མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོ་དུས་ཚིགས་གཅིག་ནས་གཉིས་ལ་བགོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཆར་ཅན་ལོ་རེར་གཏོང་སྲོལ་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་དེ་དུས་ཚིགས་གཅིག་ནས་གཉིས་ལ་བགོས་ཡོད་སྟབས། ད་ལྟ་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གིས་སློབ་མ་རྣམས་ལ་ལམ་སྟོན་གྱི་གཙོས་གྲ་སྒྲིག་ཨང་གསར་རེད་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱིས། འཆར་ཅན་ལོ་རེའི་ལོ་མཇུག་ཏུ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གཏོང་སྲོལ་ཡོད་པའི་སྒྲོམ་གཞིར་འགྱུར་བ་བཏང་སྟེ་དུས་ཚིགས་གཅིག་ནས་གཉིས་ལ་བགོས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༠ པ་དང་ ༡༢ པའི་ཡིག་རྒྱུགས་དེ། འདི་ལོའི་ཕྱི་ཟླ་ ༡༡ དང་ ༡༢ ནང་དུས་ཚིགས་དང་པོའི་ཡིག་རྒྱུགས་དང་། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ དང་ ༤ པའི་ནང་དུས་ཚིགས་གཉིས་པའི་ཡིག་རྒྱུགས་གཏོང་གཏན་འཁེལ་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་སུ་ད་ལྟའི་ཆར་འཛིན་རིམ་ ༡༠ པ་དང་ ༡༢ པའི་རྒྱལ་ཡོངས་ཡིག་རྒྱུགས་གཏོང་ཕྱོགས་ཐད་འགྱུར་བ་ཕྱིན་ཡོད་སྟབས། གྲ་སྒྲིག་ག་འདྲ་གནང་གི་ཡོད་མེད་དྲིས་སྐབས། ད་ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ (CBSE) ལམ་སྟོན་ཕེབས་པ་ལྟར་ཡིག་རྒྱུགས་ཐད་འགྱུར་བ་ཏོག་ཙམ་ཕྱིན་ཡོད་པས། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དུས་ཚིགས་དང་པོ་དང་གཉིས་པའི་ནང་ག་རེ་གནང་དགོས་པ་ཆ་ཚང་ལམ་སྟོན་ཡོད་པ་གཞིར་བཟུང་གིས་ང་ཚོས་ཤར་སྐྱོད་གནང་གི་ཡོད། ཅེས་དང་།  སམ་བྷོ་ཊའི་ནང་འཛིན་རིམ་བཅུ་པའི་སློབ་གྲྭ་ ༩ ཡོད་པའི་ནང་སློབ་ཕྲུག་ ༢༠༧ ནས་ཡིག་རྒྱུགས་ནང་མཉམ་ཞུགས་གནང་གི་ཡོད་པ་དང་། འཛིན་རིམ་བཅུ་གཉིས་ཀྱི་སློབ་གྲྭ་ ༤ ཡོད་པའི་ནང་སློབ་ཕྲུག་ ༡༢༤ ཡིག་རྒྱུགས་ནང་མཉམ་ཞུགས་གནང་གི་ཡོད་སྐོར་བརྗོད་བྱུང་།

ཡང་གསར་འགོད་པས་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས་སུ་གནད་དོན་དེའི་ཐད་བཀའ་འདྲི་ཞུས་པར་ཁོང་གིས། དེ་སྔ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་འཛིན་རིམ་ ༡༠ དང་ ༡༢ སློབ་ཚན་ནང་དུས་ཚིགས་དང་པོ་དང་དུས་ཚིགས་གཉིས་པའི་སློབ་ཚན་གང་ཡོད་པ་རྣམས་གཏན་འབེབས་བྱས་ཟིན་པ་རེད། ད་དུང་སློབ་ཁྲིད་གནང་སྟངས་ནི་དུས་རྒྱུན་ལྟར་གཅིག་མཚུངས་རེད། འོན་ཀྱང་ཡིག་རྒྱུགས་གཏོང་སྟངས་ཀྱི་ཐོག་ལ་ཁྱད་པར་ཏོག་ཙམ་ཡོད་པ་རེད། ང་ཚོས་ཤེས་རྟོགས་བྱུང་བ་ནི་དུས་ཚིགས་དང་པོ་དེ་ཕྱི་ཟླ་ ༡༡ གི་དཀྱིལ་ནས་ཡིག་རྒྱུགས་གཏོང་རྒྱུ་ཡིན་པ་དང་དུས་ཚིགས་གཉིས་པ་དེ་ཕྱི་ཟླ་ ༣ དང་ ༤ ནང་གཏོང་རྒྱུ་རེད་འདུག  དེ་ཡང་རྒྱ་གར་དབུས་གཞུང་གིས་ལམ་སྟོན་ཕེབས་པ་ལྟར་འབྲེལ་ཡོད་སློབ་སྤྱི་དང་དགེ་རྒན་ཚོར་གསལ་བཤད་ཆ་ཚང་ཞུས་ཟིན་པ་ཡིན། དེ་བཞིན་སློབ་ཚན་གཏན་འབེབས་གང་གནང་བ་དེའི་སྐོར་གསལ་བཤད་ཕྱིན་ཚར་ཡོད་རེད་བསམ་གྱི་འདུག  ད་དུང་དྲི་བ་ཡོང་སྟངས་དང་ལན་རྒྱག་སྟངས་ལ་འགྱུར་བ་ཏོག་ཙམ་ཡོད་པས་ཕྲུ་གུ་ཚོར་འགྲེལ་བརྗོད་ཆ་ཚང་བརྒྱབ་ཚར་བ་རེད། ཅེས་བརྗོད་བྱུང་།

སྤྱིར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་ཡིག་རྒྱུགས་དུས་ཚིགས་གཉིས་ལ་འགོས་པ་ཙམ་ལས། སློབ་ཕྲུག་གི་བསླབ་གཞིར་འགྱུར་བ་ཕྱིན་མེད་པ་དང་། རང་རེའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གིས་འབྲེལ་ཡོད་མངའ་སྡེ་སོ་སོའི་བཀོད་ཁྱབ་ལམ་སྟོན་གཞིར་བཟུང་། འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་སློབ་མ་ཡོངས་སློབ་གྲྭར་འཛིན་གྲྭ་འཚོགས་མུས་ཡིན་པ་མ་ཟད། ཏོག་དབྱིབས་གཉན་རིམས་ཀྱི་ལམ་སྟོན་གཞིར་བཞག་ཐོག དེ་སྔ་ནས་དྲ་ལམ་བརྒྱུད་སློབ་ཁྲིད་གནང་དགོས་པའི་རིགས་ལ་ཆད་ལྷག་མེད་པར་དྲ་ཐོག་སློབ་ཁྲིད་དང་། སློབ་གྲྭར་ཡོད་པའི་དགེ་སློབ་ཚང་མས་ཁ་རས་གྱོན་པ་དང་རྒྱང་ཐག་འཇོག་པ་སོགས་སློབ་གསོའི་བྱ་བཞག་མུ་མཐུད་སྐྱོང་གི་ཡོད་འདུག

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༠ པ་དང་ ༡༢ པའི་ཡིག་རྒྱུགས་ཆེན་མོའི་སྒྲོམ་གཞི་གསར་པ་བཟོས་པར་བརྟེན། སྤྱི་ཚོགས་ནང་དུས་ཚིགས་དང་པོའི་ཡིག་རྒྱུགས་དྲ་ལམ་དང་སློབ་གྲྭར་དངོས་སུ་གཏང་རྒྱུ་ཡིན་མིན། དེ་བཞིན་དུས་ཚིགས་དང་པོ་དང་དུས་ཚིགས་གཉིས་པའི་ཡིག་རྒྱུགས་དེ་གཉིས་ཀྱི་བརྒྱ་ཆ་བགོ་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད། ཡིག་རྒྱུགས་ག་དུས་གཏོང་གི་ཡོད་མེད་སོགས་སློབ་ཕྲུག་ཚོར་དོགས་གཞི་མང་པོ་བྱུང་གི་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༣ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese