མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་སོགས་བོད་མི་བརྒྱ་ལྷག་མཉམ་འབྲེལ་ཐོག་བོད་མི་མང་སྤྱི་འཐུས་རྣམ་པར་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp
ཨོ་གླིང་སོགས་སུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ཀྱི་བོད་མི་བརྒྱ་ལྷག་མཉམ་འབྲེལ་གྱི་ཐོག་ནས་བོད་མི་མང་སྤྱི་འཐུས་ལ་འབོད་སྐུལ་སྙན་ཞུ་ཞིག་ཕུལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནད་དོན་ལ་བསྐྱར་དུ་དགོངས་པ་བཞེས་དགོས་པའི་འབོད་སྐུལ་ཞུས་འདུག
དེ་རིང་ཕྱི་ཚེས་ ༢༡ ཉིན་ཨོ་གླིང་གཙོ་བོར་གྱུར་བའི་རྒྱ་གར་དང་སུད་སིའི་ནང་གནས་སྡོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ ༡༠༨ ཀྱིས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུས་པའི་སྤྱི་འཐུས་རྣམ་པར་སྙན་ཞུ་ཞིག་ཕུལ་ཏེ། གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་དུས་གཅིག་ལ་འཕོ་འགྱུར་བཏང་བ་དེར་བསྐྱར་དུ་དགོངས་པ་བཞེས་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ཉེ་སྔོན་གྲོས་ཚོགས་ནས་ཐག་གཅོད་དེ་གནང་རྗེས།  བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་བརྒྱ་ལྷག་ཅིག་དང་། ཁྲིམས་ཞིབ་པ་ཟུར་པ་བཅུ་གཅིག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྐྱིད་སྡུག་སོགས་ནས་ཀྱང་བསྐྱར་དུ་གནད་དོན་དེར་དགོངས་པ་བཞེས་དགོས་པའི་རེ་སྐུལ་སྙན་ཞུ་ཕུལ་ཡོད་འདུག
ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་ཀྱི་འབོད་སྐུལ་ཞུ་ཡིག་ནང་དུ། གཅིག བཀུར་འོས་འབྲེལ་ཡོད་སྤྱི་འཐུས་ལྷན་རྒྱས་ནས་བཅའ་ཁྲིམས་རིན་པོ་ཆེའི་འབྲུ་དོན་ལ་གོ་བ་མ་ཆགས་པའམ་ལོག་འགྲེལ་བྱས་པ་གང་ཡིན་ཡང་། རང་ཉིད་དམངས་ཚོགས་ཀྱི་ངོ་ཚབ་མཚོན་པའི་སྤྱི་མི་ཞིག་ཡིན་པར་དགོངས་པ་བསྐྱར་བཞེས་གནང་རྒྱུ་དང་། ལྷག་པར་སྤྱི་ནོར༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐབས་མཁས་ཐུགས་རྗེ་ལ་བརྟེན་མང་གཙོ་གསོལ་རས་སྩལ་ཅིང་། གཞན་དྲིང་མི་འཇོག་པའི་མི་རབས་རྒན་པ་དག་གིས་གཡས་སྐྱོར་གཡོན་སྐྱོར་གནང་བའི་མི་ལོ་ཧྲིལ་བོ་དྲུག་ཅུ་ཕྱིན་པའི་རྗེས། རྒྱལ་ཁབ་ཤོར་བའི་བཙན་བྱོལ་བ་ཞིག་ལ་མཚོན་ན། མང་གཙོའི་ཀ་བ་གསུམ་གྱི་རྩ་ལག་ཡོངས་སུ་རྫོགས་པའི ༧མགོན་པོ་གང་གི་རླབས་ཆེ་བའི་དགོངས་གཞི་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུའི་ཚབ་ལ་ཅི་མི་སྙམ་པར་རང་སྣང་གང་ཤར་དང་ཆགས་སྡང་ཕྱོགས་ལྷུང་གི་དབང་དུ་ཤོར་ཐལ་ཆེ་བའི་ཐག་གཅོད་དེར་ཛ་དྲག་གིས་གྲོས་ཚོགས་འཕར་མ་བརྒྱུད་འགྱོད་བཤགས་དང་བཅས། ཁྲིམས་འགལ་གྱིས་བཞག་པའི་གྲོས་ཆོད་ཨང 39 པ་ཕྱིར་བསྡུ་དང་ཁྲིམས་ཞིབ་པ་ལྷན་རྒྱས་ཀྱི་ལས་གནས་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
གཉིས། བཀུར་འོས་ཁྲིམས་ཞིབ་པ་ལྷན་རྒྱས་ཀྱིས་གསར་འགོད་གསལ་བསྒྲགས་གནང་བའི་སྙིང་བོ། ཁྲིམས་ཞིབ་པ་རྣམ་པའི་ངོས་ནས་བཅའ་ཁྲིམས་རིན་པོ་ཆེའི་ཆ་ཤས་ཕྲ་མོ་ཙམ་ཡང་འགལ་མེད་ཐོག་ཕྱག་ལས་གནང་བ་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང ༣༩ པ་བརྒྱུད་འཕོ་འགྱུར་གནང་གཏན་ཁེལ་བ་ནི་བཅའ་ཁྲིམས་རིན་པོ་ཆེ་དང་ཡོངས་སུ་འགལ་བའི་ཐག་གཅོད་ཡིན་པར་གསུངས་པ་ནི་དངོས་བདེན་དང་། གསར་འགོད་གསལ་བསྒྲགས་གྲུབ་རྗེས་ལས་མཚམས་བཞག་པ་ནི་སྤྱི་ཚོགས་ལྷིང་འཇགས་ལ་ཐུགས་བསམ་རྒྱ་ཆེར་བཞེས་པ་སྨོས་མེད་ཐོག་མཁྱེན་ལྡན་རྒྱ་ཆེའི་མི་དམངས་ནས་ངོས་འཛིན་ཡོད་ན་ཡང་། ཁྲིམས་ཞིབ་པ་ལྷན་རྒྱས་ནས་མང་གཙོ་ཀ་བ་གསུམ་འཐོར་ཞིག་ཏུ་འགྲོ་ངེས་པ་གཟིགས་བཞིན་དུ་དེ་ལྟར་ཐུགས་ཐག་བཅད་པ་ནི་རྩ་བ་བོར་ནས་ཡལ་གར་འཇུས་པ་དང་། དོན་ཆེན་བློས་བཏང་ནས་དོན་ཆུང་གཙུག་ཏུ་བཀུར་བ་ནི་དོན་གྱིས་བཅའ་ཁྲིམས་རིན་པོ་ཆེ་ལ་འགན་ཁུར་གཙང་བཞེས་མ་གནང་བར་ངོས་འཛིན་མི་བྱེད་ཐབས་མེད་ཡིན་པར་སོང་། སླར་ཡང་དགོངས་པ་ཆེར་བཞེས་ཀྱིས་སྤྱི་དོན་ལྷུར་ལེན་པའི་གསོལ་འདེབས་སྙིང་ནས་ཞུ་ཞེས་བྲིས་འདུག
མཇུག་གི་ཟུར་བརྗོད་ནང་དུ། ང་ཚོས་མ་སྐུལ་དང་བླངས་ངང་སྙན་ཞུ་འདི་ལྟ་བུ་ཞིག་འབུལ་དགོས་པ་ནི། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོན་པོར་ཕེབས་པའི་སྐབས་འདི་འདྲ་ཞིག་ལ། ལས་ཀྱི་སྣེ་མོར་ཞུགས་པ་རྣམས་ཀྱི་ངོས་ནས་དབུ་འོག་དཔུང་འདེགས་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལྟ་བུར་མ་གྱུར་ནའང། མ་མཐར་ཐུགས་ཕམ་འགྱུར་གཞིར་མི་འགྲོ་བ་གནང་རྒྱུ་དེ་ལྷན་རྒྱས་ལ་གཡོལ་ཐབས་མེད་པའི་ཐུགས་འགན་ལྕི་མོ་ཞིག་ཡོད་པ་སྨོས་མེད་ཐོག མིག་དཔེར་འོས་པའི་རླབས་ཆེ་བའི་མི་རབས་རྒན་པ་སྐུ་ཚེ་མ་ཟིན་པ་དང་ད་ལྟར་བཞུགས་ཡོད་པ་གཙོས། མི་དམངས་དཀྱུས་མ་ཡོངས་ཀྱི་ངོ་ཚབ་ཡིན་པའི་སྤྱི་འཐུས་ལྷན་རྒྱས་ནས། སྤྱི་དོན་སྒེར་དོན་དུ་འཁྱེར་ནས་དགྲ་བོའི་རེ་བ་འགྲུབ་པའི་མཐུན་རྐྱེན་ལ་མི་འགྲོ་བ་ཞིག་ཅིས་ཀྱང་གནང་དགོས་པའི་གལ་བོ་ཆེ་ལ་ནན་སྐུལ་ཞུ་བཞིན་ཡོད།
ང་ཚོས་བཅའ་ཁྲིམས་རིན་པོ་ཆེར་ཞིབ་མཇལ་བྱས་པ་རྩ་བར་བཟུང་། དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་འཐུས་རྣམ་པའི་ངོས་ནས་བྲིས་གནང་བའི་ཕྱག་རིས་དག་ཕན་ཚུན་ཞིབ་བསྡུར་ཟིན་པ་དང་། གོང་འཁོད་མཁྱེན་ལྡན་པ་དག་གི་གསུང་བཤད་དང་རྩོམ་ཡིག་དག་ཞིབ་ཏུ་ལྟ་ཉན་བྱས་པའི་རྗེས་སུ། དཀའ་ངལ་འདིའི་འབྱུང་རྩ་དང་བརྒྱུད་རིམ་གང་ལ་བསམ་ཀྱང་བཅའ་ཁྲིམས་རིན་པོ་ཆེ་དཔང་དུ་བཞག་ནས་བལྟས་ན་སྤྱི་འཐུས་ལྷན་རྒྱས་ལ་བདེན་པའི་ཆ་ཕྲ་མོ་ཙམ་ཡང་མེད་པ་ཤེས་ནས་ངོ་འཕྲོད་པ་བྱུང་།
དེར་བརྟེན། ད་དུང་སྤྱི་འཐུས་ལྷན་རྒྱས་ལ་ལམ་ནོར་ལྡོག་ཤེས་གནང་བའི་གོ་སྐབས་ཡོད་པ་རྟོགས་ནས་སྙན་ཞུ་འདི་ལྟ་བུ་ཞིག་ཕུལ་བ་ལས། ང་ཚོས་གཡག་ཞར་གྱིས་རྩྭ་ཟོས་པ་དང་འདྲ་བར་ཟེར་སྒྲོས་རྗེས་སུ་ཞུགས་ཏེ་འགན་མེད་བྱུང་རྒྱལ་དུ་སྨྲས་པ་ལར་ནས་མིན། རང་གི་དབུ་ཁྲིད་དང་རང་གི་གཞུང་ལ་བློ་དཀར་སེམས་དཀར་གྱི་ཆབ་སྲིད་བཙོན་ཟུར། ཆབ་སྲིད་འབྲེལ་ཡོད་དང་འབྲེལ་ཆགས་ཁག་ཅིག་ནས་ཕུལ་བའི་སྙན་ཞུ་འདི་ལ་དོན་སྨིན་ཡོང་བའི་རེ་བ་ཡོད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 4

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་འགན་དབང་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་བཞེས་དགོས་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་བཞེས་དགོས་པ་དང་། འཛིན་སྐྱོང་བཀའ་ཤག་གི་འགན་དབང་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་བཞེས་དགོས་པ་དང་། མི་མང་གི་འགན་དབང་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་བཞེས་དགོས་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཚོའི་འགན་དབང་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་བཞེས་དགོས་པ་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ཏུ་མ་འདུས་པའི་མང་གཙོའི་ཀ་བ་གསུམ་དང་མི་མང་དང་ཚོགས་སྐྱིད་སོགས་ཟུར་དུ་ཡོད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་པ་མ་རེད་དམ་?

    Reply
  2. བདེན་པའི་མེ་ལྕེ། says:
    ལོ་ 5 སྔོན།

    ད་ཡིན་ན་དཀྲུགས་ཀི་འདུག

    Reply
  3. གགག says:
    ལོ་ 5 སྔོན།

    མི་དམངས་ཀྱི་འདེམས་ཐོན་བྱུང་བའི་སྤྱི་འཐུས་༣༡ལ་སྐུ་དབང་དེ་ཙམ་མེད་ན་དེ་ནས་སྤྱི་འཐུས་རྣམས་སྐུ་དབང་འཕྲོག་གཅིག་པ་མ་རེདམ།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་། བཅའ་ཁྲིམས་དོན་ཚན་ ༦༧ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་སྒྲིག་གཞི་། བཅའ་ཁྲིམས་ཀྱི་དོན་ཚན་འདི་གཉིས་བཅའ་ཁྲིམས་ནས་བཀུར་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་དེ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese