མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུའི་ཐོག་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལྟ་གྲུབ་ཀྱི་ཐོག་ནས་ཆོས་ལུགས་ཕན་ཚུན་དབར་མི་འདྲ་བ་ཆེན་པོ་ཡོད་ནའང་། ཆོས་ལུགས་ཡོངས་ཀྱི་ཐུན་མོང་གི་བསླབ་བྱ་ནི་མི་བཟང་པོ་དང་དྲང་བདེན་བྱ་རྒྱུ་དེ་ཡིན་གསུངས།

ཁ་སང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་རྒྱའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༡༥ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུ་ཆེན་མོར་བརྙན་ལམ་བརྒྱུད་༧གོང་ས་མཆོག་ནས་བཀའ་སློབ་སྩལ་ཏེ། འཛམ་གླིང་གི་མི་ཚང་མ་མཉམ་ལས་མཉམ་འཚོ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་གསུངས། དེ་ཡང་མགོན་པོ་གང་ཉིད་མཆོག་གིས། མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། སྤྱིར་ང་ཚོ་འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཡོད་པ་དང་མ་འོངས་པར་ཚོད་དཔག་བྱ་རྒྱུའི་ནུས་པའང་ཡོད། དེ་མཚུངས་བཞིན་ཆོས་ལུགས་མི་འདྲ་བ་མང་པོ་དར་འཕེལ་བྱུང་བ་དང་། ཆོས་དད་རང་དབང་ནི་དོན་དངོས་ཐོག་བསམ་བློའི་རང་དབང་དང་མཚུངས་པ་ཡིན། འཛམ་གླིང་གི་ཆོས་ལུགས་ཚང་མར་ལྟ་གྲུབ་དང་སྲོལ་རྒྱུན་མི་འདྲ་བ་ཡོད་ཀྱང་། ཆོས་ལུགས་ཚང་མས་གཅིག་གྱུར་ཐོག་བྱམས་བརྩེ་དང་འདོད་ཆུང་ཆོག་ཤེས། བཟོད་སྒོམ། ཚུལ་ཁྲིམས་སོགས་ཉམས་ལེན་བྱེད་ཀྱི་ཡོད། དེ་བཞིན་ཆོས་མེད་མཁན་རྣམས་ལའང་འདོད་ཆུང་ཆོག་ཤེས་དང་ཚུལ་ཁྲིམས། གཞན་གཅེས་འཛིན་གྱི་བསམ་པ་དེ་དག་འབྲེལ་བ་ཡོད་པ་རེད།

ཆོས་ལུགས་ཚང་མས་སྙིང་རྗེ་དང་གཞན་ལ་གུས་བརྩི། གཞན་ཕན་གྱི་བསམ་བློ་བསྐྱེད་དགོས་པ་བསླབ་ཀྱི་ཡོད་པ་རེད། འོན་ཀྱང་ལྟ་གྲུབ་ཀྱི་སྒོ་ནས་ཆོས་ལུགས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་རེད། ང་ཚོས་ཆ་གཉིས་ཀྱི་ཐོག་ནས་དེ་ལྟ་དགོས་ཀྱི་ཡོད། དེ་ཡང་ཆ་གཅིག་ནི་ཆོས་ནས་གསུངས་པའི་བཟང་པོའི་ཡོན་ཏན་ནི་དྲང་ཚུགས་དང་ཚུལ་ཁྲིམས་རང་སོར་གནས་དགོས། དེ་བཞིན་གཞན་ཕན་གྱི་བསམ་པ་བཅངས་ཤིང་ཁོང་ཁྲོ་ཇེ་ཆུང་དུ་གཏང་དགོས་པ་ཡིན་ཞིང་། ཆོས་ལུགས་ཚང་མས་ཀྱང་དེ་ལྟར་སློབ་ཀྱི་ཡོད་པ་རེད། ཆ་གཞན་ནི་ལྟ་གྲུབ་ཀྱི་སྒོ་ནས་མི་འདྲ་བ་མང་པོ་ཡོད་ཀྱང་། ལྟ་གྲུབ་ཡོངས་རྫོགས་ཀྱིས་བརྩེ་བ་གོང་མཐོར་གཏོང་རྒྱུར་དམིགས་པའི་ཐབས་ལམ་ཡིན་ཞིང་། དེ་དག་གིས་དོན་དངོས་སུ་བརྩེ་བ་བསླབ་ཀྱི་ཡོད་པ་རེད། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་ཀྱིས་འཇིག་རྟེན་ཀུན་གྱི་བྱེད་པོོ་དཀོན་མཆོག་ཡིན་པ་ཁས་ལེན་གྱི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གཅེར་བུ་བ་དང་ནང་པ་རྣམས་ཀྱིས་རྒྱུ་མཚན་བཀོད་སྟངས་གོང་དང་མི་འདྲ་བར་གཞན་ཞིག་གི་རྗེས་སུ་འབྲང་གི་ཡོད་རེད། འོན་ཀྱང་ཆོས་ལུགས་ཡོངས་ཀྱིས་ཐུན་མོང་བའི་བསླབ་བྱ་ནི་མི་བཟང་པོ་དང་དྲང་བདེན་བྱ་རྒྱུ་དེ་རེད། ད་ལྟའི་ཆར་ང་ཚོས་ཆོས་ལ་དད་ཅིང་ཡིད་ཆེས་པའི་རིམ་པ་གཅིག་དང་ཆོས་ཀྱི་བསླབ་བྱ་བདེན་པར་སྨྲ་བ་དང་བྱམས་བརྩེ་དངོས་སུ་ཉམས་ལེན་མཁན་གྱི་རིམ་པ་གཉིས་སུ་དབྱེ་ཆོག་གི་རེད། དེང་གི་དུས་སུ་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཆང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ཡང་མི་ཡིན་པའི་ཆ་ནས་གཅིག་གྱུར་གྱི་འདུ་ཤེས་དང་། ཕན་ཚུན་གུས་བརྩི་དང་གཅིག་ཕན་གཅིག་གྲོགས་བྱ་དགོས། ཆོས་མེད་མཁན་ཚོར་དེ་ལྟར་དགོས་ངེས་ཡིན།

འདས་པའི་དུས་སུ་དང་དེང་སང་ཡང་སྟབས་མི་ལེགས་པ་ཞིག་ལ་ཆབ་སྲིད་དང་དབང་ཆའི་ཁེ་ཕན་སྲུང་སྐྱོབ་སླད་ཆོས་ལུགས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ལ། དེའི་དབང་གིས་རང་ཉིད་ཀྱི་དབང་ཆ་དང་ཁེ་ཕན་སོགས་ཀྱི་ཆེད་དུ་ཆོས་ལུགས་རྗེས་འབྲང་བ་ཕན་ཚུན་དབར་འཐབ་རྩོད་བྱུང་གི་ཡོད་རེད། འོན་ཀྱང་ད་ལྟའི་ཆར་ང་ཚོས་འདི་ལྟ་བུའི་འཁོན་འཛིན་གྱི་བསམ་པ་དེ་དག་རིང་དུ་འདོར་དགོས། ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་འདི་ལ་ང་ཚོར་ཉམས་མྱོང་མང་པོ་བྱུང་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་ང་ཚོས་ཆོས་ལུགས་ཀྱི་འཐེན་འཁྱེར་ཁ་ལ་འཁྱེར་ནས་འཁྲུག་རྩོད་བྱ་རྒྱུ་མཚམས་འཇོག་བྱ་དགོས། དུས་དེ་རིང་ནས་བཟུང་ང་ཚོ་མཉམ་ལས་མཉམ་འཚོ་བྱ་རྒྱུ་ནི་ངོས་ཀྱི་འབོད་སྐུལ་གཙོ་བོ་དེ་ཡིན། ཞེས་གསུངས།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༢༣ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese