རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་དེས་རྒྱལ་སྤྱིའི་ཚོང་གཉེར་ཁང་མང་པོ་ཞིག་ལ་གྱོང་གུད་ཆེན་པོ་ཐེབས་ནས་དཔལ་འབྱོར་ཉམས་དམས་སུ་འགྲོ་བཞིན་ཡོད་འདུག
རྒྱ་ནག་གཞུང་གི་ཏོག་དབྱིབས་གཉན་རིམས་གཙང་སེལ་བྱ་རྒྱུའི་སྲིད་ཇུས་འོག རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་དོགས་གཟོན་དང་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་ལྟར། ད་ལྟའང་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་བཅུ་ལྷག་གི་ནང་དུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས། མི་གྲངས་ས་ཡ་ ༤༠ ཙམ་གྱི་འགྲོ་འདུག་སོགས་ལ་དམ་དྲག་ནན་མོ་བྱེད་ཀྱིན་ཡོད་མ་ཟད། ཚོང་འབྲེལ་དང་འགྲིམ་འགྲུལ་སོགས་ཀྱི་ཐད་ལ་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་སྟབས། རྒྱ་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་ཚོང་གཉེར་ཁང་མང་པོ་ཞིག་ལ་དཔལ་འབྱོར་གྱི་གྱོང་གུད་ཐེབས་མུས་ཡིན་པ་རེད་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱ་ནག་ནང་དུ་མུ་མཐུད་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་མུས་ཡིན་སྟབས། འདས་པའི་བདུན་ཕྲག་ཁ་ཤས་རིང་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་ཏོག་དབྱིབས་གཉན་རིམས་ལ་ཁག་གཡོགས་ཏེ། རྒྱ་ནག་གི་ཚོང་གི་ལྟེ་གནས་སུ་གྱུར་བའི་ཧྲང་ཧེ་གྲོང་ཁྱེར་ཚུད་པའི་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་བཅུ་གཉིས་ལྷག་གི་ནང་དུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་མི་མང་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དཀའ་ངལ་ཤུགས་ཆེན་འབྱུང་གི་ཡོད་འདུག་ལ། ཨུ་རུ་སུས་ཡུ་ཁེ་རན་ལ་བཙན་འཛུལ་བྱས་ཏེ་རྒྱལ་སྤྱིའི་བཟོ་ཚོང་ཁང་མང་པོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མུས་ཡིན་པའི་ཁར། རྒྱ་ནག་གིས་ཚོང་འབྲེལ་གྱི་ས་ཚིགས་གཙོ་བོར་གྱུར་བའི་གྲོང་ཁྱེར་ཆེ་གྲས་ཁག་སྒོ་བརྒྱབ་པ་དེས། རྒྱ་ནག་ནང་ལོགས་ཀྱི་བཟོ་ཚོང་ཁང་མང་པོ་ཞིག་གིས་ཚོང་ཟོག་ཐོན་སྐྱེད་དང་། ཚོང་འགྲེམས་སོགས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མི་གྲངས་ས་ཡ་མང་པོར་ཟླ་བ་ ༡ ལྷག་གི་རིང་ལ་ཁྱིམ་སྡོད་བཀག་རྒྱ་བསྡམས་པའི་རྐྱེན་གྱིས། མི་མང་པོ་ཞིག་ལ་སེམས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག
འདས་པའི་ལོ་ཤས་གོང་ནས་རྒྱ་ནག་ནི་རྒྱལ་སྤྱིའི་རླངས་འཁོར་ཚོང་འགྲེམས་ཤུགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཀྱང་། ཉེ་ལམ་ནས་རྒྱལ་སྤྱིའི་རླངས་འཁོར་བཟོ་ཚོང་སོགས་ཚུ
ཉེ་སྔོན་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ས་ཚིགས་གང་སར་སྨན་པ་དང་། འགོག་སྲུང་བ། དམག་མི་སོགས་འགྲེམས་འཇོག་བྱས་ཏེ། མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ནན་མོ་དང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ལ་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད་ཀྱང་། ཁྱིམ་སྡོད་བཀག་རྒྱའི་དུས་ཡུན་རིང་དྲགས་པའི་རྐྱེན་ཀྱིས་མི་མང་ལ་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་མང་དག་འབྱུང་གིན་ཡོད་པར་བརྟེན། ཁང་པའི་ཐོག་ནས་མཆོངས་བ་དང་དུག་ཟོས་པ་སོགས་བྱས་ནས་རང་ཤི་རྒྱག་མཁན་ཡང་ཡོང་གི་ཡོད་འདུག
ཉེ་སྔོན་སྤྱི་ཚོགས་དྲ་ལམ་ཁག་ཏུ། རྒྱ་ནག་ཏུ་སྨན་ཞབས་པ་དང་། དམག་མི། འགོག་སྲུང་པ་སོགས་ཀྱིས་མི་མང་གང་བྱུང་འཇུ་བཟུང་བྱས་ཏེ། བཙན་གྱིས་བརྟག་དཔྱད་བྱས་པའི་བརྙན་ཐུང་མང་པོ་ཞིག་ཁྱབ་ཡོད་པ་མ་ཟད། མི་མང་ལ་བཙན་གྱིས་ཏོག་དབྱིབས་བརྟག་དཔྱད་དང་ཟུར་བཀག་ཏུ་བཙན་ཉར། ཐ་ན་དབུགས་མ་ཆད་གོང་ནས་ཕུང་སྲེག་ཁང་དུ་བསྐྱལ་བ་སོགས་ཀྱི་གནད་དོན་བྱུང་བར་བརྟེན། རྒྱལ་སྤྱིའི་ཚོགས་སྡེ་མང་པོས་རྒྱ་ནག་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་སོང་།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི
རྒྱ་ནག་ནང་ཙམ་མིན་པར་བོད་ཁུལ་གང་སར་ཏོག་དབྱིབས་ནད་པ་ཐོན་ཏེ་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་པ་དང་། ཝུའུ་ཧན་ནས་ཏོག་དབྱིབས་གཉན་རིམས་རྒྱ་ཁྱབ་ཏུ་ཕྱིན་རྗེས། བོད་ནང་དུའང་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་མ་ཟད། ས་གནས་མང་ཚོགས་ནས་ཕྱི་ནང་གི་མི་འགྲོ་འོང་བྱེད་པར་བཀག་སྡོམ་ནན་པོ་བྱས་པར་བརྟེན། ས་གནས་གཞན་དང་བསྡུར་ན་བོད་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་མེད་པ་རེད།
རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་ཀྱིས་དཀའ་ངལ་ཤུགས་ཆེན་འཕྲད་མུས་ཡིན་ཡང་། རྒྱལ་སྤྱིའི་ཏོག་དབྱིབས་ཞིབ་གཤེར་བྱེད་ས་(World Meter) ལྟར་ན། ད་བར་རྒྱ་ནག་ཏུ་ནད་པ་མི་གྲངས་ ༢༢༡༠༤༥ བྱུང་བའི་ཁྲོད། མི་གྲངས་ ༥༢༠༥ རྐྱེན་འདས་སུ་ཕྱིན་ཡོད་ཅིང་། མི་གྲངས་ ༢༠༨༧༧༢ དྲག་སྐྱེད་བྱུང་ཡོད་འདུག་ལ། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་རྒྱ་ནག་ཁྱོན་ཡོངས་ནས་ནད་པ་གསར་པ་མི་གྲངས་༣༢༤ ལས་བྱུང་མེད་སྐོར་བསྒྲགས་འདུག
གསར་འགོད་པ། དཔལ་ལྡན།