མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོ་དབྱར་གསེང་སྐབས་བོད་སྐད་ཡིག་གི་ཟབ་སྦྱོང་ལ་ཞུགས་མི་ཆོག་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་དབྱར་གསེང་དང་བསྟུན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཁང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་དབྱར་གསེང་སྐབས་རིག་ཚན་རིགས་(བོད་ཡིག་དང་འབྲེལ་བའི་སྦྱོང་ཚན་ཁག)ཀྱི་ཟབ་སྦྱོང་ནང་གཏན་ནས་ཞུགས་མི་ཆོག་པའི་བཀག་རྒྱ་བཀྲམ་འདུག

ཉེ་སྔོན་མགོ་ལོག་པདྨ་རྫོང་གི་སློབ་གྲྭ་ཞིག་ཏུ་བཅའ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་ཀྱི་ཟབ་སྦྱོང་སྤྲད་པ། པར་འདི་གར་མཁོ་སྤྲོད་བྱས།

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་དབྱར་དགུན་གྱི་གུང་སེང་སྐབས་སུ་སློབ་ཕྲུག་རྣམས་བོད་སྐད་ཡིག་གི་ཟབ་སྦྱོང་དང་གསུང་ཆོས་སོགས་སུ་ཞུགས་མི་ཆོག་པ་དང་། དེ་ལ་ཁྱིམ་བདག་གིས་འགན་ཡོངས་རྫོགས་འཁུར་དགོས་པའི་བཀའ་རྒྱ་གཏོང་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠  ཉིན་རྒྱ་ནག་གཞུང་འབྲེལ་དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཁང་གིས་“ཕྱི་ལོ་ ༢༠༢༢ ལོའི་སློབ་གྲྭ་ཆུང་འབྲིང་གི་དབྱར་གནང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ”་ཟེར་བ་ཞིག་སྤེལ་ཏེ། ཞིང་ཆེན་དེའི་ཁོངས་གཏོགས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་དབྱར་གསེང་སྐབས་རིག་ཚན་རིགས་(བོད་ཡིག་དང་འབྲེལ་བའི་སྦྱོང་ཚན་ཁག)ཀྱི་ཟབ་སྦྱོང་ལ་ཞུགས་མི་ཆོག་པ་དང་། ཁྱིམ་བདག་ཕ་མ་རྣམས་ཀྱིས་ཀྱང་སོ་སོའི་བུ་ཕྲུག་ཟབ་སྦྱོང་དེ་རིགས་ནང་གཏོང་མི་ཉན་པའི་བཀའ་རྒྱ་བསྒྲགས་འདུག

དེ་ཡང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཁང་གི་བཀའ་རྒྱ་དེའི་ནང་དུ། ས་གནས་ཁག་གིས་ཞིབ་བཤེར་སྐོར་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དབྱར་གསེང་རིང“ཉིན་བཤེར་དང་མཚན་བཤེར”ཟུང་འབྲེལ་དང“མཉམ་བཤེར་དང་འཐེན་བཤེར”ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ། རིག་ཚན་རིགས་(བོད་ཡིག་དང་འབྲེལ་བའི་སྦྱོང་ཚན་ཁག)ཀྱི་གསོ་སྦྱོང་སྒྲིག་གཞིས་མངོན་མེད་ཐབས་སྒྱུར་དང་སྒྲིག་འགལ་ངང་སློབ་འགོ་འཛུགས་པ་དང་། ལོ་གསུམ་ནས་དྲུག་བར་གྱི་སློབ་ལོ་མ་ལོན་གོང་གི་བྱིས་པར་དམིགས་པའི་གསོ་སྦྱོང་གཉེར་བ་སོགས་རིག་ཚན་རིགས་མིན་པའི་གསོ་སྦྱོང་སྒྲིག་གཞིའི་ཁྱབ་ཁོངས་ལས་བརྒལ་བའི་གནད་དོན་གཏན་ནས་མ་ཐོན་པ་བྱེད་དགོས་སྐོར་དང་། དྲ་ཐོག་ནས་ཀྱང་རིག་ཚན་རིགས་ཀྱི་གསོ་སྦྱོང་སྤྲོད་ཀྱི་ཡོད་མེད་ལ་བདེ་འཇགས་རང་བཤེར་ཐེངས་གཅིག་བྱེད་དགོས་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་གནད་འགག་གི་བརྗོད་དོན་མང་པོ་ཞིག་ལ་གོ་དཀའ་ཞིང་མགོ་རྙོག་ཆེ་བའི་ཚིག་རྫོབ་ཀྱིས་སྦེད་ཡོད་སྟབས། འདི་གའི་གསར་འགོད་པས་བོད་ནང་གི་འབྲེལ་ཡོད་ཅིག་ལ་རིག་ཚན་རིགས་ཟེར་ན་དོན་དག་རྡོག་རྡོག་དེ་ག་རེ་ལ་ཟེར་གྱི་ཡོད་མེད་དྲིས་པར་ཁོང་གིས། བརྡ་ཐོ་དེ་རིམས་ནད་འགོག་སྡོམ་དང་ཁོར་ཡུག་བདེ་འཇགས་ཆེད་ཡིན་ཟེར་ནས་སྤེལ་ཡོད་པ་དང་། རིག་ཚན་རིགས་ཞེས་པ་དེ་བོད་ཡིག་དང་འབྲེལ་བའི་སྦྱོང་ཚན་ཚང་མ་ལ་གོ་དགོས་ཀྱི་ཡོད་པ་དང་། སྔོན་ཆད་དབྱར་དགུན་གྱི་གུང་གསེང་སྐབས་སུ་སློབ་ཕྲུག་ཚོར་བོད་སྐད་ཡིག་གི་ཟབ་སྦྱོང་མང་པོ་ཡོད་ཀྱང་། ད་ནས་བཟུང་དེ་རིགས་འཚོག་ཆོག་གི་མེད་སྐོར་བརྗོད་བྱུང་།

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་མགོར་མགོ་ལོག་ཁུལ་ཐོག་ཏུ་སློབ་ཕྲུག་ཁག་ཅིག་གི་ཕ་མར་ཚོགས་འདུ་ཞིག་བསྡུས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསབ་སྦྱོང་ཟེར་བ་ཞིག་སྤྲད་ཡོད་པ་དང་། ཚོགས་འདུ་དེའི་སྟེང་ཕ་མ་དང་བུ་ཕྲུག་གི་བསམ་བློ་བསྒྱུར་བཀོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། སློབ་ཕྲུག་གི་བསམ་བློ་བསྒྱུར་བཀོད་བྱ་རྒྱུ་ནི་སློབ་གྲྭའི་དགེ་རྒན་དང་གྲོང་ཚོའི་ལས་བྱེད་པ་གཅིག་པུ་ཙམ་མིན་པར། སློབ་ཕྲུག་གི་ཕ་མས་འགན་ཁུར་དགོས་པ་དང་། ཕ་མ་ཚོ་རང་འགུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསོ་སྦྱོང་ལ་ཞུགས་ཏེ། རྒྱ་ཡིག་རྒྱ་སྐད་ཀྱི་གནས་ཚད་ཡར་རྒྱས་བཏང་རྗེས། རང་གི་བུ་ཕྲུག་ལའང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱང་བཅུག་ནས་རྒྱ་ཡིག་རྒྱ་སྐད་ཡག་པོ་བཤད་ཤེས་པ་དང་འབྲི་ཤེས་དགོས་སྐོར་བརྗོད་ཡོད་འདུག

འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་བསྒྱུར་སློབ་གསོའི་ཆེད་དུ་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་དུ་ཕ་མ་ཁྱིམ་བདག་རྣམས་ལ་སྔ་རྗེས་སུ་ཐེངས་ ༡༦ ཙམ་ལ་ཟབ་སྦྱོང་བསྡུས་ཡོད་པ་དང་། དེ་བཞིན་རྔ་བ་ཁུལ་དུ་སློབ་མའི་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་མིང་ཐོག་ནས་དམའ་འབྲིང་སློབ་གྲྭ་དང་། ལྷག་པར་དུ་བྱིས་གཉོར་ཁང་ཁག་ཏུ་ཉེན་རྟོག་མི་སྣ་ཆེད་གཏོང་གིས་དགེ་སློབ་རྣམས་ཀྱིས་སློབ་གྲྭའི་ཁོར་ཡུག་ནས་ངེས་པར་དུ་ཕན་ཚུན་རྒྱ་སྐད་བཤད་དགོས་པའི་སྒྲིག་གཞི་ལག་བསྟར་བྱེད་བཞིན་འདུག

ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་། ནང་ཆེན་རྫོང་མི་རིགས་ཆོས་ལུགས་ཁང་གི་བཀའ་རྒྱ། པར་འདི་གར་མཁོ་སྤྲོད་བྱས།

ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན། ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་། ནང་ཆེན་རྫོང་མི་རིགས་ཆོས་ལུགས་ཁང་ཟེར་བས་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དགོན་པ་དོ་དམ་ཁང་སོ་སོར་བཀའ་རྒྱ་ཞིག་བཀྲམ་པའི་ནང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་དགུན་གནང་གི་སྐབས་དང་བསྟུན། བོད་ཡིག་ཟབ་སྦྱོང་སྤྲོད་མཁན་གྱི་དགོན་པ་དག་ནི་གནད་དོན་ཆེ་བའི་དགོན་པའི་གྲས་སུ་འཇོག་རྒྱུ་དང་། ཟབ་སྦྱོང་རྩ་འཛུགས་དང་འཆར་འགོད་བྱེད་མཁན་གྱི་མི་སྒེར་ལ་ཁྲིམས་ལྟར་དགོན་པའི་ཡིག་ཐོ་ལས་ཕུད་ཅིང་། ཆོས་ལུགས་མི་སྣའི་དཔང་ཡིག་བསྡུ་དགོས་པར་མ་ཟད། སྤྱི་བསྒྲགས་བྱས་ཏེ་ཉེན་ཟོན་དགོས་པར་དྲན་སྐུལ་བྱེད་དགོས་པ། དེ་བཞིན་སློབ་མ་དང་ཁྱིམ་བདག་གི་བསམ་བློའི་སློབ་གསོའི་ལས་དོན་ལེགས་པོར་བསྒྲུབས་ཏེ། སྤྱི་ཚོགས་ནས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཉུང་དུ་གཏོང་དགོས་པ་མ་ཟད། གྲོང་རྡལ་སོ་སོར་དགོན་པས་སྤྱི་ཚོགས་སློབ་གྲྭ་འཚོགས་པའི་གནོད་སྐྱོན་རང་བཞིན་གསལ་པོར་ཧ་གོ་བར་བྱས་ཏེ། གཞོན་ནུ་དང་ལོ་ཆུང་ཚོའི་བསམ་བློའི་སློབ་གསོའི་བཙན་ས་བརྟན་པོར་བཟུང་ཞིང་། ཏང་དང་སྲིད་གཞུང་གི་སློབ་གསོའི་ལས་དོན་ཚད་མཐོ་རུ་གཏོང་དགོས་སྐོར་བཀོད་འདུག

འབྲེལ་ཡོད་གནས་ཚུལ། བོད་ཡིག་ཟབ་སྦྱོང་སྤྲོད་མཁན་དགོན་པ་དག་ལ་ཐག་གཅོད་ནན་མོ་བྱོས་ཟེར།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༥ སྔོན་ལ།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese