རྒྱ་ནག་གཞུང་གིས་བོད་ནང་རྒྱའི་དམག་དཔོན་གསར་པ་ཞིག་བསྐོ་གཞག་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་མིང་འོག་ནས་རྒྱ་གར་གཙོས་པའི་བོད་དང་ས་འབྲེལ་ཡོད་པའི་ས་མཚམས་རྩོད་རྙོག་ལ་སྔར་ལྷག་གདོང་ལེན་བྱེད་རྩིས་ཡོད་པ་རེད།
ཁ་སང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་འགྲོ་བཞིན་ཡོད་པ་དང་བོད་ཁུལ་གྱི་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སླད་མེད་དུ་མི་རུང་བ་ཞིག་ཡིན་ཟེར་གྱི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཝང་ཁཱེ་ (Wang Kai)ཟེར་བའི་དམག་དཔོན་གསར་པ་ཞིག་བསྐོ་གཞག་གིས། བོད་ཁུལ་གྱི་མཐའ་མཚམས་སྲུང་སྐྱོབ་དང་བརྟན་ལྷིང་ཟེར་བ་སྔར་ལྷག་བསྐྲུན་ཐུབ་ཐབས་ཀྱི་འཆར་གཞི་སྒྲིག་གི་ཡོད་འདུག
དེ་འབྲེལ་ཐད། རྒྱ་ནག་བཅིངས་གྲོལ་དམག་གི་སློབ་སྟོན་པ་ཟུར་བ་སཱོན་ཀྲང་པེན་ (Song Zhongping) ཟེར་བས། བོད་ཁུལ་ནི་རྒྱ་ནག་གི་སེམས་ཚབས་བྱེད་ས་ཤིག་ཡིན་པ་དང་བོད་ཁུལ་གྱི་ས་མཚམས་སྲུང་སྐྱོབ་དང་། དམིགས་བསལ་འདས་ལོར་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་བར་འཐབ་འཁྲུག་དྲག་པོ་བྱུང་བ་ལྟ་བུ་བསྐྱར་དུ་མི་འབྱུང་བའི་སླད་དུ། མཐའ་མཚམས་སྲུང་སྐྱོབ་དང་དམག་འཐབ་ལ་རྒྱུས་མངའ་ཆེ་བའི་ཝང་ཁཱེ་བོད་ཁུལ་གྱི་དམག་དཔོན་དུ་བསྐོ་གཞག་བྱས་པ་ཡིན་སྐོར་བརྗོད་ཡོད་པ་རེད།
གསར་དུ་བསྐོས་པའི་བོད་ཁུལ་གྱི་རྒྱའི་དམག་དཔོན་ཝང་ཁཱེ་ནི། རྒྱ་ནག་བཅིངས་གྲོལ་དམག་མིའི་རུ་ཁག་ཨང་བཅུ་གསུམ་པའི་མགོ་དཔོན་སྟེ། ཆེད་དུ་དཀའ་སྡུག་དང་ཉེན་ཁ་ཆེ་བའི་རི་མཐོ་ས་རྩུབ་དང་། ནགས་ཚལ་སོགས་སུ་དམག་འཁྲུག་གི་ཉམས་མྱོང་ལྡན་པའི་རུ་ཁག་ཅིག་ཡིན་པ་དང་། རུ་ཁག་ཨང་ ༡༣ པས་ཝེ་ཏི་ནམ་དང་རྒྱ་ནག དེ་བཞིན། ཀོ་རི་ཡའི་དམག་འཁྲུག་སོགས་སུ་མཉམ་ཞུགས་བྱས་མྱོང་ཞིང་། རྒྱ་ནག་བཅིངས་གྲོལ་དམག་གི་འགྲན་ཟླ་བྲལ་བའི་དམག་མིའི་ཤོག་ཁག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
སྤྱིར་བཏང་རྒྱའི་དམག་མིའི་རུ་ཁག་ཨང་བཅུ་གསུམ་པའི་བྱུང་རིམ་དེད་ཚེ། ཕྱི་ལོ་ ༡༩༣༠ ཡས་མས་ཙམ་ནས་བྱུང་ཡོད་ནའང་། རྒྱ་ནག་བཅིངས་གྲོལ་དམག་མིའི་ཤོག་ཁག་ལྔ་བཅུ་བ་མཇུག་སྒྲིལ་རྗེས། ཕྱི་ལོ་ ༡༩༨༥ ལོར་ཡོངས་གྲགས་ཐོག་ནས་གསར་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་བཅིངས་གྲོལ་དམག་མིའི་ཤོག་ཁག་ ༧༧ པའི་ཁོངས་སུ་བཅུག་ཡོད་ཅིང་། ད་སྔ་བར་ཤོག་ཁག་དེའི་དམག་མི་ཕལ་ཆེ་བ་ཡོ་ནན་ཞིང་ཆེན་དུ་བཅའ་སྡོད་ཀྱིས། ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་ཁུལ་གཙོས་རྒྱ་དཀར་ནག་བར་དང་ཝེ་ཏི་ནམ་གྱི་ས་མཚམས་རྩོད་རྙོག་ཁྲོད་གདོང་ལེན་དང་། དམིགས་བསལ་བོད་ནང་གི་ཞི་བའི་ཡར་ལངས་ལ་དྲག་གནོན་བྱེད་ཀྱི་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
ད་ངས་དངོས་གནས་ཧ་གོ་ཡི་མི་འདུག
བཙན་བྱོལ་སྤྱི་ཚོགས་ནང་བོད་མི་རྣམས་གདོང་ལེན་བྱེད་དེ་བོད་མི་ནང་ཁུངས་ལ་ཡང་ན་རྒྱ་ནག་ལ་རེད།སྤྱི་ཚོགས་དྲ་རྒྱ་ནང་མི་ཕལ་མོ་ཆེ་བོད་མི་ནང་ནང་ཁུངས་ལ་སྐྱོན་བརྗོད་བྱེད་རེ་ཙམ་དེ་ལས་ལྷག་པ་ག་རེ་བྱེད་ཐུབ་ཀྱིས་འདུག
ང་ཚོ་ལ་རྡོག་རྩ་ཆིག་སྒྲིག་དགོས་རེད་དང་མ་རེད།ཚང་མས་སྐྱབས་མགོན་རིན་པོ་ཆེ་དགོངས་པ་བསྒྲུབས་བཞིན་ཡོད་ཚུལ་བཤད་ཀྱི་ཡོད།ད་འོ་ན་ཚང་མས་དགོངས་གཞི་སྒྲུབ་བའི་ཡོད་ན་སྤྱི་ཚོགས་ནང་འཁྲུལ་པོ་དེ་འདྲ་ཆགས་རེད་པས།
གཞི་མེད་སྐྱོན་བརྗོད་།མི་འརྗོན་ཅན་དེ་དག་ཕྲག་དོག་བྱེད།
ད་རྒྱ་ནག་བསྐོར་ལ་རྩོམ་ཡིག་ག་ཚད་འདུག
མཆན་འགོད་ག་ཚད་བྱས་འདུག
ཧ་གོ་ཡི་འདུག་ག
༼བོད་ནང་དྲག་གནོན་གཏོང་མཁན་གྱི་རྒྱའི་དམག་དཔོན་གསར་པ་ཞིག་བསྐོ་གཞག་བྱས་འདུག༽ བཙན་བྱོལ་ནང་ བློ་བཟང་སེང་གེའི་བཙན་བྱོལ་གཞུང་སྦོག་ལུག་པ་མ་ཚད་ ད་དུང་ཧམ་པའི་ ཁྲིམས་ཞིབ་པ་དེ་འདྲ་བཀོད་དགོས་ཡོད་ དམག་དཔོན་འདོན་བཞིན་འདུག