མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཆོས་དཔོན་ཊུ་ཊུ་ཡི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་བརྙན་ལམ་ནས་ཡེ་ཤུའི་ཆོས་དཔོན་ཌེ་སི་ཊུ་ཊུ་མཆོག་གི་དགུང་གྲངས་དགུ་བཅུའི་འཁྲུངས་སྐར་ལ་འཚམས་འདྲི་དང་ཐུགས་སྨོན་མཛད་གནང་།ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷོ་ཨ་ཧྥེ་རི་ཁའི་ཆོས་དཔོན་ཆེན་མོ་ཌེ་སི་ཊུ་ཊུ་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་ལ་བརྙན་ལམ་ནས་འཚམས་འདྲི་ཞུས་ཏེ། འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་ཀྱི་ཕན་བདེའི་སླད། མུ་མཐུད་དུ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་སྩལ་གནང་མཛད་ཡོད་པ་རེད།

འཚམས་འདྲིའི་བརྙན་ལམ་དུ་༧གོང་ས་མཆོག་གིས། ངོས་ཀྱི་སྙིང་ནས་བརྩེ་ཞིང་བཀུར་འོས་པའི་ཆོས་ཕྱོགས་ཀྱི་གཅེན་པོ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག  ངོས་ནས་སྐུ་ཉིད་ལ་གུས་བཀུར་དང་ཡི་རངས་བྱེད་ཀྱི་ཡོད།  དེར་བརྟེན། དེ་རིང་ཁྱེད་ཉིད་དགུང་ལོ་ ༩༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་འདོད་བྱུང་། ད་ལྟ་ང་ཚོ་ཆོས་ཕྱོགས་མི་དག་ཆོས་དཔོན་ཊུ་ཊུ་མཆོག་ལྟ་བུའི་ཞི་བདེ་དང་བག་ཕེབས་ཀྱི་ངང་བཞུགས་མཁན་གྱི་རྗེས་སུ་འབྲང་དགོས་པ་རེད། མཚམས་རེར་ངེད་གཉིས་ནས་ཕན་ཚུན་ལ་ཆོབ་ལངས་ཏེ། ཆོས་དཔོན་ཊུ་ཊུ་མཆོག་གིས་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ངོས་ནས་འཇིག་རྟེན་བཀོད་པ་པོ་མི་འདོད་པར་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པས། མཚམས་རེར་ཁོང་གིས་རང་ཉིད་ལྷ་ཡུལ་ལ་ཕེབས་རྒྱུའི་གྲ་སྒྲིག་ཡོད་པ་དང་། ངོས་རང་འཇིག་རྟེན་གཞན་ཞིག་ཏུ་འགྲོ་སྲིད། ཅེས་སྐུ་མཚར་དང་སྦྲགས་ནས་སྐུ་རྩེད་ཞུས་མྱོང་། ངེད་གཉིས་ཀྱིས་ནུས་པ་གང་ཡོད་ཀྱིས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་བགྱིས་ཏེ། འཛམ་གླིང་ཞི་བདེ་ཡོང་ཐབས་ལ་འབད་མུས་ཡིན། དེར་བརྟེན་དེ་རིང་གི་དམིགས་བསལ་གྱི་ཉིན་འདིར་ངོས་ནས་ཁྱེད་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་དང་སྨོན་འདུན་ཡང་ཞུ།  ཞེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། བཀུར་འོས་ངོས་ཀྱི་ཆོས་གྲོགས་རྒན་པ་ལགས། ཁྱེད་ཀྱིས་འཛམ་གླིང་ནང་ཕྱག་སྟོན་ལེགས་པོ་ཞིག་གནང་དགོས་སྟབས། མུ་མཐུད་དུ་སྐུ་ཚེ་ཡུན་རིང་བཞུགས་རོགས་གྱིས། བྱམས་དང་སྙིད་རྗེ་ཡི་ཐོག་ནས་བཤད་ན། ང་ཚོ་ཨ་མའི་མངལ་དུ་ཡོད་དུས་དང་། མ་ཡི་མངལ་ནས་བཙས་ཟིན་རྗེས་ཀྱང་། མ་ཡི་བྱམས་སེམས་དང་བརྩེ་འདང་ནི་ང་ཚོ་འཚོ་ཐུབ་པ་དང་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱེལ་ཐུབ་པའི་ཆ་རྐྱེན་གཙོ་བོ་དེ་ཡིན། ང་ཚོའི་མི་ཚེ་ནི་མ་ཡི་བརྩེ་འདང་གི་ཐུ་འོག་དེ་ནས་མགོ་བརྕམས་པ་ཞིག་ཡིན་སྟབས། ང་ཚོས་མི་ཚེ་གང་བོར་སྙིང་རྗེའི་བསམ་བློ་དང་སེམས་པ་བཟང་པོ་བྱ་དགོས། དེང་གི་ཆར་ཚན་རིག་པ་ཚོས་ཀྱང་བྱམས་དང་སྙིང་རྗེ་ལྡན་པའི་མིའི་རིགས་ཀྱི་འཕྲོད་བསྟེན་ལེགས་པ་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། གལ་ཏེ་བྱམས་དང་བརྩེ་བས་ཕྱུག་པ་ཞིག་ཡིན་ཚེ། ངོ་རུ་འཛུམ་གྱིས་ཁེངས་ཡོང་བ་ནི་ཆོས་ཉིད་ཅིག་ཡིན། དེ་ལས་ལྡོག་ནས་སེམས་སུ་ཁེངས་དྲེགས་དང་སྡང་སེམས་ཀྱི་ཁེངས་ཚེ། ངོ་ཡི་འཛུམ་དེ་བཅོས་མ་ཞིག་ཏུ་གྱུར་འགྲོ་བ་རེད། བྱམས་དང་སྙིང་རྗེའི་ཉམས་ལེན་གྱིས་ང་ཚོའི་སྐྱེ་བ་ཕྱི་མ་དང་ལྷའི་གོ་འཕང་སོགས་ཐོབ་ཀྱི་རེད་ཟེར་གྱི་མེད། འོན་ཀྱང་། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་བྱམས་དང་སྙིང་རྗེའི་བསམ་བློ་ཞིག་དགོས་གལ་ཆེན་ཞིང་ཕན་ཐོགས་ཆེན་པོ་ཡོད། ཅེས་གསུངས།

གཞན་ཡང་སྲིད་སྐྱོང་སྤེན་པོ་ཚེ་རིང་མཆོག་གི་སྐུ་སྒེར་གྱི་ཊུ་ཝེ་ཊར་ཏུ། ༧གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་བར་གྲོགས་པོའི་འབྲེལ་ལམ་བཟང་པོ་ཡོད་པ་དངོས་སུ་མཐོང་ཐུབ་པས། དེ་ནི་ཆེས་དགའ་འོས་པ་ཞིག་དང་འགྲོ་བ་མི་བཟང་པོ་བྱེད་བར་བློ་སྐྱེད་གནང་གི་ཡོད་པ་རེད། སྐུ་ཉིད་ཡུན་རིང་བརྟན་པ་དང་། འགྲོ་བ་མིའི་རིགས་ཀྱིས་སྐུ་ཉིད་ཀྱི་ཐུགས་དགོངས་རྟོགས་པའི་སྨོན་འདུན་ཞུ་ཞེས་བྲིས་ཏེ། ཁོང་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་ཡོད་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༢༠ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 1

  1. Asanga says:
    ལོ་ 5 སྔོན།

    བྱམས་དང་བརྩེ་བས་ཕྱུག་པ་ཞིག་ཡིན་ཚེ། ངོ་རུ་འཛུམ་གྱིས་ཁེངས་ཡོང་བ་ནི་ཆོས་ཉིད་ཅིག་ཡིན། དེ་ལས་ལྡོག་ནས་སེམས་སུ་ཁེངས་དྲེགས་དང་སྡང་སེམས་ཀྱི་ཁེངས་ཚེ། ངོ་ཡི་འཛུམ་དེ་བཅོས་མ་ཞིག་ཏུ་གྱུར་འགྲོ་བ་རེད། བྱམས་དང་སྙིང་རྗེའི་ཉམས་ལེན་གྱིས་ང་ཚོའི་སྐྱེ་བ་ཕྱི་མ་དང་ལྷའི་གོ་འཕང་སོགས་ཐོབ་ཀྱི་རེད་ཟེར་གྱི་མེད། འོན་ཀྱང་། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་བྱམས་དང་སྙིང་རྗེའི་བསམ་བློ་ཞིག་དགོས་གལ་ཆེན་ཞིང་ཕན་ཐོགས་ཆེན་པོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese