མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་གཡེམ་གྱི་དོན་རྐྱེན་མང་དྲགས་ནས་མངའ་སྡེ་ཁྱོན་ཡོངས་སུ་ཛ་དྲག་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེའི་ནང་བུད་མེད་དང་བྱིས་པ་རྣམས་ལ་བཙན་གཡེམ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པའི་རྐྱེན་གྱིས་མངའ་སྡེ་ཁྱོན་ཡོངས་སུ་ཛ་དྲག་གི་ཉེན་བརྡ་བཏང་ཡོད་པ་རེད།

པར་དབང་། Times of India

དེ་རིང་རྒྱ་གར་གྱི་ཨན་ཌི་ཊི་བེ་ (ndtv) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེ་གཞུང་གིས། མངའ་སྡེ་དེའི་ནང་བུད་མེད་དང་བྱིས་པ་རྣམས་ལ་བཙན་གཡེམ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པའི་གནས་སྟངས་འོག མངའ་སྡེ་ཁྱོན་ཡོངས་སུ་བཙན་གཡེམ་གྱི་གནས་སྟངས་ཛ་དྲག་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེའི་ཐད་པན་ཇབ་ཀྱི་མངའ་སྡེའི་ནང་སྲིད་བློན་ཆེན་ཨ་ཊ་ཊཱར་ (Atta Tarar) ལགས་ཀྱིས། བཙན་གཡེམ་གྱི་དོན་རྐྱེན་ཇེ་མང་དུ་འགྲོ་ཡི་ཡོད་པ་ནི་སྤྱི་ཚོགས་དང་གཞུང་གཉིས་ལ་ཚབས་ཆེ་བའི་དོན་རྐྱེན་ཞིག་ཆགས་ཀྱི་ཡོད། དེར་བརྟེན། བཙན་གཡེམ་གྱི་དོན་རྐྱེན་མི་འབྱུང་བའི་སླད་དུ། ང་ཚོས་མངའ་སྡེ་ཁྱོན་ཡོངས་སུ་ཛ་དྲག་གི་ཉེན་བརྡ་བཏང་བ་ཡིན། ཞེས་བརྗོད་ཡོད་པ་དང་། པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེའི་ནང་ཉིན་རེར་བུད་མེད་དང་བྱིས་པ་ལ་བཙན་གཡེམ་བྱས་པའི་དོན་རྐྱེན་ཉུང་མཐར་ ༤ ནས་ ༥ བར་བྱུང་གི་ཡོད་འདུག

ད་ལྟའི་ཆར་པན་ཇབ་ནང་རྩུབ་སྤྱོད་ཀྱི་རིགས་མཚམས་འཇོག་ཡོང་ཐུབ་ཐབས་སུ། མངའ་སྡེའི་གཞུང་ངོས་ནས་རྩུབ་སྤྱོད་སྤེལ་མཁན་གྱི་མི་ཁག་ཅིག་འཛིན་བཟུང་བྱས་པ་དང་། བཙན་གཡེམ་མཚམས་འཇོག་ཅེས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་མ་ཟད། སྤྱི་དམངས་ཀྱི་ཚོགས་སྡེ་ཁག་དང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པའི་ཚོགས་སྡེ། ཁྲིམས་རྩོད་པ་དང་། དགེ་རྒན་སོགས་སུ་བཀའ་འདྲི་དང་ལམ་སྟོན་ཞུ་ཡི་ཡོད་པ་མ་ཟད། ཕ་མ་རྣམས་ནས་རང་གི་བྱིས་པར་བདེ་འཇགས་སྲུང་སྐྱོབ་ཀྱི་སློབ་ཁྲིད་གནང་དགོས་པ་དང་། འབྲེལ་ཡོད་མངའ་སྡེ་གཞུང་ནས་བཙན་གཡེམ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ཀྱི་ཁྲག་རྒྱུད་མགྱོགས་མྱུར་ཞིབ་འཇུག་བྱས་ཏེ། གནོད་འཚེ་སྤེལ་མཁན་གྱི་མི་དེ་དག་འཕྲལ་དུ་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

སྤྱིར་པ་ཀི་སི་ཐན་ནང་ཕོ་མོ་དབྱེ་འབྱེད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་བུད་མེད་ལ་འཚེ་བའི་བྱ་སྤྱོད་སྤེལ་ཤུགས་ཆེས་ཆེ་བའི་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་ཤིག་ཡིན་པ་རེད། འདས་ལོའི་རྒྱལ་སྤྱིའི་ཕོ་མོ་དབྱེ་འབྱེད་ཀྱི་ཞིབ་འཇུག་གྲུབ་དོན་ལྟར་ན། པ་ཀི་སི་ཐན་ནི་ཕོ་མོ་དབྱེ་འབྱེད་བྱེད་ཤུགས་ཆེ་ཤོས་ཀྱི་འཛམ་གླིང་རྒྱལ་ཁབ་མཐའ་མ་༤ བ་སྟེ། འཛམ་གླིང་རྒྱལ་ཁབ་ ༡༥༦ ལས་ཨང་རིམ་ ༡༥༣ པ་དེ་ཡིན་པ་རེད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བདེ་འཇགས་གླེང་སྟེགས་ཀྱི་ཞིབ་འཇུག་ཞིག་གི་ནང་། འདས་པའི་ལོ་ ༤ རིང་པ་ཀི་སི་ཐན་ནང་བུད་མེད་ཁྱོན་ ༡༤༤༥༦ ལ་བཙན་གཡེམ་གྱི་དོན་རྐྱེན་བྱུང་བའི་ཁྲོད། བུད་མེད་མང་ཤོས་ནི་པན་ཇབ་མངའ་སྡེ་ནས་ཡིན་པ་དང་། པ་ཀི་སི་ཐན་ནང་ཁྲིམས་ཀྱི་བརྒྱུད་རིམ་རིང་དྲགས་པ་དང་སྐྱེས་པའི་དབང་ཤུགས་ཆེ་དྲགས་པའི་གནས་སྟངས་འོག བཙན་གཡེམ་སོགས་ཀྱི་གནོད་འཚེ་ཕོག་པའི་བུད་མེད་རྣམས་ལ་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་ཐབས་མེད་པར་ངོས་འཛིན་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese