མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཨ་སམ་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྨོན་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་ཨ་སམ་ཆར་ཤུགས་དྲག་པོ་བབས་རྐྱེན་འོག་ཆུ་ལོག་གི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པར་བརྟེན། དེ་རིང་༧གོང་ས་མཆོག་གིས་ཨ་སམ་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྨོན་དང་ཞལ་འདེབས་བཅས་གནང་འདུག

པར་དབང་། Tibettimes.net

དེ་རིང་ཕྱི་ཚེས་ ༢༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སཱར་མ་ (Dr. Himanta B. Sarma)ལགས་ཀྱི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་སྩལ་ཏེ། མགོན་པོ་གང་ཉིད་མཆོག་གིས། ད་ལྟའི་ཆར་ཨ་སམ་ནང་ཆར་ཤུགས་དྲག་པོ་བབས་པ་ལ་བརྟེན་ནས། ཆུ་ལོག་རྒྱུགས་ཏེ་མི་མང་ས་ཡ་མང་པོའི་འཚོ་བར་གནོད་སྐྱོན་ཕོག་པ་དང་འདས་གྲོངས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་དང་ཐུགས་ཁྲལ་གནང་གི་ཡོད་སྐོར་གསུངས་འདུག

དེ་འབྲེལ་བཀའ་ཡིག་ནང་། ཨ་སམ་དང་རྒྱ་གར་གྱི་ས་ཁུལ་གཞན་གྱི་ནང་ཆར་དུས་ཀྱིས་ལོ་ནས་ལོ་བསྟུན་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པ་ནི་ཆེས་སྟབས་མི་ལེགས་པ་ཞིག་རེད། ཁྱེད་ཀྱི་མངའ་སྡེའི་མི་མང་ཆུ་ལོག་ཁྲོད་དཀའ་སྡུག་མྱངས་དགོས་བྱུང་བར་ངོས་ལ་སེམས་ངལ་བྱུང་། ངོས་ནས་ཁྱེད་དང་ཆུ་ལོག་ཁྲོད་འདས་གྲོངས་སུ་ཕྱིན་པ་དང་གནོད་སྐྱོན་ཕོག་པའི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད།

ངོས་ནས་ཆུ་ལོག་ཁྲོད་གནོད་སྐྱོན་ཕོག་མཁན་རྣམས་ལ་འབྲེལ་ཡོད་མང་པོས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་དང་ངལ་སེལ་རྒྱབ་སྐྱོར་གནང་བཞིན་པར་ཡི་རངས་སྔགས་བརྗོད་ཞུ་རྒྱུ་མ་ཟད། ཨ་སམ་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དང་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་དག་གི་སླད་དུ། ངོས་ནས་དགའ་ལྡན་ཕོ་བྲང་ཐེབས་རྩ་བརྒྱུད་ཞལ་འདེབས་ཤིག་རྒྱག་གི་ཡོད། ཅེས་གསུངས་འདུག

ད་ལྟའི་ཆར་རྒྱ་གར་ནང་ཆར་དུས་ཡིན་པ་ལྟར། རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་གཙོ་བྱས་པའི་མཱ་གྷ་ལ་ཡ་དང་ཨ་རུ་ན་ཅལ་སོགས་སུ་ཆར་ཤུགས་དྲག་པོ་བབས་རྐྱེན་འོག ཆུ་ལོག་གི་དཀའ་ངལ་འཕྲད་དེ། དེ་རིང་ཕྱི་ཚེས་ ༢༡ ཉིན་བར་གྱི་གནས་ཚུལ་ལྟར་ན། མངའ་སྡེ་དེ་དག་ནང་གི་མི་ ༡༣༡ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཨ་སམ་གྱི་མི་མང་ས་ཡ་ ༤།༧ ལྷག་གི་འཚོ་བར་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། ས་གནས་གནམ་གཤིས་བརྟག་དཔྱད་ཁང་གིས། ཨ་སམ་ནང་སྔར་ལྷག་གིས་ཆར་ཤུགས་ཆུ་ལོག་བརྒྱུག་རྒྱུ་ཡིན་པའི་སྔོན་བརྡའང་བཏང་འདུག་ལ། ད་སྔ་བར་ཆུ་ལོག་གི་གནོད་སྐྱོན་ཕོག་པའི་མི་མང་རྣམས་ལ་འཕྲལ་སེལ་སྡོད་སྒར་བཙུགས་པ་དང་། བཟའ་བཅའ་སོགས་འབྲེལ་ཡོད་མངའ་གཞུང་དང་དང་བླངས་ཚོགས་སྡེ་ཁག་གིས་རོགས་སྐྱོར་བྱེད་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese