མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུན་བཟང་སྒྲོལ་མ་ལགས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་བའི་བོན་གྱི་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཝཱ་རཱ་ཎ་སི་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་གཉེར་བ་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་དབྱིན་སྒྱུར་བྱས་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།

སྨན་རིའི་ཁྲི་འཛིན་མཆོག་ནས་རྔ་བ་ཀུན་བཟང་སྒྲོལ་མས་བསྒྱུར་བའི་བོན་གྱི་ལམ་རིམ་དབུ་འབྱེད་གནང་། ༢༠༢༢།༠༨།༢༡ པར་ཀུན་བཟང་སྒྲོལ་མས་མཁོ་སྤྲོད་བྱས།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོན་གྱི་དཔེ་མཛོད་ཁང་དུ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་ནས་ཝཱ་རཱ་ཎ་སི་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་གཉེར་བ་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་དབྱིན་སྒྱུར་བྱས་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་ཞེས་པ་དབུ་འབྱེད་མཛད་ཡོད་པ་དང་། བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་ནི་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པ་ཞིག་ཡིན་འདུག  དཔེ་དེབ་དབུ་འབྱེད་སྐབས་སྨན་རིའི་གླིང་གི་དགེ་བཤེས་རྣམ་པ་དང་། ཚོགས་སྡེ་ཁག་གི་དབུ་འཛིན། བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ་བཅས་ཕེབས་ཡོད་འདུག

རྔ་བ་ཀུན་བཟང་སྒྲོལ་མས་བསྒྱུར་བའི་བོན་གྱི་ལམ་རིམ་དབུ་འབྱེད་གནང་། ༢༠༢༢།༠༨།༢༡ པར་ཀུན་བཟང་སྒྲོལ་མས་མཁོ་སྤྲོད་བྱས།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཀུན་བཟང་སྒྲོལ་མ་ལགས་ལ་ཁོང་མོའི་བསྒྱུར་དེབ་སྐོར་དྲིས་པར། མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བོན་གྱི་ལམ་དེ་ཁོང་མོས་དབྱིན་སྐད་དུ་བསྒྱུར་ནས་དེ་འབྲེལ་ལམ་རིམ་གྱི་མ་ཡིག་ཁག་དང་ལམ་རིམ་གྱི་འགྲེལ་བའི་མ་ཡིག་རྣམས་ཕན་ཚུན་དཔྱད་བསྡུར་ལོ་མང་བྱས་པའི་ཁྲོད་ནས་གནད་དོན་འགའ་ཞིག་གི་སྐོར་དབྱིན་སྒྱུར་བྱས་ཡོད་ཅིང་། དེ་བཞིན་མེ་སྟོན་གྱི་ལམ་རིམ་དེ་ལ་ཤློོཀ་སུམ་བརྒྱ་ཉི་ཤུ་ཅན་ཞིག་དང་ཤློོ་ཀ་སུམ་བརྒྱ་སུམ་ཅུ་ཅན་བཅས་གཉིས་ཡོད་ཅིང་། ལམ་རིམ་འདི་ཡི་ཁྱད་ཆོས་ནི་གཞུང་ཚིག་རྣམས་བརྗོད་བདེ་ཞིང་། ངག་ལ་འཛིན་སླ་བ། མངོན་བརྗོད་འདྲ་མིན་སྣ་ཚོགས་དང་བརྡ་རྙིང་སོགས་གོ་དཀའ་བའི་མིང་ཚིག་གིས་བཅིངས་མེད་པར་མ་ཟད། ཡུལ་སྐད་དང་། སྐད་རིགས་གཞན་གྱི་མིང་ཚིག་མེད་པ། དེ་བཞིན་མཚུངས་བསྡུར་བྱས་ཚུལ་ནི་གོང་ཞུས་བཞིན་གཤེན་སྟོན་གྱི་ལམ་འགྲེལ་ནས་ཟུར་དུ་ཕྱུང་བའི་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་དེ་གཞི་ལ་བཞག་ནས་འགྲེལ་པ་དཔེ་གཞུང་ཁག་ལྔ་ཙམ་དང་། རྩ་བ་དཔེ་གཞུང་ཁག་གསུམ་ཙམ་ལ་དེང་རབས་ཀྱི་ཉམས་ཞིབ་ཐབས་ལམ་དང་འབྲེལ་ནས་མཚུངས་བསྡུར་བྱས་ཡོད། ཅེས་བརྗོད་བྱུང་།

རྔ་བ་ཀུན་བཟང་སྒྲོལ་མས་བསྒྱུར་བའི་བོན་གྱི་ལམ་རིམ་སུམ་བརྒྱ་ཉི་ཤུ་པ། ༢༠༢༢།༠༨།༢༡ པར་ཀུན་བཟང་སྒྲོལ་མས་མཁོ་སྤྲོད་བྱས།

ཀུན་བཟང་སྒྲོལ་མ་ལགས་ནི་བོད་རྔ་བར་སྐྱེས་ཤིང་། རྒྱ་གར་ལ་ཡོང་ནས་ཝཱཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བོན་གྱི་ལྟ་གྲུབ་དང་ནང་པའི་མཚན་ཉིད་རིག་པའི་སྐོར་ལ་ཤཱསྟྲི་དང་ཨཅཱརྱ་ཐོན་ཞིང་། ཉེ་ཆར་ནང་པའི་སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་ཝཱཎའི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་དུ་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ཡོད་འདུག  འདས་པའི་ལོ་བཅུ་ཙམ་གྱི་རིང་ལ་བོན་གྱི་ལམ་རིམ་སྐོར་ལ་དཔྱད་ཞིབ་དང་བོད་ཡིག་ནས་དབྱིན་སྒྱུར་བྱས། ད་ལྟའི་བར་དཔྱད་རྩོམ་དང་སྒྱུར་རྩོམ། ལྷུག་རྩོམ། སྙན་ངག་མང་པོ་བྲིས་པའི་ཁོངས་ནས་བྱ་དགའ་ཐོབ་མྱོང་བའི་དཔྱད་རྩོམ་བཅོ་བརྒྱད་ཕྱོགས་བསྒྲིགས་བྱས་ཏེ་<<བསམ་གཞིག་དང་ལྟ་ཚུལ་>>ཞེས་པའི་དེབ་ཅིག་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་བྱས་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༢༣ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢༤ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese