མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལན་སྤྱི་ཚོགས་དྲ་ལམ་གྱིས་གྲོས་ཚོགས་སྣེ་ཁྲིད་པ་ལྟ་བུའི་མགོ་མཇུག་ལྡོག་པའི་མཐོང་སྣང་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་བཅུ་པའི་གྲུབ་དོན་སྙན་ཐོའི་ནང་རྩིས་ལོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བའི་སྐྱོན་གནད་གྲངས་ ༢༥༢ བྱུང་ཡོད་སྐོར་བཀོད་འདུག

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་མཐའ་མ་མཇུག་བསྡོམས་ཀྱི་གསུང་བཤད་སྐབས་ཚོགས་གཙོ་མཆོག་གིས། སྤྱིར་གྲོས་ཚོགས་ཀྱིས་མི་མང་སྣེ་འཁྲིད་དགོས་ཀྱང་། ད་ལན་སྤྱི་ཚོགས་དྲ་ལམ་གྱིས་གྲོས་ཚོགས་སྣེ་ཁྲིད་པ་ལྟ་བུའི་མགོ་མཇུག་ལྡོག་པའི་མཐོང་སྣང་བྱུང་བ་དང་། ལྷག་པར་དུ་སྤྱི་ཚོགས་ནང་འཁྲུག་རྐྱེན་བཟོ་མཁན་གྱི་རྗེས་སུ་འབྲངས་བའི་ཐོག་ནས་གྲོས་ཚོགས་ནང་གནས་ཚུལ་མང་པོ་སླེབས་ཀྱི་ཡོད་སྟབས། མ་འོངས་པར་གྲོས་ཚོགས་འཐུས་མི་རང་གིས་རྣམ་དཔྱོད་བེད་སྤྱོད་གཏོང་པ་ལས་དེ་དག་མེད་ན་ཡག་པོ་ཡོད་སྐོར་དང་། ད་ལྟའི་འཆར་གཞི་ལ་གྲོས་ཚོགས་འདིའི་ཚོགས་དུས་མཐའ་མ་དེ་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཚོགས་འཆར་ཡོད་སྟབས། སྤྱི་འཐུས་རྣམས་དེ་དུས་ཚོགས་བཅར་ཡོང་བའི་རེ་སྐུལ་གནང་སོང་།

དེ་རིང་ལས་ཉིན་ ༡༢ པའི་ཐོག།མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་བཅུ་པའི་གྲུབ་དོན་སྙན་ཐོ་ཆ་ཚང་སྙན་སྒྲོན་ཞུས་པའི་རྒྱབ་གཉེར་ནང་། སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བ་ནི། དཔལ་འབྱོར་གྱི་སྒྲིག་གཞི་དང་འགལ་ཚབས་ཆེ་ཤོས་དེ་ཡིན་ལ། སྐབས་འདིར་སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བའི་སྐྱོན་གནད་གྲངས་ ༢༥༢ བྱུང་འདུག་པ་དེར་ངེས་པར་དུ་འབྲེལ་ཡོད་ནས་ཐུགས་གཟབ་གནང་དགོས་པ་སྐོར་བཀོད་འདུག་ལ། འདི་ལོར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ངོས་ནས་རྒྱབ་གཉེར་དོན་ཚན་ ༦ གནང་བའི་ནང་། ཚོགས་སྡེ་ཁག་ ༡༦ གིས་བོད་མིའི་སྒྲིག་འཛུགས་ལ་གཙང་ཁེ་དང་རོགས་དངུལ་གྱི་བརྒྱ་ཆ་ཁྱོན་ཧིན་སྒོར་ ༤༩,༣༣༣,༦༩༡་༩༣ ཕུལ་མེད་པ་དང་། ཚོགས་སྡེ་ཁག་ནང་ནས་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་འབུལ་བསྡུད་སྒོར་ ༢༣,༩༤༧,༥༩༩་༦༡ དང༌། བོད་ཀྱི་སྨན་རྩིས་ཁང་ནས་འབུལ་བསྡད་སྒོར་ ༡༠,༡༨༥,༢༦༣་༡༥། བལ་ཡུལ་འཇོ་ཁེལ་གངས་ཅན་བདེ་རྩ་ནས་འབུལ་བསྡད་སྒོར་ ༦,༧༢༣,༤༩༡་༧༡། བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་མཉམ་འབྲེལ་ནས་འབུལ་བསྡད་སྒོར་ ༦,༤༡༩,༠༡༡་༩༥ བཅས་ཡིན་ཞིང་། སྡེ་ཚན་ཁག་བཞིའི་འབུལ་བསྡད་དེ་སྤྱི་ཡོངས་ཀྱི་བསྡུ་དངུལ་འབུལ་བསྡད་ཀྱི་བརྒྱ་ཆ་ ༩༥ ལྷག་ཟིན་གྱི་ཡོད་སྐོར་དང་། བསྡུ་དངུལ་ཕུལ་མེད་པའི་ཚོགས་སྡེ་དེ་དག་གིས་སྙན་ཐོ་འདི་འབྱོར་འཕྲལ་ཀ་ཀོར་གང་ཡང་མེད་པར་དཔལ་འབྱོར་ལས་ཁུངས་ལ་བསྡུ་དངུལ་འབུལ་ཐུབ་པ་དགོས་སྐོར་བཀོད་འདུག་ལ། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ད་ལན་གྱི་གྲོས་ཚོགས་ཀྱི་ལས་རིམ་བརྒྱུད་ཤེས་རྟོགས་བྱུང་ཡོད་ངེས་དང་། འཛིན་སྐྱོང་ངོས་ནས་ཡིག་ཐོག་ནས་བརྡ་ཐོ་ཞིག་ཀྱང་འབུལ་རྒྱུ་ཡིན་སྐོར་གསུངས་སོང་།

སྙན་ཐོའི་ཐོག་བགྲོ་གླེང་གནང་སྐབས། སྤྱི་འཐུས་མི་ཉུང་བ་ཞིག་གིས་བྷེང་ལོར་དུ་རྟེན་གཞི་བྱས་པའི་བོད་ཁྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ས་ཆ་སྤུས་གཟིགས་དང་ཨར་ལས་འཛུགས་སྐྲུན་སོགས་དང་འབྲེལ་བའི་ཧིན་སྒོར་ས་ཡ་ ༧༨ ལྷག་གི་རྩིས་ཉོག་དེ་ད་བར་སེལ་ཐུབ་མེད་པ་གང་ཡིན་དང་། འབྱུང་འགྱུར་གྲོས་ཚོགས་སྐབས་ ༡༧ པའི་ངོས་ནས་རྩིས་ཉོག་དེ་སེལ་ཐབས་ཆེད་ཞིབ་འཇུག་ཚོགས་ཆུང་བཙུགས་པ་སོགས་བརྒྱུད་ནས་སེལ་ཐབས་དགོས་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་སོང་།

སྙན་ཐོའི་རྒྱབ་གཉེར་ནང་། སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བ་ནི། དཔལ་འབྱོར་གྱི་སྒྲིག་གཞི་དང་འགལ་ཚབས་ཆེ་ཤོས་དེ་ཡིན་ལ། སྐབས་འདིར་སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བའི་སྐྱོན་གནད་གྲངས་ ༢༥༢ བྱུང་འདུག་པས། འབྲེལ་ཡོད་དབང་ལྡན་འགན་འཛིན་དང་། འགན་འཁྲིའི་ལས་བྱེད་རྣམས་ཀྱིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་ ༥ པའི་ནང་གསེས་ཁག་ལ་ཐུགས་གནང་ཆེ་བཞེས་ཀྱིས། འབྱུང་འགྱུར་འདི་རིགས་མི་ཡོང་བ་དམ་དོན་ངེས་པར་གནང་དགོས། ཞེས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese