མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་དབང་ནོར་བུ་ལགས་མེས་ཚིག་དྲགས་རྐྱེན་འོག་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞས་པ་ཚེ་དབང་ནོར་བུ་ལགས་ནས་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་རང་ལུས་མེར་སྲེག་གནང་རྗེས། མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་ཐབས་གནང་ཡང་སྐུ་ལུས་མེས་ཚིག་དྲགས་རྐྱེན་འོག་འདས་གྲོངས་སུ་གྱུར་ཡོད་པ་རེད།

ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་བོད་ཀྱི་གཞས་པ་གྲགས་ཅན་ན་གཞོན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པ་དང་། འདི་ག་གསར་ཁང་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་གང་མང་ལ་འབྲེལ་བ་ཞུས་ནས། གནས་ཚུལ་ཁུངས་ལྡན་ཞིག་རག་ཐབས་གནང་ཡང་། ཟླ་འདིའི་མགོ་སྟོད་དུ་ཚེ་དབང་ནོར་བུ་ལགས་རྒྱལ་ས་ལྷ་སའི་བོད་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཁུངས་ལྡན་ཞིག་འབྱོར་བ་ལས་གནས་ཚུལ་གཞན་གང་ཡང་ལག་སོན་མ་བྱུང་ཡང་། དེ་རིང་ཕྱི་ཚེས་ ༡༧ ཉིན་འདི་གར་གསར་འགོད་པར་ཕྱི་ཕྱོགས་ཀྱི་བོད་མི་ཞིག་བརྒྱུད། རྒྱ་ནག་ནང་དང་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བྱེད་མཁན་གྱི་མི་གཉིས་ལ་བཀའ་འདྲི་ཞུས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་དངོས་བདེན་ཡིན་པ་དང་སྨན་ཁང་དུ་སྐུ་གྲོངས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་ཕྱིན་པ་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་སྐབས་བཅུ་དྲུག་པའི་བཀའ་ཤག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཚེ་འདས་རྒྱལ་གཅེས་པ་ཚེ་དབང་ནོར་བུ་ལགས་ཀྱི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་དང་སྦྲགས། འདས་པོ་གང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོག་སྦྱང་གནང་བ་དང་འབྲེལ། མཐར་རྒྱལ་གཅེས་པ་ཁོང་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེ་བའི་ཐུགས་སྨོན་བཅས་གནང་ཡོད་པ་རེད།

པར་དབང་། བོད་མིའི་སྒྲིག་འཛུགས་དྲ་བ།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གསུམ་བཅུ་དུས་དྲན་ཐེངས་ ༦༣ པའི་གཞུང་འབྲེལ་མཛད་སྒོའི་སྟེང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གཉིས་ཀྱི་བསྒྲགས་གཏམ་ནང་ཚེ་དབང་ནོར་བུ་ལགས་ཀྱི་གཙོས་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་རང་ལུས་མེར་སྲེག་གནང་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དགོས་འདུན་དོན་ཚན་གསུམ་བཏོན་ནས།  ད་བར་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་གཏོང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱ་གཞུང་ནས་གོ་མེད་ཚོར་མེད་དུ་མ་བསྡད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་རྣམས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ངེས་པར་མཚམས་འཇོག་དགོས། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ལས་འགུལ་འདི་ནི་ཞི་རྒོལ་ཚད་མཐོ་ཤོས་ཤིག་ཆགས་ཡོད་པར་བརྟེན། ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། སྡེ་ཚན་ཁག་སོགས་ནས་ཐུགས་སྣང་ཆེར་བསྐྱེད་ཀྱིས་ཁོང་རྣམས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་གྱིས་བོད་དོན་བདེན་མཐའ་གསལ་ཐབས་ལ་བདེན་རྒྱབ་དཔུང་རོགས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་ཞུ་དང་།  མི་ལོ་ ༦༠ ལྷག་རིང་བོད་ནང་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཙོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱུན་མ་ཆད་པར་གནང་བཞིན་པ་རྣམས་ལ་རྒྱ་ནག་དབུས་སའི་དཔོན་རིགས་ཁག་གིས་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ཏེ། དོན་ཕན་ལྡན་པའི་བོད་རྒྱ་གཉིས་སྨན་ཡོང་ཕྱིར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་བཅས་རེད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཉིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལྔ་ཡི་གོ་སྒྲིག་འོག མེག་གྷན་ཁྲོམ་གཞུང་དུ་འདས་པོ་དམ་པ་ཚེ་དབང་ནོར་བུ་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམ་ཚེ་རིང་ལགས་ཀྱིས་བོད་ནང་མདུན་ལམ་བཟང་པོ་དང་མཚན་སྙན་ཡོད་པའི་གཞས་པ་ཁོང་ལྟ་བུས་སྐུ་ལུས་ཞུགས་འབུལ་གནང་དགོས་བྱུང་བ་དེས་བོད་ནང་གནས་སྟངས་ཛ་དྲག་པོ་ཇི་ཙམ་ཡོད་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

བོད་ཀྱི་ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་གྲོང་ཁྱེར་ཀོང་ཏུང་སྲུང་སྐར་བརྙན་འཕྲིན་ (Guangdong Satellite TV) ལས་རིམ་ནང་རྒྱ་ནག་ནང་གི་བུ་ཡག་པོ་ (Good Boys in China) ཟེར་བའི་གཞས་ཀྱི་འགྲན་བསྡུར་དུ་ཞུགས། ཁོང་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་སྡིངས་ཆ་མང་པོའི་སྟེང་མཉམ་ཞུགས་བྱས་ཡོད་ཀྱང་། ཁོང་གིས་སྐབས་མང་པོའི་རིང་རང་ཉིད་ཀྱི་མིང་བོད་ཡིག་ནང་འབྲི་དགོས་པ་དང་བོད་གཞས་བཏང་བ་སོགས་ལ་རྒྱ་རིགས་དཔྱད་འདེམས་པ་དང་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་བསྒྱུར་བསྟན་ཡོད་པ་རེད་ལ། དམ་པ་ཁོང་ནི་ནུབ་བརྒྱུད་སྡེ་ཚན་ནང་གི་རྩེ་ཕུད་སྒྱུ་རྩལ་བ་ ༡༢ ཀྱི་ཁོངས་སུ་ཚུད་པ་དང་། རྒྱ་ནག་རྒྱལ་ཡོངས་སུ་རྩེ་ཕུད་ ༤༨ ཁོངས་སུ་འདེམས་སྒྲུག་བྱུང་འདུག ཕྱི་ལོ་ ༢༠༡༧ ལོར་རོལ་དབྱངས་ཀྱི་རྒྱལ་ཡོངས་རྣམ་དཔྱོད་འགྲན་བསྡུར་སང་ཉིན་གྱི་བུ་ (The Son of Tomorrow) ཞེས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་སྡུར་ནང་ལ་མཉམ་ཞུགས་སྐབས་རྩེ་ཕུད་ ༩ པའི་ཁོངས་སུ་ཚུད། ཁོང་གིས་དེང་དུས་ཀྱི་གླུ་གཞས་མང་པོ་བཏང་བའི་ནང་། <<རྩམ་པ།>> དང་། <<གཟབ་མཆོར།>> <<བྱང་ཐང་ལ་བལྟ་བའི་མིག>> <<རང་མ་གཏོགས།>> <<ཁྱིམ་དུ་ལོག>> ཅེས་པ་སོགས་མང་པོ་བཏང་ཡོད་པས་བོད་ཙམ་མ་ཟད། རྒྱ་ནག་སྐམ་སའི་ནང་དུའང་སྐད་གྲགས་ཆེན་པོ་ཡོད་འདུག

གཞས་པ་དམ་པ་ཚེ་དབང་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་ད་ལྟ་རང་ལོ་ ༢༦ ཡིན་པ་རེད། ཁོང་གི་པ་ལགས་དཔལ་མགོན་རྫོང་ནས་ཡིན་པ་དང་མིང་ལ་ཆོས་རྒན་ཞུ་ཡི་ཡོད་ཅིང་ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཡིན་འདུག ཁོང་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་པ་མ་ཟད། ཨ་མ་ལགས་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་ཡིན་པ་དང་། ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ་ནི་སྐུ་གཤེགས་པ་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱི་ཨ་ཞང་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༨ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese