མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གྲོས་ཚོགས་འོག་མས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཆོད་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཚོང་འབྲེལ་ཤུགས་ཆེར་ཡོད་པའི་ཁྱིམ་མཚེས་རྒྱ་ནག་དང་མཐུན་གྲོགས་རྒྱལ་ཁབ་ཨ་རི་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཉི་ཧོང་གི་གྲོས་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་གཞི་གྲོས་འཆར་ཞིག་ལ་ལོ་གཅིག་ལྷག་ལ་རྩོད་གླེང་བྱུང་རྗེས་གཏན་འབེབ་བྱུང་འདུག

Lawmakers stand up to show their support as Japan’s parliament adopts resolution on human rights in China at the lower house of the parliament in Tokyo, Japan February 1, 2022, in this photo taken by Kyodo. Mandatory credit Kyodo/via REUTERS

རུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་འདས་པའི་ལོ་གཅིག་ལྷག་རིང་རྩོད་གླེང་ཤུགས་ཆེར་བྱུང་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་གཞི་གྲོས་འཆར་དེ་དངོས་སུ་གཏན་འབེབ་བྱས་ཏེ། ཉི་ཧོང་གི་འཛིན་སྐྱོང་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་སྒོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱུས་ལོན་གྱིས་དཀའ་ངལ་སེལ་ཐབས་གནང་དགོས་པའི་སྐུལ་འདེད་བཏང་ཡོད་འདུག

གྲོས་ཚོགས་ཀྱིས་གཏན་འབེབ་བྱས་པའི་གྲོས་ཆོད་དེའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བཀག་སྐྱིལ་ཁང་ཡོད་སྐོར་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་དང་བོད། ཧོང་ཀོང་བཅས་ནང་དུ་ཆོས་དད་རང་དབང་རྡོག་རོལ་གྱི་གནས་ཚུལ་ཐད་བློ་འཚབ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ནི་ནང་སྲིད་ཀྱི་གནད་དོན་ཙམ་ཞིག་མིན་པར། དེ་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་ལྡན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བློ་འཚབ་བྱ་འོས་པ་ཞིག་ཡིན་སྐོར་དང་། གྲོས་ཚོགས་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་ཁ་ཞིག་ཡིན་པ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་སོགས་འཁོད་འདུག

རྒྱ་ནག་ནི་ཉི་ཧོང་གི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཞིང་། ད་ལན་པེ་ཅིན་གྱི་དགུན་དུས་ཨོ་རྩེད་འཚོག་ལ་ཉེ་བའི་སྐབས་འདིར། གྲོས་ཚོགས་ཀྱིས་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་ཆོད་འདི་ལྟ་བུ་ཞིག་གཏན་འབེབ་བྱས་པ་དེས། ཉི་ཧོང་ལ་རང་ཤུགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་སླེབས་རྒྱུའི་ཉེན་ཁ་ཡོད། འོན་ཀྱང་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་གསར་དུ་བདམས་ཐོན་བསྐོ་གཞག་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ (Fumio Kishida)ལགས་ཀྱིས། དགོས་གལ་བྱུང་ཚེ་རྒྱ་ནག་ལ་བསྟུན་མཁན་ལྟ་བུ་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་མ་ཟད། བསྐོ་གཞག་བྱུང་ནས་ཟླ་བ་གཅིག་ལས་མ་འགོར་བར་ཡུལ་དེའི་རྒྱལ་སྲུང་བློན་ཆེན་ཟུར་པ་དམག་སྤྱི་ནཱ་ཀ་ཊ་ནི་(Gen Nakatani) ལགས་སྲིད་བློན་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སློབ་སྟོན་པར་བསྐོ་གཞག་བྱས་ཡོད་པ་རེད།

ཉི་ཧོང་གི་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྣེ་ཁྲིད་པ་འཐུས་མི་སྐུ་ཞབས་ཡ་སུའི་ཧྥུ་ན་ཡ་མ་ (Yasue Funayama) ལགས་ཀྱིས། གྲོས་ཆོད་གཏན་འབེབ་མ་བྱུང་སྔོན་གྱི་བཅར་འདྲི་ཞིག་གི་སྟེང་། གྲོས་ཆོད་འདི་ནི་རླབས་ཆེ་བའི་གོམ་པ་དང་པོ་དེ་ཡིན་པ་དང་། གལ་ཏེ་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གནད་དོན་དེ་ངོས་འཛིན་བྱས་ན། ད་གཟོད་ང་ཚོས་དེའི་ཐོག་ཕྱག་ལས་ག་རེ་གནང་དགོས་མིན་ལྟ་དགོས་རྒྱུ་རེད། ཅེས་བརྗོད་ཡོད་འདུག་ལ། ཁོང་གིས་གྲོས་ཆོད་འདིས་རང་ཤུགས་ཀྱིས་མ་འོངས་པར་ཉི་ཧོང་གི་བཟོ་གྲྭ་རྣམས་ཀྱིས་ཚོང་དོན་གཉེར་སྐབས་འགྲོ་བ་མིའི་ཐོབ་ཐང་གི་དོན་ཆེན་འདི་བརྩི་དགོས་པའི་ཁྲིམས་གཞིའི་རིགས་གཏན་འབེབ་ཡོང་རྒྱུར་ལམ་ཁ་ཕྱེས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

President Donald Trump, Japanese Prime Minister Abe Shinzo and Chinese President Xi Jinping attend a meeting at the G20 Summit in Osaka, June 28, 2019. Photo: Brendan Smialowski/AFP/GETTY IMAGES

ཉི་ཧོང་ནི་འདི་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་མཚོན་ཆེད་གཞུང་འབྲེལ་གྱི་སྐུ་ཚབ་མངག་གཏོང་མི་བྱེད་པའི་ཨ་རིའི་སྣེ་ཁྲིད་པའི་དམངས་གཙོའི་སྟོབས་ཆེན་རྒྱལ་ཁབ་གྲས་ཤིག་ཡིན་ཞིང་། ད་ལན་གྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཆོད་དེ་ཉིད་འདས་ལོ་ནས་གྲོས་ཚོགས་ཀྱི་མདུན་ཅོག་སྟེང་བསླེབས་ཡོད་ཀྱང་། ཉི་ཧོང་གི་ཆབ་སྲིད་ཁྲོད་ཚོང་འབྲེལ་ཤུགས་ཆེར་ཡོད་པའི་ཁྱིམ་མཚེས་རྒྱ་ནག་དང་མཐུན་གྲོགས་རྒྱལ་ཁབ་ཨ་རི་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྒྱུ་མཚན་གྱིས། གྲོས་ཆོད་ཀྱི་ནང་དོན་དང་ཚིག་འབྲུ་སོགས་ཀྱི་ཐད་ནས་ལྗིད་སྙོམས་ཡོང་རྒྱུར་འབད་བརྩོན་བྱས་ཡོད་ལ། ཐ་ན་གཞུང་འཛིན་གུ་ཡངས་དམངས་གཙོ་ཡར་རྒྱས་ཚོགས་པའི་འཐུས་མིའི་ཁྲོད་དུའང་བསམ་ཚུལ་མི་འདྲ་བ་བྱུང་སྟེ། རྙིང་ཞེན་ཅན་གྱི་འཐུས་མི་རྣམས་ཀྱིས་རྒྱ་ནག་གི་སྲིད་ཇུས་སྤྱི་དང་། དམིགས་སུ་རྒྱལ་སྲུང་གི་གནད་དོན་ཐད་ལ་རྒྱ་ནག་ལ་ལྟ་ཕྱོགས་ལེགས་པོ་མེད་ནའང་། འཐུས་མི་གཞན་རྣམས་ཀྱིས་རྒྱ་ནག་དང་དམ་དུ་འབྲེལ་བའི་ཚོང་འབྲེལ་གློད་རྒྱུར་ཐེ་ཚོམ་བྱེད་ཀྱི་ཡོད་པ་རེད།

ཉི་ཧོང་དུས་བབ་ཀྱི་དེ་འབྲེལ་གནས་ཚུལ་ནང་། གྲོས་ཚོགས་ཀྱི་གྲོས་ཆོད་དེ་ཉིད་འདས་ལོར་ཟིན་བྲིས་བཏབ་ནས་ད་བར་བསམ་ཚུལ་མི་མཐུན་པ་མང་པོ་ཐོན་པའི་རྐྱེན་གྱིས། དེ་རིང་གཏན་འབེབ་བྱུང་བའི་གྲོས་ཆོད་ཀྱི་ཚིག་གཞི་དང་གྲོས་ཚོགས་ནང་ཐོག་མར་འདོན་སྐབས་ཀྱི་ཚིག་གཞི་དབར་ཁྱད་པར་ཆེན་པོ་བྱུང་ཡོད་ཚུལ་འཁོད་འདུག དེ་སྔ་ “འགྲོ་བ་མིའི་ཐོབ་ཐབ་རྡོག་རོལ་”ཞེས་པའི་ཚིག་འབྲུ་དེ་ཉིད་ “འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་” ཞེས་པར་བསྒྱུར་ཡོད་ཅིང་། “ངོ་རྒོལ་སྐྱོན་བརྗོད་” ཅེས་པའི་ཚིག་དེ་ནག་བསུབ་བཏང་ཡོད་འདུག དེ་ཙམ་དུ་མ་ཟད་གྲོས་ཆོད་ནང་རྒྱ་ནག་ཅེས་གསལ་རྗེན་དུ་བརྗོད་མེད་པ་རེད་འདུག

ད་བར་ཧྥ་རན་སི་དང་། དབྱིན་ཇི། ཁེ་ན་ཌ། ལི་ཐུ་ནི་ཡ། ཧོ་ལན་ཌི་བཅས་ཀྱིས་གྲོས་ཚོགས་ངོས་ནས་ཀྱང་འདི་ལྟ་བུའི་གྲོས་ཆོད་གཏན་འབེབ་བྱས་ཏེ། རྒྱ་ནག་གིས་བོད་ཀྱི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། དེའི་ཁྲོད་ནས་ཧྥ་རན་སི་གྲོས་ཚོགས་ཀྱིས་རྒྱ་ནག་གིས་ཁུལ་དེར་མི་རིགས་རྩ་མེད་གཏོང་བཞིན་པའི་ངོས་འཛིན་བྱས་ཡོད་པ་རེད། ཨ་རིས་བསྟུན་མར་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སྲིད་ཇུས་ཁྲིམས་ཡིག་ (Uyghur Human Rights Policy Act) དང་། ཡུ་གུར་བཙན་བཀོལ་ངལ་རྩོལ་བཀག་སྡོམ་ཁྲིམས་ཡིག་ (Uyghur Forced Labor Prevention Act) གཏན་འབེབ་བྱས་ཏེ་ཤར་ཊུར་ཀི་སི་ཐན་ནས་བཙན་བཀོལ་ངལ་རྩོལ་ལས་ཐོན་སྐྱེད་བྱས་པའི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་བྱ་རྒྱུར་བཀག་སྡོམ་དང་། ཤར་ཊུར་ཀི་སི་ཐན་ནང་ཡོད་པའི་རྒྱ་རིགས་མགོ་འཁྲིད་རྣམས་ལ་དཔལ་འབྱོར་གྱི་ཉེས་ཆད་ལྕི་མོ་བཅད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དུས་རྒྱུན་ལྟར་ཨ་རིས་མཚོན་པའི་རྒྱལ་ཁབ་དེ་དག་ལ་ནང་སྲིད་ལ་ཐེ་བྱུས་བྱ་མི་ཉན་སྐོར་དང་། ཡུ་གུར་མི་རིགས་ས་ཡ་ ༡ ལྷག་བཀག་སྐྱིད་ཁང་དུ་ཌབཅུག་ཟེར་བ་དེ་དུས་རབས་འདིའི་རྫུན་གཏམ་ཆེ་ཤོས་དེ་ཡིན་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese