མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་བཅའ་ཁྲིམས་དོན་ཚན་ ༦ བསྐྱར་བཅོས་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་སྐོར་གྱི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེ་གཏན་འབེབ་གནང་ཐུབ་མ་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༡༡ པའི་ཁྲིམས་བཟོའི་ལས་དོན་ཁྲོད། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༤༢ པ་སྟེ། བཅའ་ཁྲིམས་བསྐྱར་བཅོས་དོན་ཚན་ ༩ བསྣམས་ཡོད་པའི་ནང་ནས་དོན་ཚན་ ༦ གཏན་འབེབ་དང་གཅིག་ཕྱིར་བསྡུ། གཉིས་གཏན་འབེབ་གནང་ཐུབ་མ་སོང་།

བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་སྤྱི་འཐུས་ཁག་ཅིག་ནས་དགོངས་ཚུལ་གསུངས་སྐབས། དགག་པ་གནང་མཁན་ཚོས་བཅའ་ཁྲིམས་དོན་ཚན་ ༥༨ པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་ལྷག་པར་དུ་བཅའ་ཁྲིམས་ཀྱི་ཚད་འཛིན་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་འབྲེལ་བ་ཡོད་པས་ལས་སླ་བོ་བྱས་ནས་ཐག་གཅོད་གནང་ན་གཏན་ནས་མི་འགྲིག་པ་དང་། དེ་བཞིན་ཁ་སང་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དང་དེ་རིང་ཁྲིམས་འཆར་བསྐྱར་བཅོས་བྱས་པ་དེ་ཁ་སང་དང་འབྲེལ་བ་ཐད་ཀར་ཆགས་ཀྱི་ཡོད་པ་དང་། ཁ་སང་གི་ཁྲིམས་འཆར་དེ་ཕྱིར་འཐེན་བྱ་རྒྱུའི་ཁྲིམས་འཆར་གསར་པ་བཅུག་དགོས་སྐོར་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་སོགས་ཚང་མ་འཕོ་འགྱུར་གཏོང་ཆོག་གི་ཡོད་པ་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱང་འཕོ་འགྱུར་གཏོང་ཆོག་པའི་ལམ་ག་ཞིག་བཟོ་དགོས་སྐོར་སོགས་གསུངས་སོང་ལ། སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏང་ན་ལམ་ཁ་ཡོད་པ་མ་གཏོགས་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་ཐུབ་མཁན་སུ་གང་མེད་སོགས་ཀྱི་གསལ་བཤད་གནང་སོང་།

བཅའ་ཁྲིམས་བསྐྱར་བཅོས་དོན་ཚན་ ༩ ཡི་ནང་ནས་བཅའ་ཁྲིམས་དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་ནང་གསེས་དང་པོ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་། ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པའི་བསྐྱར་བཅོས་དེ་གཏན་འབེབ་གནང་ཐུབ་མ་སོང་།

བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབ་གནང་ཐུབ་པ་ཁག་ནི།  བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང་འབྲེལ། འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ། ཞེས་པ་དེར། འོན་ཀྱང་། ནད་ཡམས་དང་དམག་འཁྲུག འབྱུང་བའི་འཇིག་པ་བཅས་གང་རུང་དབང་གིས་དཀའ་ངལ་ལྡོག་མེད་འཕྲད་སྐབས་ཚོགས་འདུ་ཕར་འགྱངས་བྱ་ཆོག་པ་དང་། དུས་ཚོད་ངེས་ཅན་ནང་སྔོན་རྩིས་འཆར་འབུལ་དང་བཀའ་འཁྲོལ་བྱ་དགོས་རྣམས་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གིས་ཞིབ་འཇུག་དང་འབྲེལ་བཀའ་འཁྲོལ་གཏན་འབེབས་བྱ་ཆོག ཅེས་པ་ཁ་སྣོན་གནང་འདུག

བཅའ་ཁྲིམས་དོན་ཚན་རེ་གསུམ་པ་དོན་ཚན་དང་པོ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཞེས་བསྐྱར་བཅོས་གནང་འདུག་ལ། དེ་བཞིན་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང་། ཚོགས་མི་གཉིས་ནས་བཞི་བར་དགོས་པ་བསྐོ་བཞག་བྱེད་པ་ལའང་གོང་ལྟར་ཁ་སྣོན་གནང་འདུག

བཅའ་ཁྲིམས་དོན་ཚན་རེ་བདུན་པ།     ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི། བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་འཆར་འབུལ་ལ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་བཅས་གཏན་འབེབ་གནང་སོང་།

གཞན་ཡང་། དེ་རིང་གི་ལས་རིམ་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་འཐུས་རྣམས་པའི་དོགས་འདྲི་ཁག་དང་འབྲེལ་ཏེ། འདས་པའི་ལོ་བཅུའི་ནང་བོད་རྒྱ་འབྲེལ་མོལ་གྱི་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ཅིག་ཐོག་གསལ་བཤད་ལན་འདེབས་གནང་སྐབས། སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་ནས་མ་གཏོགས་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་ཐབས་ཁག་པོ་ཆགས་ཡོད་སྐོར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༢༣ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    བཅའ་ཁྲིམས་དོན་ཚན་ ༥༨ དེའི་ནང་སྤྱི་འཐུས་ལྷན་ཚོགས་གསལ་བ་ལས་སྤྱི་འཐུས་རྒྱུན་ལས་གསལ་མེད་པ་དང་སྔ་ལོ་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཕར་འགྱང་གནང་བ་དེ་སྤྱི་འཐུས་ལྷན་ཚོགས་དང་དང་རྒྱུན་ལས་གཉིས་དོན་གཅིག་མུང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་པ་ཡིན་ནམ?

    Reply
  2. Abharu Jigwang says:
    ལོ་ 5 སྔོན།

    སྤྱི་འཐུས་ལྷན་ཚོགས་ནས་དགྲ་དགའ་གཉེན་སྡུག་གི་དམངས་གཙོའི་ཀ་བ་གསུམ་ནས་གལ་ཆེ་ཤོས་ཁྲིམས་ཞིབ་པ་གསུམ་གློ་བུར་དུ་
    གསང་བའི་འོས་ཤོག་བསྡུས་ནས་ཕོ་འགྱུར་བཏང་པ་འདི་ནི་ཧང་སངས་བའི་འཁོན་འཛིན་གྱིས་དགྲ་ལན་འཇལ་བ་ཞིག་ཡིན་འདུག་ན་
    ཤིན་ཏུ་ཐབས་སྡུག་རེད་ཅེས་ཞུ་འདོད་བྱུང། སྤྱི་འཐུས་ཚོགས་གཙོ་ཡག་པོ་འདུག་བསམ་བཞིན་ཡོད་ཀྱང་ད་ལན་གྱི་གནང་བཏང་འདི་
    ཞབས་འདྲེན་གྱིས་གནང་ཐབས་ཤིག་ཆགས་སོང་། སྤྱི་འཐུས་ལྷན་ཚོགས་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོ་དུ་རྩོད་གླེང་་གནང་ས་ཞིག་ཡིན་ཡང་
    ད་ལན་འདི་ནི་རང་རྒྱལ་གཞན་ཕམ་ཁྲིམས་སྒྲིག་གང་ལའང་སྟོས་མེད་ཀྱི་གནང་ཐབས་ཞིག་བྱུང་སོང་བ་བློ་ཕམ་ཡོད།
    མ་འོངས་པར་སྤྱི་འཐུས་ཚོགས་གཙོ་གནང་རྒྱུ་་ནས་དགོངས་པ་ངེས་པར་ཞུ་དགོས་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese