར་བཏང་བུད་མེད་རུ་ཁག་ཡོད་ནའང་། རུ་ཁག་ནང་གི་བུ་མོ་འགའ་ཤས་མར་ཐོན་ཚར་བ་དང་། དེ་སྔ་ནས་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ནང་བུད་མེད་ ༡༨ ལྷག་ཡོད་ནའང་། ད་ལྟའི་རྩེད་འགྲན་ནང་ཁྱོན་བུད་མེད་རྩེད་འགྲན་པ་ ༢༣ ལྷག་དགོས་ཀྱི་ཡོད་སྟབས། ཀོ་ནི་ཧྥ་རྩེད་འགྲན་མ་ཚུགས་སྔོན་གྱི་ཟླ་བ་གཅིག་དང་ཕྱེད་ཀའི་ནང་བུད་མེད་རྩེད་འགྲན་པ་གསར་པ་གདམ་གཏན་ཁེལ་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་རྩེད་འགྲན་དེའི་ཆེད་དུ་བོད་ཀྱི་བུད་མེད་རྩེད་འགྲན་པ་རྣམས་ལ་ཟླ་བ་ ༡ དང་ཕྱེད་ཀ་ལྷག་སྦྱོང་བརྡར་སྤྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ནའང་། རྩེད་འགྲན་པ་མང་པོ་ཞིག་སྨན་ཞབས་པའི་ལས་ཀ་སོགས་ནང་ཞུགས་ཡོད་སྟབས། ལྷན་འཛོམས་ཡོང་རྒྱུར་ཅུང་དཀའ་ངལ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། དེ་བཞིན་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་འདི་དེ་སྔ་ཁེ་ན་ཌའི་རྒྱལ་སྤྱིའི་རྩེད་འགྲན་ནང་ཞུགས་སྐབས་གྲུབ་འབྲས་གང་ལེགས་ཐོན་ཡོད་པས་ད་ཐེངས་རེ་བ་གང་འཚམ་ཞུ་ཡི་ཡོད་སྐོར་ཡང་བརྗོད་བྱུང་།

ཀོ་ནི་ཧྥ་རྐང་སྤོལ་མཐུན་ཚོགས་ (Confederation of Independent Football Associations) འདི་ཐོག་མར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྐང་སྤོལ་རུ་ཁག་རྣམས་ལ་དམིགས་ཏེ་མགོ་བརྩམས་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ལོ་ ༢༠༡༤ ལོར་སི་ཝེ་ཌན་དུ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་མཐུན་ཚོགས་དེས་གོ་སྒྲིག་བྱས་པའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་མྱོང་ཡོད། ད་ཐེངས་ཀྱི་རྒྱལ་སྤྱིའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་ཁྱོན་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་ ༦ གི་རུ་ཁག་མཉམ་ཞུགས་བྱ་འཆར་ཡོད་པ་དང་། བོད་ཀྱི་བུད་མེད་རུ་ཁག་དེ་སི་ཁ་ལེར་ལན་ཌི་(Szeklerland)དང་ཁ་མེ་རི་ཡ་ (Chameria) ཡི་རུ་ཁག་དང་འགྲན་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༡༠ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

མཆན། 2

  1. Tenzin says:
    ལོ་ 5 སྔོན།

    Bho gyalo

    Reply
  2. འཛམ་གླིང་སྤྱི་དམངས། says:
    ལོ་ 5 སྔོན།

    བོད་ཀྱི་བུ་མོའི་རུ་ཁག་ཡིན་ན་ཡིན་གཅིག་མིན་གཅིག་རྒྱ་གར་ནང་ཡིན་དགོས་རྒྱུ་མ་རེད། སྤྱིར་བཏང་ནས་གྲ་སྒྲིག་མེད་ན་དཀའ་ལས་ཁག་པོ་ཡོང་གི་རེད། འགྲན་བསྡུར་ཡོད་དུས་རྩེད་འགྲན་པ་ཚོ་སྐད་བཏང་། འགྲན་བསྡུར་མེད་དུས་བདག་མེད་ལ་བཞག་ན་ཡག་པོ་མ་རེད། དེ་ལ་དགོས་དུས་ལྷ་རྫས། མི་དགོས་དུས་གདོན་རྫས་ཟེར་གི་རེད། གཞན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་བོད་ཀྱི་བུ་མོ་རྐང་སྤོལ་ལ་དགའ་མཁན་དང་། རྩེད་མཁན་ཡག་པོ་ཏན་ཏན་ཡོད་རྒྱུ་རེད། དེ་ཚོར་ཡང་གོ་སྐབས་ཕུལ་ན་རང་རོགས་ཉིས་ཆ་ལ་ཕན་རྒྱུ་རེད། ག་དུས་ཡིན་ན་རྒྱ་གར་དུ་ཡོད་མཁན་ཚོ་ནི་གོ་སྐབས་ལེན་མཁན་འདྲ་བོ་ཆགས་ན་ཡག་པོ་མི་འདུག ཟླ་གཅིག་ལ་སྦྱོང་བརྡར་སྤྲད་པ་ཙམ་གྱིས་འགྲན་བསྡུར་ཁྲོད་རྒྱལ་ཁ་ལེན་ཁག་པོ་རེད། ལྷག་པར་དུ་ད་ལོ་རྒྱ་ནད་ཀྱི་རྐྱེན་པས་འཛམ་གླིང་གི་མི་མང་པོ་ཞིག་གིས་རྩེད་མོའི་རིགས་སྣ་ཚོགས་ཤིག་སྦྱོང་བརྡར་བྱེད་ཐུབ་ཡོད་པ་མ་རེད། བོད་པའི་བུ་མོ་ཚོས་ཀྱང་སྦྱོང་བརྡར་བྱེད་ཐུབ་ཡོད་རྒྱུ་མ་རེད། ད་གཞི་ནས་མི་བསྡུ་ཡ་རེད་འདུག དེ་ཡང་ས་གནས་འདྲ་མིན་ནས་བསྡུ་རྒྱུ་རེད། མདོར་བསྡུས་ན། ཤི་རན་དུས་མ་ཎི་བགྲང་ན་ཕན་ཐོགས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese