མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་རམ་ན་ཐི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་ཐུགས་སྨོན་གནང་བ་དང་སྦྲགས། འདས་པའི་ལོ་ངོ་ ༦༢ རིང་རྒྱ་གར་གཞུང་གིས་བོད་མི་རྣམས་ལ་མཐུན་སྦྱོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་གནང་།

His Holiness the Dalai Lama with the President of India Ram Nath Kovind (then the Governor of Bihar) in Bodhgaya, Bihar, India on January 9, 2017. Photo by Tenzin Choejor

དེ་རིང་རྒྱ་གར་གྱི་སྲིད་འཛིན་རམ་ན་ཐི་ Ram Nath Kovind མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ལ་འཁྲུངས་སྐར་འཚམས་འཕྲིན་ཞིག་སྩལ་ཏེ། རྒྱ་གར་གྱིས་གནའ་དེང་གི་སློབ་གསོ་ཟུང་སྤྲེལ་གྱིས་འཛམ་གླིང་འདི་སྔར་ལྷག་གི་ཞི་བདེ་ཅན་ཞིག་ཏུ་བསྐྲུན་པའི་ནུས་པ་དམིགས་བསལ་ཡོད་སྐོར་གསུངས་ཡོད་པ་རེད།

༧མགོན་པོ་གང་ཉིད་མཆོག་གི་འཚམས་འཕྲིན་ནང་། ཁྱེད་རང་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱ་སྲ་བརྟན་དང་། དམིགས་བསལ་ཉམ་ཐག་རྣམས་ཀྱི་བདེ་སྡུག་སྲུང་སྐྱོང་གི་འབད་བརྩོན་ལ་ངོས་ནས་ཡི་རངས་ཞུ་ཡི་ཡོད།

རྒྱ་གར་ནི་གཞི་རྒྱ་ཆེ་བའི་རིག་གཞུང་དང་བསམ་བློའི་སྲོལ་རྒྱུན་སྣ་ཚོགས་མཉམ་གནས་བྱ་སའི་དུས་ཡུན་རིང་བའི་ཁྱིམ་ཞིག་ཆགས་ཡོད་པ་མ་ཟད། འཛམ་གླིང་གི་ཆེས་གྲགས་ཆེ་བ་དང་འཕྲུག་ཉམས་ཆེ་བའི་མང་གཙོའི་རྒྱལ་ཁབ་ཅིག་ཀྱང་ཡིན་ལ། རྒྱལ་ཁབ་ཀྱི་ཆེ་མཐོང་ཀྱང་རྒྱལ་སྤྱིའི་སྟེང་ཁྱབ་བཞིན་ཡོད།

འཛམ་གླིང་ནང་གཅིག་བརྟེན་གྱི་འདུ་ཤེས་འཕེལ་བཞིན་པའི་སྐབས་འདིར། ངོས་ནས་རྒྱ་གར་གྱིས་དེང་སང་གི་སྐབས་འདིར་འོས་ཤིང་འཚམས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྙིང་རྗེ་དང་འཚེ་མེད་ཞི་སོགས་བགོས་འགྲེམས་ཀྱིས། འགྲོ་བ་མིའི་རིགས་ཞི་བདེའི་ཕྱོགས་སུ་བསྐྱོད་པར་ལམ་སྟོན་སྣེ་འཁྲིད་ཐུབ་པའི་རེ་བ་ཡོད། ངོས་ནས་བློ་རྩ་བརྟན་པོའི་ཐོག་ནས་རྒྱ་གར་ལ་གལ་གནད་ཆེ་བའི་གནའ་བོའི་རིག་གཞུང་དག་དེང་དུས་སློབ་གསོར་མཐུན་སྦྱོར་གྱིས་འཛམ་གླིང་འདི་སྔར་ལྷག་གི་ཞི་བདེ་ཅན་ཞིག་ཏུ་བསྒྱུར་ཐུབ་པའི་ནུས་པ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།

ད་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༢ འཁོར་གྱི་ཡོད་སྟབས། ངོས་ནས་བོད་མི་ཚང་མའི་ཚབ་བྱས་ཏེ་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་དང་སེམས་བཟང་བཅིངས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese