མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་པའི་རྩྭ་སའི་འཛིན་ཡིག་ཕྱིར་བསྡུས་ནས་རྩྭ་ས་བཙན་འཕྲོག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

 རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ཁྲིན་ཏུའུ་རྫོང་གི་འབྲོག་སྡེ་ཁག་ཏུ་དེ་སྔ་རྩྭ་སའི་བདག་དབང་ལོ་ ༥༠ རིང་འབྲོག་པ་ཚོར་ཡོད་ལུགས་བརྗོད་དེ་འགྲེམས་སྤེལ་བྱས་པའི་རྩྭ་སའི་འཛིན་ཡིག་ཅེས་པ་ཕྱིར་བསྡུ་བྱས་ཏེ་ད་ནས་བཟུང་རྩྭ་སའི་བདག་དབང་རྒྱལ་ཁབ་ལ་ཡོད་པ་རེད་ཅེས་མི་མང་ལ་བཙན་གྱིས་མོས་མཐུན་ཡོད་པའི་མིང་རྟགས་རྒྱག་ཏུ་འཇུག་གི་ཡོད་འདུག

རྒྱ་གཞུང་ཉེན་རྟོག་པས་ས་གནས་འབྲོག་པའི་རྩྭ་སའི་འཛིན་ཡིག་ལ་ཞིབ་བཤེར་བྱེད་བཞིན་པ། བོད་ནས་འདི་གར་འབྱོར་བའི་པར།
དེ་རིང་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་བོད་མི་ཚོ་ལ་སོ་སོའི་རྩྭ་སའི་བདག་དབང་དེ་བོད་མི་རང་ཉིད་ལ་ཡོད་པ་དང་། ལོ་ངོ་ ༥༠ རིང་རྩྭ་སའི་བདག་དབང་ལ་སུ་གཅིག་གིས་ཐེ་བྱུས་བྱེད་མི་ཆོག་སྐོར་བརྗོད་དེ་རྩ་སའི་འཛིན་ཡིག་དེ་སྤྲད་ཡོད་ཀྱང་། ད་ལོ་ནས་འཛིན་ཡིག་དེ་རྒྱ་ནག་གཞུང་གིས་ཕྱིར་བསྡུ་བྱེད་བཞིན་པ་མ་ཟད། རྒྱ་གཞུང་གི་དམིགས་ཡུལ་གཙོ་བོ་ནི་འབྲོག་པ་ཚོ་ས་གནས་གཅིག་ཏུ་བསྡུས་ཏེ་སྟངས་འཛིན་དམ་དྲག་བྱེད་བདེ་བའི་ཆེད་དུ་ཡིན་ལ། འབྲོག་པ་མང་ཚོགས་ནས་ཕྱུགས་རིགས་ཀྱི་འཕེལ་ཁ་རྒྱས་ཤིང་སྔར་གྱི་རང་དབང་ལྡན་པའི་འབྲོག་པའི་འཚོ་ཐབས་ལ་དགའ་མོས་ཀྱིས་རྒྱ་གཞུང་གི་བྱེད་བབ་དེར་འདོད་མོས་བྱེད་ཀྱི་མེད་པ་མ་ཟད། གྲོང་གསེབ་ཅན་ཏུ་བསྒྱུར་ཏེ་མཐར་ས་རྩྭ་མེད་ལ་ཕྱུག་རིགས་ཀྱང་མེད་པ་ཞིག་ཏུ་འགྱུར་འགྲོ་ཉེན་ཡོད་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གིས་དེ་སྔོན་ནས་མཚོ་སྔོན་ཕྱོགས་ཀྱི་འབྲོག་པ་ཚོར་རྩྭ་ས་གཞུང་བཞེས་ཀྱི་ལས་གཞི་ལག་བསྟར་བྱས་ཡོད་པ་མ་ཟད། སྔ་ལོར་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སོའི་སྲིད་གཞུང་གིས་མི་མང་བསྡུ་སྐོང་བྱས་ཏེ། རྩྭ་སའི་སྐོར་གྱི་ཚོགས་འདུ་ཟེར་བ་ཞིག་བསྡུས་ཏེ། རྩྭ་སའི་བདག་དབང་སྐོར་ཀྱི་ལམ་སྟོན་དང་ས་འཛིན་ལག་དེབ་ཟེར་བའི་ཤོག་གྲངས་ ༡༧ ཅན་གྱི་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་ཏེ། འབྲོག་པའི་རྩྭ་ས་ནི་རྒྱལ་ཁབ་ལ་དབང་བས་རྒྱལ་ཁབ་ལ་ག་དུས་དགོས་མཁོ་ཡོད་ན། དེ་དུས་གཞུང་བཞེས་གཏང་ཆོག་པ་སོགས་ཀྱི་དྲིལ་བསྒྲགས་བྱས་ནས་ལག་བསྟར་མགོ་འཛུགས་བྱས་ཡོད་འདུག

མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་གཏོགས་སྐྱེ་རྒུ་མདོ་ཁྲིན་ཏུའུ་རྫོང་ཁོངས་ཀྱི་འབྲོག་པའི་རྩྭ་སའི་འཛིན་ཡིག བོད་ནས་འདི་གར་འབྱོར་བའི་པར།
སྔར་ལོར་རྒྱ་ནག་གཞུང་གིས་རྩྭ་ས་ཁག་ཕྱིར་བསྡུ་བྱེད་སྐབས་འདི་གའི་གསར་འགོད་པས་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་གནད་དོན་དེའི་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཕྱོགས་སུ་རྩྭ་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས། ཕྱུགས་སྐྱུར་རྩྭ་འདེམས་ལམ་ལུགས་སོགས་འབྲོག་པའི་རྩྭ་ཐང་དང་འབྲེལ་བའི་སྲིད་ཇུས་སྣ་ཚོགས་ཤིག་འཐེན་བཞིན་ཡོད་པ་དང་། སྤྱིར་ན་རྩྭ་ཐང་དང་འབྲེལ་བའི་སྲིད་ཇུས་མང་པོ་ཞིག་ལ་མིང་སྣ་ཚོགས་བཏགས་ཡོད་པ་ལས། ཡིན་པ་དེ་སྔོན་རྒྱ་ནག་གཞུང་གིས་རྩྭ་ས་འགན་གཙང་ལེན་ཞེས་རྩྭ་ཐང་དང་ཞིང་ས་སོགས་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད་པ་ལས་མི་མང་ལ་མེད་པའི་སྲིད་ཇུས་དེའི་ཁོངས་གཏོགས་ཡིན་པ་དང་། ད་ལྟའི་ཆར་དེ་སྔོན་གྱི་རྩྭ་སའི་སྲིད་ཇུས་མང་པོ་ཞིག་ལ་གྲུབ་འབྲས་གང་ཡང་མ་བྱུང་སྟབས། རྒྱ་ནག་གཞུང་གིས་འབྲོག་པ་ཚོའི་ཕྱུགས་རིགས་ཀྱི་གྲངས་ཀ་ལ་ཚོད་འཛིན་དང་རྩྭ་སའི་བདག་དབང་རྒྱལ་ཁབ་ལ་ཡོད་སྐོར་བརྗོད་དེ། རྩྭ་ཕྱུགས་དོ་མཉམ་ཟེར་བའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། ལས་གཞི་དེའི་ནང་ཁྱིམ་ཚང་མང་པོ་མཉམ་དུ་བསྡུས་ནས་མཉམ་ལས་ཁང་ཞེས་པ་ཞིག་ཆེད་འཛུགས་བྱས་ཏེ། འབྲོག་པའི་ཕྱུགས་རིགས་ཀྱི་གྲངས་ཀ་ལ་ཚད་བཀག་བཟོས་ཏེ། རྩྭ་སར་གནོད་སྐྱོན་མི་ཡོང་བ་བཟོ་དགོས་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་འབྲོག་པའི་རྩྭ་སའི་འཛིན་ཡིག་ཅེས་པའི་དཔེ་དེབ་དམར་པོ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང། རྩྭ་སའི་བདག་དབང་སྐོར་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དོན་དུ་རྩྭ་ས་སྡུད་སྤྱོད་དང་། འགན་གཙང་ལེན་བྱེད་མཁན་གནས་སྤོར་བ་དང་བདག་ཉར་བྱེད་པའི་ནུས་པ་ཤོར་བ། གཞན་ལ་བརྒྱུད་སྤྲོད་བྱེད་པ། ཕྱིར་སྤྲོད་པ། བུ་ཕྲུག་གིས་རྒྱུད་འཛིན་བྱེད་པ་བཅས་ཀྱི་དབང་གིས་རྩྭ་ས་བཀོལ་དབང་འགྱུར་ལྡོག་བྱུང་ཚེ། རྩྭ་སའི་འཛིན་ཡིག་བཟུང་ནས་ལས་ཁུངས་སུ་འགྱུར་ལྡོག་གི་འགྲོ་ལུགས་ལྟར་སྒྱུར་བཅོས་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་རྩྭ་ཐང་ལྟ་ཞིབ་དོ་དམ་སྡེ་ཁག་གིས་རྩྭ་བེད་སྤྱོད་གནས་ཚུལ་ཞིབ་དཔྱོད་བྱེད་སྐབས་རང་འགུལ་གྱིས་འཛིན་ཡིག་སྟོན་དགོས་པ། རྩྭ་ས་བཀོལ་སྤྱོད་བྱེད་པའི་དུས་ཡུན་ནི་འཛིན་ཡིག་གནང་བའི་ཉིན་ནས་བཟུང་མ་མཐའ་ལོ་ལྔ་བཅུ་ལ་འཕོ་འགྱུར་མི་བྱེད་ཅེས་དོན་ཚན་ལྔ་བཀོད་འདུག་ཀྱང་། སྲིད་གཞུང་གི་དགོས་མཁོ་ལྟར་རྩྭ་སའི་འཛིན་ཡིག་ཕྱིར་བསྡུས་ནས་ས་ཆ་གཞུང་གིས་ལེན་འགྲོ་ཡི་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་གསར་འགོད་པ།དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

སྐར་མ ༣༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese