མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ཀྱི་རྒྱལ་ཁབ་གཉིས་རྒྱ་ནག་གི་ཚོང་འབྲེལ་ལྷན་ཚོགས་ཁོངས་ནས་ཕྱིར་ཐོན།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་ཡུ་རོབ་དཀྱིལ་ཤར་ཁུལ་གྱི་ཚོང་འབྲེལ་རྒྱ་སྐྱེད་ཀྱི་ཚོགས་ཁོངས་སུ་ཡོད་པའི་ཨེ་སི་ཁྲོ་ནི་ཡ་དང་ལ་ཏི་ཝ་ཡ་གཉིས་ནས་ཡུ་རོབ་ཀྱི་དམངས་གཙོའི་ལམ་ལུགས་དང་རང་དབང་གི་ཁྲིམས་སྒྲིག་ལ་བརྩི་སྲུང་བྱས་ཏེ་རྒྱ་ནག་གི་ཚོང་འབྲེལ་ཁོངས་ནས་ཕྱིར་ཐོན།

Estonia and Latvia leave China’s 16+1 trade group for China CEEC

ཁ་སང་ཕྱི་ཚེས་ ༡༡ ཉིན་ཡུ་རོབ་རྒྱལ་ཁབ་ཨེ་སི་ཁྲོ་ནི་ཡ་(Estonia)དང་ལ་ཏི་ཝ་ཡ་(Latvia)གཉིས་ཀྱིས་རྒྱ་ནག་གི་ཡུ་རོབ་དཀྱིལ་ཤར་ཚོང་འབྲེལ་ལྷན་ཚོགས(China-CEEC)ཟེར་བའི་ཚོགས་ཁོངས་ནས་ཕྱིར་འཐོན་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་མ་ཟད། དྲ་ལམ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་ནས་ཕྱིར་ཐོན་པའི་ཐད་གསལ་འདེབས་བྱས་པའི་ནང་། རྒྱ་ནག་གིས་ཡོ་རོབ་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་པ་ཡིན་ན། ཕྱོགས་གཉིས་ཀྱི་ཁེ་ཕན་དང་། རྒྱལ་སྤྱིའི་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་། རྒྱལ་སྤྱིའི་བཀོད་ཁྱབ་སྒྲིག་གཞི་ལ་བརྩི་བཀུར་བྱེད་ཐུབ་པ་ཞིག་ཡིན་དགོས། ཞེས་བརྗོད་འདུག

ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བྱས་ནས་ལོ་ ༡༠ ཕྱིན་པའི་དུས་ཡུན་ནང་དུ། རྒྱ་ནག་གི་ཚོང་འབྲེལ་མ་རྐང་འཛུགས་བསྐྲུན་བྱས་པར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ན་ཡང་། ལོ་སྔོན་མ་ནས་བཟུང་རྒྱ་ནག་གི་ཚོང་ལས་མཉམ་འབྲེལ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གི་དམངས་གཙོའི་ཁོར་ཡུག་ལ་དོ་ཕོག་འགྲོ་བཞིན་ཡོད་པའི་གནས་ཚུལ་འབྱུང་མུས་ཡིན་པ་དང་། ན་ནིང་ལི་ཐུའུ་ནི་ཡ་རྒྱལ་ཁབ་ཏུ་ཐའེ་ཝན་གྱི་དོན་གཅོད་ཁང་གསར་འཛུགས་བྱས་པའི་རྐྱེན་གྱིས། རྒྱ་ནག་གིས་གནོན་ཤུགས་སྤྲད་དེ་སུན་གཙེར་མང་པོ་བཟོས་མཐར། ལི་ཐུའུ་ནི་ཡས་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་དགོས་ཁེལ་ཡོད་པ་རེད།

རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་མཚམས་འཇོག་བྱས་པའི་རྒྱུ་མཚན་ནི།  རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ཏེ་ཡུག་ཁི་རེན་ནང་འབྱུང་བཞིན་པའི་དམག་འཁྲུག་གི་དཀའ་ངལ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་ཕི་ལོ་སི་མཆོག་གི་ཐའེ་ཝན་ནང་གི་གཟིགས་སྐོར་གྲུབ་རྗེས། རྒྱ་ནག་གིས་ཐའེ་ཝན་གླིང་ཕྲན་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པའི་གནས་སྟངས། དེ་བཞིན་རྒྱ་ནག་གིས་ཡུ་རོབ་ཀྱི་དམངས་གཙོའི་ལམ་ལུགས་དང་རང་དབང་གི་ཁྲིམས་སྒྲིག་ལ་གཏོར་བརླག་གཏོང་གི་ཡོད་པའི་བྱ་སྤྱོད་་ལ་ཁ་གཏད་གཅོག་ཆེད་དུ་ཡིན་སྐོར་རྗོད་ཀྱི་འདུག

ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཕྱི་འབྲེལ་མགྲིན་ཚབ་པ་ཝང་བན་པིན་གྱིས། ལི་ཐུའུ་ནི་ཡས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། རྒྱ་ནག་གཅིག་གི་སྲིད་ཇུས་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཆབ་སྲིད་དང་འབྲེལ་ལམ་འཛུགས་པའི་རྨང་གཞི་ཡིན། ཐའེ་ཝན་གྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། ལི་ཐུའུ་ནི་ཡའི་གཞུང་གིས་ཐའེ་ཝན་མཉམ་དུ་འབྲེལ་འདྲེས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་གཏོར་བཤིག་དང་། ཐའེ་ཝན་རང་བཙན་གྱི་རྩ་དོན་སྒྲུབ་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་པའི་ཐ་ཚིག་བསྒྲགས་ཡོད་སྐོར་བཤད་འདུག

Chinese Premier Wen Jiabao (L) attends a welcoming ceremony held for him by Polish Prime Minister Donald Tusk in Warsaw, Poland, April 25, 2012. (Xinhua/Pang Xinglei)

རྒྱ་ནག་གཞུང་གིས་ཚོང་ལས་རྒྱ་སྐྱེད་དང་མ་རྐང་འཕེལ་རྒྱས་གཏོང་ཆེད་ཕྱི་ལོ་ ༢༠༡༢ ལོར་ཡུ་རོབ་དཀྱིལ་ཤར་ཚོང་འབྲེལ་ལྷན་ཚོགས་(Cooperation between China and Central and Eastern European Countries)ཞེས་པའི་ཚོང་འབྲེལ་ལྷན་ཚོགས་དེ་ཧང་གྷ་རེའི་རྒྱལ་ས་བྷུ་ཌ་ཕི་སི་ཊི་(Budapest)ཟེར་བར་ཆེད་འཛུགས་བྱས་ཏེ། སྔ་རྗེས་སུ་ཚོགས་ཆེན་ཐེངས་ ༨ ཙམ་བསྡུས་་ཡོད་འདུག ད་ལྟའི་ཆར་ཚོགས་ཁོངས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་དང་གྷི་རི་སི། ཧང་གྷ་རི། ཕོ་ལན་ཌི། སིར་བྷི་ཡ། སི་ལོ་ཝ་ཁེ་ཡ་སོགས་རྒྱལ་ཁབ་ ༡༥ ཡོད་འདུག འདས་ལོར་ལི་ཐུའུ་ནི་ཡ་(Lithuania)རྒྱལ་ཁབ་ཚོགས་ཁོངས་ནས་ཕྱིར་ཐོན་དགོས་བྱུང་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༥ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༥ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese