མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མ་བསྟན་འཛིན་འཛོམས་སྐྱིད་རྒྱལ་སྤྱིའི་མཛངས་མ་ཆེན་མོའི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་འདུག  

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཇམ་གྱི་མཛངས་མ་ཆེན་མོ་བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས་ཐའེ་ལན་ཌིའི་ནང་འཚོག་འཆར་ཡོད་པའི་འདི་ལོའི་རྒྱལ་སྤྱིའི་མཛངས་མ་ཆེན་མོའི་འགྲན་སྡུར་སྐབས་དགུ་པར་མཉམ་ཞུགས་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༡༧ ནས་ ཟླ་ ༡༢ ཚེས ༤ བར་ཐའེ་ལན་ཌིའི་གླིང་ཕྲན་ཕུ་ཀེཏ་ (Phuket) དུ། རྒྱལ་སྤྱིའི་མཛངས་མ་ཆེན་མོ ( Miss Grand International ) སྐབས་དགུ་པ་འཚོག་འཆར་ཡོད་ལ། འདི་ལོའི་འགྲན་ཞུགས་པའི་ཁྲོད་འཛམ་གླིང་རྒྱལ་ཁབ་ ༧༠ ལྷག་གི་མཛངས་མ་རྣམས་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། སྦེལ་ཇམ་གྱི་མཛངས་མ་ཆེན་མོ་བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག

བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས་ཁོང་མོ་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཨིན་ས་ཊི་ར་གྷ་རཱམ (Instragram)དུ། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱབ་སྐྱོར་བ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ཁོང་མོར་རྒྱལ་སྤྱིའི་མཛངས་མ་ཆེན་མོའི ( Miss Grand International ) འགྲན་སྡུར་ཁྲོད་ཞུགས་པའི་གོ་སྐབས་བྱུང་བ་དང་། ད་ལོར་འགྲན་སྡུར་ཁྲོད་མཛངས་མ་རྣམས་ཀྱི་པར་རིས་ངོ་དེབ་ཏུ་བཞག་སྟེ་དགའ་རྟགས་དང་བརྒྱུད་སྤེལ་གྱི་གྲངས་མང་ཉུང་ལ་གཞིགས་པའི་འགྲན་སྡུར་ཞིག་བྱེད་མུས་ཡིན་ཞིང་། ཟླ་འདིའི་ཚེས་ ༡༦ ནས་དྲ་ལམ་འགྲན་སྡུར་དེ་མཚམས་འཇོག་གི་ཡོད་སྟབས། ཁོང་མོའི་པར་རིས་རྣམས་ལ་དགའ་རྟགས་དང་བརྒྱུད་སྐུར་མང་པོ་བྱ་དགོས་པའི་རེ་སྐུལ་གནང་འདུག

རྒྱལ་སྤྱིའི་མཛངས་མ་ཆེན་པའི་ངོ་དེབ་ཏུ་གནས་ཚུལ་སྤེལ་བ་ལྟར་ན། མཛངས་མ་ཚོའི་པར་རིས་རྣམས་ལས་ངོ་དེབ་ཏུ་བརྒྱུད་སྐུར་གཅིག་རེ་བྱས་ན་བརྒྱ་ཆ་ ༣ རེ་དང་དགའ་རྟགས་རེར་བརྒྱ་ཆ་ ༡ རེ་ཡིན་ལ། བརྒྱུད་སྐུར་དང་དགའ་རྟགས་མང་ཤོས་ཐོབ་མཁན་གྱི་མཛངས་མ་ལྔ་ལ་རྒྱལ་སྤྱིའི་མཛངས་མ་ཆེན་མོའི་ཚོགས་གཙོ་སྐུ་ཞབས་ནཱ་ཝ་ཊི་ (Nawat Itsaragrisil)ལགས་དང་། ཚོགས་གཞོན་ཊེ་རི་སཱ (Mrs Teresa chaivisut)ལགས།  དེ་བཞིན་ ༢༠༢༠ ལོའི་རྒྱལ་སྤྱིའི་མཛངས་མ་ཆེན་མོ་ཨེ་བྷི་ནཱ་ཨེ་ཧྥའ་(Abena Appiah)ལགས་བཅས་ལྷན་དུ་ཁ་ལག་བཟའ་རྒྱུའི་གོ་སྐབས་ཡོད་པ་རེད་འདུག

ད་ལྟ་རང་ལོ ༢༠ ཡིན་པའི་བསྟན་འཛིན་འཛོམས་སྐྱིད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་འཚར་ལོངས་བྱུང་ཞིང་། ཕྱི་ལོ་ ༢༠༡༡ ཙམ་ལ་སྦེལ་ཇམ་ནང་གནས་སྤོར་བྱས་ཡོད་འདུག  ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་སྦེལ་ཇམ་གྱི་རྩེ་ཕུད་ཤོམ་སྟོན་མའི་ (Belgium Top Model) འགྲན་བསྡུར་ཞིག་གི་ནང་་མཉམ་ཞུགས་བྱས་ཏེ། འགྲན་ཞུགས་པ་བུད་མེད་ ༤༠༠ ནང་ནས་དངོས་གཞིའི་འགྲན་སྡུར་ཁྲོད་ཚུད་པའི་བུད་མེད་ ༦༥ ནང་འདེམས་ཐོན་བྱུང་ཡོད་འདུག་ལ། འདི་ལོར་སྦེལ་ཇམ་མཛངས་མ་ཆེན་པོའི་འགྲན་སྡུར་ཁྲོད་ཁོང་མོར་ཨང་རིམ་དང་པོ་ཐོབ་ཡོད་པ་རེད།

རྒྱལ་སྤྱིའི་མཛངས་མ་ཆེན་མོའི་འགྲན་སྡུར་ནང་དུ་རྒྱལ་ཁབ་སོ་སོ་ནས་རྒྱལ་ཁ་ཐོབ་པའི་མཛངས་མ་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ངོ་ཚབ་བྱས་ཏེ་འགྲན་སྡུར་ནང་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་ལ། མཛངས་མའི་འགྲན་སྡུར་དེ་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཐའེ་ལན་ཌི་ (Thailand) རྒྱལ་ཁབ་ནང་ནས་མགོ་བཙུགས་ཡོདའདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese