མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧང་གྷ་རིའི་རྒྱལ་སའི་སྲང་ལམ་ཞིག་ལ་ཏཱ་ལའི་བླ་མའི་སྲང་ལམ་ཞེས་བཏགས།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp
ཧྥུ་ཏན་གཙུག་ལག་སློབ་ཆེན་གསར་འཛུགས་བྱེད་པར་ངོ་རྒོལ་ཆེད་ཧང་གྷ་རིའི་རྒྱལ་སའི་སྲང་ལམ་བཞི་ལ་ཏཱ་ལའི་བླ་མའི་སྲང་ལམ་དང་ཡུ་གུར་དཔའ་པོའི་སྲང་ལམ་སོགས་ཚོར་བ་སྐྱེན་པའི་གནད་དོན་བཞི་ཡི་མིང་བཏགས་འདུགཉེ་ལམ་ཡུ་རོབ་ཀྱི་ཧང་གྷ་རིའི་སྲིད་འཛིན་གྱིས་རྒྱལ་སའི་ནང་རྒྱ་ནག་གི་ཧྥུ་ཏན་གཙུག་ལག་སློབ་ཆེན་ (Fudan University) ཞེས་པ་ཞིག་གསར་འཛུགས་བྱ་གཏན་འཁེལ་བ་བསྒྲགས་གནང་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢ ཉིན་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་པ་གྷར་གྷི་ཀོ་ར་ཇོ་ནི་ (Gergely Karacsony) ལགས་ཀྱིས། རྒྱ་ནག་གི་གཙུག་ལག་སློབ་ཆེན་གྱི་ལས་འཆར་དེར་ངོ་རྒོལ་གྱི་ཚུལ་དུ་ཉེ་འཁོར་གྱི་སྲང་ལམ་གཅིག་གི་མིང་ཏཱ་ལའི་བླ་མའི་སྲང་ལམ་དུ་བསྒྱུར་བ་ཡིན་སྐོར་བརྗོད་འདུགརྒྱལ་ས་བྷོ་དྷ་ཕེ་སི་ (Budapest ) གྲོང་ཁྱེར་སྤྱི་ཁྱབ་པ་གྷར་གྷི་ཀོ་ར་ཇོ་ནི་ལགས་ཀྱིས། ཧྥུ་ཏན་གཙུག་ལག་སློབ་ཆེན་གསར་འཛུགས་གཏན་འཁེལ་བྱུང་སྟབས། སྲིང་ལམ་བཞི་ཡི་མིང་བསྒྱུར་རྒྱུ་ཡིན་པ་དང་། གཅིག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་གནས་རྗེས་འབྲེལ་གྱིས་ཏཱ་ལའི་བླ་མའི་སྲང་ལམ་དང་། གཞན་དག་ནི་ཡུ་གུར་དཔའ་པོའི་སྲང་ལམ། ཧོང་ཀོང་དབང་དབང་སྲང་ལམ། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་ཡེ་ཤུ་ཆོས་པ་ཤི་ཧྲི་ཀང་ (Bishop Xie Shiguang) བཅས་ཀྱི་མིང་དུ་བསྒྱུར་གྱི་ཡོད་པ་དང་། སྲང་ལམ་དེ་དག་ནི་ཧྥུ་ཏན་གཙུག་ལག་སློབ་ཆེན་འཛུགས་ཡུལ་གྱི་ཉེ་འཁོར་ན་ཡོད་སྐོར་དང་། དབུས་གཞུང་གིས་རྒྱ་ནག་གི་གཙུག་ལག་སློབ་ཆེན་གསར་འཛུགས་ཀྱི་ལས་གཞི་དེ་མཚམས་འཇོག་བྱེད་པར་རེ་བ་བྱེད་ཀྱི་ཡོད་ནའང་། མཚམས་འཇོག་མ་བྱས་སྟབས་སྲང་ལམ་དེ་དག་གི་མིང་བསྒྱུར་དགོས་བྱུང་སྐོར་སོགས་བརྗོད་འདུག

ཡང་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་པ་གྷར་གྷི་ཀོ་ར་ཇོ་ནི་ལགས་ཀྱིས། རྒྱལ་སའི་ནང་ཧྥུ་ཏན་གཙུག་ལས་སློབ་ཆེན་གྱི་ལས་གཞི་བྱུང་བ་ལ་བརྟེན། ལོ་ངོ་སུམ་ཅུའི་གོང་བློ་སེམས་བརྟན་པོ་ཡིན་པའི་ཧང་གྷ་རིའི་འགྲོ་བ་མིའི་གཞི་རྩའི་རིན་ཐང་མང་པོ་ཞིག་ད་ལྟ་དོགས་པའི་གནས་སུ་ལྷུང་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་དང་རྒྱ་ནག་ནང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གནོན་ཤུགས་ཧང་གྷ་རི་གཞུང་གི་ནང་དུ་བསླེབས་ཡོད་པ་མ་ཟད། ལས་འཆར་དེའི་ལས་གཞི་ཁག་ཕྱི་གསལ་ནང་གསལ་མིན་པ་དང་། རྒྱ་ནག་ནས་བུ་ལོན་ས་ཡ་མང་པོ་ལེན་དགོས་པའི་བློ་འཚབ་ཡོད་སྐོར་བརྗོད་དེ་སྐྱོན་བརྗོད་གནང་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཧང་གྷ་རིའི་གཞུང་འཛིན་པས་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་དེ་ཧྥུ་ཏན་གཙུག་ལག་སློབ་ཆེན་གསར་འཛུགས་ཀྱི་ལས་གཞི་ལ་གན་རྒྱ་བཞག་སྟེ། ཕྱི་ལོ་ ༢༠༢༤ ནང་ཚུད་དུ་སྒོ་འབྱེད་བྱ་འཆར་ཡིན་འདུག་ལ། དེའི་ནང་སློབ་ཕྲུག་ ༦༠༠༠ ཙམ་གྱིས་སྒྱུ་རྩལ་དང་སྨན། དཔལ་འབྱོར་རིག་པ་དང་བཟོ་འགོད་རིག་པ་སོགས་སྦྱོང་ཐུབ་ཀྱི་ཡོད་པ་དང་། དགེ་ལས་ ༥༠༠ ཙམ་ལེན་འཆར་ཡོད་འདུག ལས་གཞི་དེའི་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༡༨ ཙམ་ཡིན་འདུག་པའི་ཁྲོད། ཨ་སྒོར་དུང་ཕྱུར་ ༡༥ ཙམ་རྒྱ་ནག་དངུལ་ཁང་གིས་བུ་ལོན་དུ་གཡར་གྱི་ཡོད་འདུག་ལ། དཔྱད་བརྗོད་པའི་གནས་ཚུལ་ལྟར་ན་ལས་གཞི་དེའི་འགྲོ་གྲོན་ནི་ཕྱི་ལོ་ ༢༠༡༩ ལོའི་ཧང་གྷ་རི་གཞུང་གིས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་ཐོག་བཏང་བའི་འགྲོ་སོང་ལས་མང་བ་ཡོད་འདུག

ཧང་གྷ་རིའི་ནང་ཧྥུ་ཏན་གཙུག་ལག་སློབ་ཆེན་སྒོ་འབྱེད་བྱུང་ཚེ་དེ་ནི་ཡུ་རོབ་ནང་གི་རྒྱ་ནག་གི་གཙུག་ལག་སློབ་ཆེན་དང་པོ་དེ་ཆགས་ཀྱི་ཡོད་པ་མ་ཟད། ཉེ་ལམ་སྤྱི་མཐུན་ཉམས་ཞིབ་ལྟེ་གནས་ཁང་ (Republikon Institute) གིས་བསམ་ཤོག་ཞིག་བསྡུས་པའི་ནང་། ཧང་གྷ་རིའི་མི་མང་གི་བརྒྱ་ཆའི་ ༦༦ གིས་ལས་གཞི་དེར་འདོད་མོས་མེད་པ་དང་། བརྒྱ་ཆའི་ ༢༧ གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཀོད་འདུག་ནའང་། ཧང་གྷ་རིའི་གསར་གཏོད་དང་འཕྲུལ་རིག་བློན་ཆེན་གཞོན་པ་ཐཱ་མཱ་སི་སི་ཁན་ཏ་ (Tamas Schanda) ཡིས། ཧྥུ་ཏན་གཙུག་ལག་སློབ་ཆེན་དེ་ནི་འཛམ་གླིང་གི་སློབ་གསོ་བཟང་ཤོས་ཐོབ་ས་ཞིག་ཡིན་ངེས་པ་བརྗོད་དེ་ལས་གཞི་དེ་ཧ་ཅང་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཧང་གྷ་རིའི་སྲིད་བློན་ཝེ་ཁི་ཁྲོར་ཨོར་བྷན་ (Viktor Orban) ལགས་ཀྱིས། རྒྱ་ནག་དང་ཨུ་རུ་སུར་ཕྱི་སྲིད་འབྲེལ་ལམ་ཤུགས་ཆེ་རུ་བཏང་སྟེ། ཨ་སྒོར་དུང་ཕྱུར་ ༢༡ ཙམ་གྱི་ལྕགས་ལམ་འཛུགས་པའི་ལས་གཞི་ཞིག་གི་མ་དངུལ་རྒྱ་ནག་ནས་གཡར་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཆོག་མཆན་མ་སྤྲད་པའི་རྒྱ་ནག་གི་འགོག་ཁབ་ ( Sinopharm) ལ་ཉེ་ལམ་ཧང་གྷ་རི་གཞུང་གིས་ངོས་ལེན་བྱས་པ་སོགས་ལ་བརྟེན། གཞུང་འཛིན་ཁ་གཏད་ཚོགས་པས་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་སྤྲེལ་ལེད་འཁྲབ་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཁྲིམས་དང་གསར་འགོད་རང་དབང་བཅོས་བསྒྱུར་དང་དམ་དྲག་བྱེད་བཞིན་པར་བརྟེན། ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་མང་པོ་ཞིག་ལ་ཁོང་ཁྲོ་བསླངས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ཧང་གྷ་རིའི་སྒེར་བཙུགས་གཙུག་ལག་སློབ་ཆེན་ཆེ་ཤོས་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་ (Central European University) ཡིས་རྒྱལ་ཁབ་གྱི་གནས་བབ་ཉེན་ཁའི་ནང་གཡུགས་ཀྱི་ཡོད་ཚུལ་བརྗོད་དེ་བསླབ་གཞི་ཕལ་མོ་ཆེ་ཧང་གྷ་རིའི་ནང་སྒོ་བརྒྱབ་དགོས་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese