མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཀློད་གྲོལ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་དགེ་འདུན་གྲགས་པ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། སྐུ་གཟུགས་གནས་སྟངས་བདེ་ཐང་མིན་པའི་རྐྱེན་གྱིས་ཁྲི་ཏུན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག

མཛོད་དགེ་སོག་ཚང་དགོན།

དེ་རིང་འདི་གའི་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༦ ཉིན་འཛིན་བཟུང་བྱས་པའི་མཛོད་དགེ་སོག་ཚང་དགོན་པའི་གྲྭ་དགེ་འདུན་གྲགས་པ་ལགས། འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་མཇུག་ཙམ་ལ་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་ལ་མཁྲིས་ནད་ཀྱི་ནད་གཞིའི་རྐྱེན་པས། ཁྲི་ཏུན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། ཕྱི་ཟླ་༨ པའི་ཟླ་མཇུག་ཙམ་ལ་དགེ་འདུན་གྲགས་པ་ལགས་ཀློད་གྲོལ་ཐོབ་ཐང་ནས་རང་ཁྱིམ་དུ་འབྱོར་ཡོད་ནའང་། ཁོང་གི་སྐུ་གཟུགས་བདེ་ཐང་མིན་པ་ཙམ་དུ་མ་ཟད། མཁྲིས་ནད་ཀྱི་རྐྱེན་པས་ད་ཆར་རྒྱ་ནག་གི་ཁྲི་ཏུན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་དུ་ཕྱིན་འདུག ད་ལྟ་ཁོང་གི་འགྲོ་འདུག་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས། ནང་མི་སྤུན་མཆེད་སུ་གཅིག་ཀྱང་ཁོང་གི་གནས་སྟངས་དང་གནས་ཚུལ་གླེང་སློང་བྱེད་ཐབས་མེད་པ་ཆགས་འདུག ཅེས་བརྗོད་བྱུང་ལ། གྲྭ་དགེ་འདུན་གྲགས་པ་ལགས་ཀློད་གྲོལ་བཏང་སྟེ། ཟླ་གཉིས་ཙམ་འགྲོ་བཞིན་ཡོད་པ་དང་། ཁོང་བཙོན་གྲོལ་བཏང་བ་ཙམ་ལས་འགྲོ་འདུག་གི་རང་དབང་གང་མེད་པའི་ཁར། ཟླ་རེ་བཞིན་ངེས་པར་དུ་ས་གནས་ཉེན་རྟོག་ཁང་དུ་འགྲོ་དགོས་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་གྱི་མཚན་མོར་མཛོད་དགེ་སོང་ཚང་དགོན་པའི་གྲྭ་དགེ་འདུན་གྲགས་པ་དང་བློ་བཟང་ཤེས་རབ་གཉིས་གྲྭ་ཤག་ཏུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་། ཟླ་བཅུའི་རྗེས་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༦ པའི་ཚེས་ ༡༧ ཡས་མས་ཤིག་ལ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ས་ཁུལ་རྒྱལ་རོང་ཁྲོ་ཆུ་རྫོང་གི་ཁྲིམས་ཁང་ཞིག་གིས། དགེ་འདུན་པ་ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་དང་བོད་ཕྱི་ཕྱོགས་སུ་འབྲེལ་གཏུག་བྱས་ལུགས་ཀྱི་ནག་ཉེས་བཙུགས་ཏེ། གྲ་དགེ་འདུན་གྲགས་པར་ལོ་ ༥ བཙོན་འཇུག་དང་བློ་བཟང་ཤེས་རབ་ལ་ལོ་ ༤ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག སྐབས་དེར་དགེ་འདུན་པ་ཁོང་གཉིས་ཀྱི་ཁྲིམས་རྩོད་པར་ཉེས་འཛུགས་དག་འབུད་བྱེད་དབང་མེད་པ་དང་། ཞུ་སྦྱོར་བའི་ངོས་ནས་དག་སེལ་གྱི་སྐད་ཆ་བཤད་པའི་ཐོབ་ཐང་མེད་པ། ཁྲིམས་རའི་ནང་ཟུར་ཉན་དུ་འགྲོ་མཁན་ཚོར་དམ་དྲག་ནན་མོ་བྱས་པར་མ་ཟད། ཕ་མ་སྤུན་མཆེད་སོགས་སུའང་ཐུགས་འཕྲད་བྱེད་དུ་བཅུག་མེད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་དགེ་འདུན་པ་ཁོང་གཉིས་འཛིན་བཟུང་བཀག་ཉར་བྱེད་དོན་ཐད། མང་ཚོགས་ཁྲོད་ཁོང་གཉིས་ཀྱིས་བོད་ཕྱི་ཕྱོགས་ཀྱི་གསར་འགྱུར་གནས་ཚུལ་རིགས་ལ་ལྟ་ཉན་བྱས་བ་ཡིན་ཚུལ་སོགས་བསྒྲགས་ཡོད་ཀྱང་། ཕྱིས་སུ་ཁོང་གཉིས་འཛིན་བཟུང་བྱེད་དོན་ནི་ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ས་གནས་རྒྱ་གཞུང་གིས་༼མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ་༽ཞེས་པའི་འཛུགས་སྐྲུན་སྲིད་ཇུས་ལ་ཁ་གཡར་ནས། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་མུའུ་༤༠༠ དང་ཁྱིམ་ཚང་༢༠ ལྷག་གི་ས་ཁང་བཙན་འཕྲོག་བྱས་པའི་ཐད་ལ། ས་གནས་མི་མང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡ པོ་ནས་ཕལ་ཆེར་ལོ་གཅིག་གི་རིང་རྩྭ་སའི་བདག་དབང་ཕྱིར་སྤྲོད་དགོས་པའི་ཞི་རྒོལ་དང་ཞུ་གཏུག་གི་གནས་ཚུལ་ཕྱི་ཕྱོགས་སུ་བསྒྲགས་པའི་དོགས་གཞི་ཡིན་འདུག

ད་ལྟ་རང་ལོ་༤༥ ཡས་མས་ཤིག་ཡིན་པའི་དགེ་འདུན་གྲགས་པའི་ཕ་ཡུལ་ནི་ཟི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་བ་ཡིན་པ་དང་། ཁོང་ནི་སོག་ཚང་དགོན་རྒྱུད་པ་གྲ་ཚང་གསང་འདུས་ཁམས་ཚན་ནས་ཡིན་པ་རེད། གྲྭ་བློ་བཟང་ཤེས་རབ་ལགས་ད་ལྟ་དགུང་ལོ་ ༤༠ ཙམ་ཡིན་པ་དང་ཕ་ཡུལ་ཐང་སྐོར་ཡུལ་ཚོའི་མགོ་སེར་སྡེ་པ་ནས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese