མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་ཀྱི་སློབ་མ་ཁག་ཅིག་ལ་བཀའ་ཆོས་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཨིན་ཌོ་ནེ་ཤི་ཡའི་སློབ་མ་ཁག་ཅིག་ལ་ད་ལྟ་ང་ཚོ་ནད་ཡམས་དང་གོ་ལའི་ཚ་དྲོད་འཕར་བཞིན་པའི་དཀའ་སྡུག་གི་དུས་སྐབས་ཤིག་ཏུ་བསླེབས་ཡོད་ནའང་། སྙིང་སྟོབས་ཞུམ་པ་མེད་པར་འབད་བརྩོན་བྱས་ཏེ་དཀའ་ངལ་ལས་གྲོལ་ཐུབ་པའི་རེ་བ་བརླག་རྒྱུ་མེད་སྐོར་གསུངས།

His Holiness the 14th Dalai Lama’s Teaching. (Photo from the Live stream OHHDL, TTV)

དེ་རིང་སྔ་དྲོ་ཆུ་ཚོད་ ༩ སྟེང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་བརྒྱུད། ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་སངས་རྒྱས་པའི་ཆོས་ཀྱི་སྤྱི་བཤད་སྐོར་ནས་བཀའ་ཆོས་སྩལ་སྐབས། ངོས་རང་ནང་པའི་ཆོས་ཉམས་ལེན་མཁན་ཞིག་ཡིན་པའི་ངོས་ནས། ངོས་ཀྱི་དམ་བཅའ་གཅིག་ནི་འཛམ་གླིང་གི་ཆོས་ལུགས་ཚང་མའི་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུ་དེ་ཡིན། ནང་ཆོས་དང་ཧིན་རྡུ། ཡི་ཤུ། ཁ་ཆེ། གཅེར་བུ་བའི་ཆོས་ལུགས་སོགས་ཕན་ཚུན་གཏན་ནས་མི་འདྲ་ནའང། ཚང་མས་བྱམས་དང་སྙིང་རྗེའི་བསླབ་བྱ་ཉམས་ལེན་བྱེད་ཀྱི་ཡོད། དེ་ལྟར་ཆོས་ལུགས་སོ་སོའི་བྱམས་བརྩེའི་བསླབ་བྱ་གོང་འཕེལ་དང་སྲ་བརྟན་གཏོང་ཆེད། རང་རང་གི་གཞུང་ལུགས་ཀྱི་ལྟ་གྲུབ་མང་པོ་ཞིག་སྒྲུབ་བྱེད་དུ་བཀོད་ཀྱི་ཡོད་པ་དང་། ལ་ལས་འཇིག་རྟེན་བཀོད་པ་པོ་འདོད་པ་དང་། ལ་ལས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་པ་རེད། དེ་དག་ནི་བྱམས་བརྩེ་སྤེལ་བའི་ཐབས་ལམ་ཡིན་པ་རེད། ཐབས་ལམ་དེ་དག་ལ་བརྟེན་པའི་བསྒྲུབ་བྱ་ནི་མི་གཞན་ལ་བསམ་ཤེས་དང་སྙིང་རྗེ་ཅན་ཞིག་ཆགས་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ཆོས་ལུགས་མི་འདྲ་བ་སྣ་ཚོགས་པ་ཡོད་ཀྱང། ཚང་མའི་བསླབ་བྱ་གཅིག་པ་ཡིན་པ་རེད། དཔེར་ན། ཁ་ཆེས་ཨ་ལ་ཞེས་པའི་འཇིག་རྟེན་བཀོད་པ་པོ་ཞིག་འདོད་ཀྱི་ཡོད་རེད། འོ་ན་ཨ་ལ་གང་འདྲ་ཞིག་རེད་ཅེས་དྲིས་ཚེ། ཨ་ལ་ནི་བྱམས་བརྩེའི་ཐར་བའི་བདག་ཉིད་ཅན་གྱི་སྐྱབས་གནས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ཡེ་ཤུའི་སྟོན་པ་ཡིན་ན་ཡང་བྱམས་བརྩེའི་བདག་ཉིད་མཐར་ཐུག་ཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཨ་ལ་དང་ཡེ་ཤུའི་སྟོན་པ་ལ་འཇིག་རྟེན་བཀོད་པ་པོར་འདོད་མཁན་ཚོས་དམིགས་བསལ་གྱི་དད་པ་ཞིག་སྐྱེ་ཡི་ཡོད་པ་རེད། ནང་པ་དང་ལས་འབྲས་འདོད་མཁན་གྱི་ཆོས་ལུགས་ཚོས་ལས་ཀྱི་དབང་གིས་བྱུང་བར་འདོད་ཀྱི་ཡོད། དེ་དག་ལ་མི་འདྲ་བ་ཇི་ཙམ་ཡོད་ནའང་བསྒྲུབ་བྱ་གཙོ་བོ་ནི་བྱམས་དང་སྙིང་རྗེའི་ཉམས་ལེན་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ཆོས་ལུགས་ཕན་ཚུན་བར་གུ་ཡངས་ཀྱི་བསམ་པ་དང་ཕན་ཚུན་བསམ་ཤེས་གོང་མཐོར་གཏོང་རྒྱུ་ནི་ངོས་ཀྱི་དམ་བཅའ་ཡིན་པ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་མཆོག་གིས། ངོས་རང་ད་ལྟ་བར་དུ་རྒྱ་གར་ནང་དུ་མི་ལོ་མང་པོ་ཞིག་གི་རིང་གནས་སྡོད་བྱས་པ་རེད། རྒྱ་གར་ནི་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཡང་། གནའ་སྔ་མོ་ནས་ཆོས་ལུགས་མང་པོ་ཞིག་མཉམ་དུ་མཐུན་སྒྲིལ་གྱི་ཐོག་ནས་འཚོ་སྡོད་བྱེད་མུས་ཡིན་པ་རེད། དེར་བརྟེན་རྒྱ་གར་ནང་གི་ཆོས་ལུགས་མཐུན་སྒྲིལ་དཔེ་མཚོན་དུ་བླངས་ནས། འཛམ་གླིང་ས་ཕྱོགས་གང་སར་ཆོས་ལུགས་མཐུན་སྒྲིལ་གཏོང་ཐུབ་པའི་ནུས་པ་ཞིག་མཐོང་གི་འདུག་པས། ངོས་ཀྱི་དམ་བཅའ་གཅིག་ནི་ཆོས་མཐུན་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་རིང་ཨོན་ཌོ་ནེ་ཤི་ཡའི་ཆོས་གྲོགས་མང་པོ་ཞིག་མཇལ་བར་ངོས་རང་དགའ་བོ་བྱུང་། ཨིན་ཌོ་ནེ་ཤི་ཡར་མཚོན་ན་ཁ་ཆེ་ཡི་ཆོས་ཉམས་ལེན་བྱེད་མཁན་མང་པོ་ཞིག་ཡོད་པ་རེད། སྤྱིར་བཏང་ཆོས་ཉམས་ལེན་བྱེད་མ་བྱེད་ནི་མི་སྒེར་སོ་སོའི་འདོད་མོས་ཡིན་པ་རེད། འོན་ཀྱང་། ང་ཚོ་འགྲོ་བ་མི་ཞིག་ཡིན་པས་སྐྱེས་མ་ཐག་ནས་ཨ་མའི་བྱམས་བརྩེས་འཚོ་སྐྱོང་བྱས་ཡོད། མ་ཡི་བྱམས་བརྩེས་སྐྱོང་མེད་ཚེ་ཕལ་ཆེར་གསོན་པོ་གནས་ཐུབ་ཀྱི་མེད་པ་རེད། དེ་བཞིན་མ་ལས་བཙས་པའི་སེམས་ཅན་སུ་ཡིན་ནའང་མ་ཡི་བྱམས་བརྩེས་མ་བསྐྱངས་ན་ཚེ་སྲོག་གནས་ཐབས་བྲལ་བ་ཡིན། དེར་བརྟེན་བྱམས་བརྩེ་ནི་མིའི་རིགས་ཀྱི་འཚོ་གནས་ཀྱི་སྙིང་བཅུད་ལྟ་བུ་ཞིག་ཆགས་ཡོད་པ་རེད། འདས་པའི་ལོ་རྒྱུས་ཁྲོད་དང་ད་ལྟའང་རྙོག་འཛིང་ཅན་གྱི་གནས་ཚུལ་མང་པོ་ཞིག་བྱུང་ཡོད། དེ་དག་གི་འབྱུང་རྐྱེན་ནི་མིའི་རིགས་ལ་བྱམས་བརྩེས་འཕོངས་པ་དང་། ཕན་ཚུན་གཅེན་གཅུང་གི་འདུ་ཤེས་ཀྱིས་འཕོངས་པས་ཡིན། ཞེས་གསུངས་སོང་།

ངོས་ཀྱིས་བསམ་ན་ཨིན་ཌོ་ནི་ཤ་ཡའི་ནང་པ་རྣམས་ལ་གོ་སྐབས་དམིགས་བསལ་ཞིག་ཡོད་པ་རེད། དང་པོ་དེར་ཁྱེད་ཚོས་བྱམས་སྙིང་རྗེ་ལྟ་བུའི་བསླབ་བྱ་རྣམས་གཞན་ལ་བརྒྱུད་སྤྲོད་བྱེད་ཐུབ། བསླབ་བྱ་དེ་དག་ཁ་ཆེའི་གྲོགས་པོ་ཚོས་ཀྱང་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་ཆོས་ལུགས་ཚང་མས་བྱམས་སྙིང་རྗེའི་བསླབ་བྱ་བཤད་ཀྱི་ཡོད་ནའང་། ནང་པ་ཚོས་རང་གི་ཁ་ཆེ་གྲོགས་པོ་རྣམས་ལ་བྱམས་བརྩེ་བྱེད་ཐུབ་ཚེ། དེས་རང་བཞིན་གྱིས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་ཡོང་རྒྱུ་ཡིན་སྐོར་དང་། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཞེ་དྲགས་རྩ་ཆེན་པོ་རེད་འདུག རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་དེ་དཔེ་གལ་ཆེན་པོ་རེད་འདུག རང་དོན་སྒྲུབ་ན་བྱང་ཆུབ་སེམས་བསྒོམ། གཞན་དོན་སྒྲུབ་ནའང་བྱང་ཆུབ་སེམས་བསྒོམ། སྡིག་གྲིབ་སྦྱོང་བ་ལ་བྱང་ཆུབ་སེམས་བསྒོམ། ཚོགས་གསོག་པ་ལའང་བྱང་ཆུབ་སེམས་བསྒོམ་པ་བཅས་ཞེ་དྲགས་རེད་འདུག ཆོས་པ་ཡིན་མིན་དང་ནང་པ་ཡིན་མིན་གྱི་སྐད་ཆ་ཡོད་པ་མ་རེད། ཞེ་དྲགས་ཡག་པོ་རེད། ཅེས་གསུངས་སོང་།

His Holiness the 14th Dalai Lama’s Teaching. (Photo from the Live stream OHHDL)

དེ་རྗེས་སློབ་མ་ཞིག་གིས་ནད་ཡམས་ཀྱི་དུས་སྐབས་འདིར་ང་ཚོས་ཕན་གྲོགས་ཇི་ལྟར་བྱ་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ད་ལྟའི་དུས་སྐབས་འདིར་ནད་ཡམས་དང་། གོ་ལའི་ཚ་དྲོད་འཕར་བཞིན་པའི་རྐྱེན་གྱིས་གནམ་གཤིས་འགྱུར་ལྡོག་དང་ས་ཆ་གང་སར་མེ་སྐྱོན་ཆེན་པོ་ཤོར་གྱི་ཡོད་པ་རེད། ད་ལྟ་ང་ཚོ་མིའི་རིགས་འདི་གཉན་འཕྲང་ཅན་གྱི་དུས་སྐབས་ནང་སླེབས་ཡོད་པ་རེད་དེ། ང་ཚོར་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ཡོད་པ་རེད། དེར་བརྟེན་ང་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་དཀའ་ངལ་དེ་དག་ཉུང་དུ་གཏོང་དགོས། ད་ལྟ་སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་ནད་པ་མང་པོར་རོགས་འདེགས་བྱེད་ཀྱི་ཡོད་པ་དེར་ཡི་རངས་ཞུ་ཡི་ཡོད། གང་ལྟར་ནད་གཞི་འདི་རང་བཞིན་གྱིས་བརླག་འགྲོ་རྒྱུ་ཞིག་ཡིན་སྟབས་ང་ཚོའི་སྙིང་སྟོབས་ཞུམ་རྒྱུ་མེད། དེ་བས་ང་ཚོས་འབད་བརྩོན་བྱས་ཏེ་དཀའ་ངལ་དེ་ལས་གྲོལ་རྒྱུའི་རེ་བ་འཆང་དགོས། གལ་ཏེ་ང་ཚོའི་རེ་བ་བརླག་ཚེ། དེ་ནི་ཕམ་ཁ་ངོ་མ་དེ་ཡིན། དཀའ་སྡུག་ཆེ་ས་དེར་ཆོད་སེམས་བརྟན་པ་ཡོད་སྟབས། དཀའ་ངལ་ལས་གྲོལ་རྒྱུའི་གོ་སྐབས་ཆེ་བ་ཡོད། ང་རང་ཉིད་ཀྱི་མི་ཚེའི་ནང་ལའང་དཀའ་ངལ་མང་པོ་ཕྲད་མྱོང་ཡང་། ད་བར་རེ་བ་དོར་མ་མྱོང་། ངས་རྟག་ཏུ་ཐབས་ཤེས་བྱས་ཏེ་རེ་བ་དང་ཞི་བདེ་རྒྱུན་གནས་ཡོང་ཐབས་བྱས་ཡིན། ཞེས་བཀའ་ལན་བསྩལ་གནང་སོང་།

ཡང་བུད་མེད་སློབ་མ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་ཨིན་ཌོ་ནི་ཤི་ཡར་ཆིབས་བསྒྱུར་ནམ་བསྐྱང་རྒྱུ་ཡིན་མིན་དང་། ཨིན་ཌོ་ནི་ཤི་ཡའི་ནང་ཡོད་པའི་འཛམ་གླིང་གི་ནང་པའི་དགོན་པ་ཆེ་ཤོས་བྷོ་རོ་བྷུ་དྷར་ (Borobudur) དགོན་པ་དེ་ཉིད་ཉར་ཚགས་དང་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་སྐོར་བཀའ་འདྲི་ཞུས་སྐབས། ངོས་རང་ཐེངས་གཅིག་བྷོ་རོ་བྷུ་དྷར་དགོན་པར་མཇལ་བའི་གོ་སྐབས་བྱུང་། སྤྱིར་དགོན་པ་དེ་གལ་ཆེན་པོ་རེད་དེ། གཙོ་བོ་དེ་ནང་སེམས་ཀྱི་དགོན་པ་དེ་གལ་ཆེ་བ་རེད། ཞལ་འདོན་ཙམ་མིན་པར་བྱམས་བརྩེ་དང་རྣམ་དཔྱོད་གཉིས་ཟུང་སྦྲེལ་བྱས་ཏེ་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཏུ་སྒྱུར་ཐབས་བྱེད་དགོས་པ་རེད། བྷོ་རོ་བྷུ་དྷར་དགོན་པོ་དེ་ཁྱད་དུ་འཕགས་པ་ཞིག་རེད། ང་རང་ཐེངས་གཅིག་དེར་མཇལ་རྒྱུ་བྱུང་བ་རེད། མ་འོངས་པར་མཇལ་ཐུབ་མིན་ངས་ཤེས་ཀྱི་མེད་ཀྱང་། གལ་ཏེ་གོ་སྐབས་བྱུང་ཚེ་ངེས་པར་དུ་མཇལ་རྒྱུ་ཡིན། འོན་ཀྱང་བྷོ་རོ་བྷུ་དྷར་ངོ་མ་ནི་ང་ཚོའི་རྒྱུད་ལ་ཡོད་པ་རེད། དེ་ནི་རྣམ་དཔྱོད་དང་ཟུང་དུ་འབྲེལ་བའི་བྱམས་བརྩེ་དེ་ཉིད་རེད། དགོན་པ་སྟོང་པ་ཙམ་ཞིག་ལ་དོན་སྙིང་གང་ཡང་ཡོད་པ་མ་རེད། དགོན་པ་ངོ་མ་དེ་ང་ཚོའི་རྒྱུད་ལ་ཡོད་པ་རེད། ཅེས་བཀའ་ལན་བསྩལ་གནང་སོང་།

གསར་འགོད་པ། དཔལ་ལྡན། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༤ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 1

  1. Asanga says:
    ལོ་ 5 སྔོན།

    Wonderful!: བྱམས་བརྩེ་དང་རྣམ་དཔྱོད་གཉིས་ཟུང་སྦྲེལ་བྱས་ཏེ་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཏུ་སྒྱུར་ཐབས་བྱེད་དགོས་པ་རེད། བྷོ་རོ་བྷུ་དྷར་དགོན་པོ་དེ་ཁྱད་དུ་འཕགས་པ་ཞིག་རེད། ང་རང་ཐེངས་གཅིག་དེར་མཇལ་རྒྱུ་བྱུང་བ་རེད། མ་འོངས་པར་མཇལ་ཐུབ་མིན་ངས་ཤེས་ཀྱི་མེད་ཀྱང་། གལ་ཏེ་གོ་སྐབས་བྱུང་ཚེ་ངེས་པར་དུ་མཇལ་རྒྱུ་ཡིན། འོན་ཀྱང་བྷོ་རོ་བྷུ་དྷར་ངོ་མ་ནི་ང་ཚོའི་རྒྱུད་ལ་ཡོད་པ་རེད། དེ་ནི་རྣམ་དཔྱོད་དང་ཟུང་དུ་འབྲེལ་བའི་བྱམས་བརྩེ་དེ་ཉིད་རེད། དགོན་པ་སྟོང་པ་ཙམ་ཞིག་ལ་དོན་སྙིང་གང་ཡང་ཡོད་པ་མ་རེད། དགོན་པ་ངོ་མ་དེ་ང་ཚོའི་རྒྱུད་ལ་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese