མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊུ་ཝི་ཊར་སྤྱི་ཚོགས་དྲ་གནས་ཕྱུག་བདག་ཆེན་མོ་ཞིག་གིས་ཉོས་ཟིན།

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་འཕྲུལ་རིག་བཟོ་སྐྲུན་དང་མཁའ་སྐྱོད་ཚོང་གཉེར་ཁང་(SpaceX)སོགས་ཀྱི་བདག་པོ་འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཨེ་ལོན་མ་སེཀ་ལགས་ཀྱིས་ཨ་སྒོར་དུང་ཕྱུར་ ༤༤༠ སྤྲད་དེ་ཊུ་ཝི་ཊར་སྤྱི་ཚོགས་དྲ་གནས་ཉོས་ཡོད་འདུག

Elon Musk entering the Twitter headquarters in San Francisco on October 26 CREDIT: AFP

འདི་ལོར་ཕྱུག་བདག་ཆེན་མོ་སྐུ་ཞབས་ཨེ་ལོན་མ་སེཀ་(Elon Musk)ལགས་ཀྱིས་སྤྱི་ཚོགས་དྲ་གནས་ཊུ་ཝི་ཊར་ཉོ་ཡི་ཡོད་པ་དང་འབྲེལ་ཏེ་གནས་ཚུལ་མང་པོ་ཞིག་ཐོན་ཡོད་པ་ལྟར། དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཊུ་ཝི་ཊར་སྤྱི་ཁྱབ་ལས་ཁུངས་ནས་དེ་འབྲེལ་གྱི་གནས་ཚུལ་གསར་པ་ཡོངས་བསྒྲགས་བྱས་མེད་ཀྱང་། ཊུ་ཝི་ཊར་གྱི་མ་རྐང་འཛུགས་མཁན་ཁག་ཅིག་ནས་སྤྱི་ཚོགས་དྲ་གནས་འདི་ཉོས་ཟིན་ཡོད་སྐོར་བརྗོད་ཡོད་འདུག་ལ། ཁ་སང་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱིས་སྒེར་གྱི་ཊུ་ཝི་ཊར་སྟེང་དུ། ངས་ཊུ་ཝི་ཊར་དྲ་གནས་དངུལ་གསོག་སྒྲུབ་ཀྱི་ཆེད་དུ་ཉོས་པ་མིན་པར། མི་ཀུན་ལ་འདྲ་མཉམ་གྱི་སྨྲ་བརྗོད་རང་དབང་གི་ཁོར་ཡུག་བསྐྲུན་རྒྱུ་དང་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཡོང་སླད་ཉོས་པ་ཡིན། ཞེས་བརྗོད་འདུག་ལ། ཁོང་སྒེར་གྱི་ཊུ་ཝི་ཊར་སྟེང་ཊུ་ཝི་ཊར་སྦྱིན་བདག་ (Chief Twit) ཅེས་བཀོད་འདུག

ཁ་སང་ཨ་རིའི་གྲོང་ཁྱེར་སན་ཧྥན་སི་ཁོ་ (San Francisco) རུ་ཡོད་པའི་ཊུ་ཝི་ཊར་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་གཉེར་བ་པཱ་རག་ཨེག་ར་ཝལ་(Parag Agrawal) དང་། དཔལ་འབྱོར་གྱི་འགན་འཛིན་ (Ned Segal)། དེ་བཞིན་སྲིད་ཁྲིམས་འགན་འཛིན་ (Vijaya Gadde) སོགས་ལས་གནས་ནས་ཐོན་ཡོད་འདུག་ལ། དེ་སྔོན་ཨེ་ལོན་མ་སེཀ་ལགས་ཀྱིས་ཊུ་ཝི་ཊར་དྲ་གནས་ཀྱིས་འཛད་སྤྱོད་པའི་སྨྲ་བརྗོད་རང་དབང་ལ་དོ་ཕོག་གཏོང་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་ཚུད་པའི་མི་སྒེར་གྱི་རང་དབང་སྨྲ་བརྗོད་ལ་བཀག་སྡོམ་བྱས་ཡོད་པ་རྣམས་སླར་གསོ་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཟླ་མཇུག་ཏུ་ཨེ་ལོན་མ་སེཀ་ལགས་ནས་ཊུ་ཝི་ཊར་ལ་ཨ་སྒོར་དུང་ཕྱུར་ ༤༤༠ སྤྲད་དེ་ཉོ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་དང་། དང་ཐོག་ཊུ་ཝི་ཊར་ཚོང་གཉེར་ཁང་ནས་ཨེ་ལོན་མ་སེཀ་ལགས་ཀྱི་རེ་འདོད་དེར་ཁས་ལེན་བྱས་མེད་ཀྱང་། ཕྱིས་སུ་འདི་ལོའི་ཕྱི་ཟླ་ ༡ ཙམ་ལ་ཨེ་ལོན་མ་སེཀ་ལགས་ཀྱིས་ཊུ་ཝི་ཊར་མ་རྐང་ཉོ་མགོ་བཙུགས་ཏེ། ཕྱི་ཟླ་ ༤ པའི་ཟླ་མགོར་མ་རྐང་བརྒྱ་ཆ་ ༩།༢ ཉོས་ནས་ཁོང་ཊུ་ཝི་ཊར་གྱི་མ་རྐང་བདག་པོ་ཆེ་ཤོས་སུ་གྱུར་ཡོད་འདུག  ཕྱི་ཟླ་ ༥ པའི་ནང་ཁོང་གིས་ཊུ་ཝི་ཊར་བེད་སྤྱོད་གཏོང་མཁན་རྫུན་མ་མང་བར་སེམས་འཚབ་ཡོད་སྐོར་བརྗོད་དེ། ཕྱི་ཟླ་ ༦ པའི་ནང་ཊུ་ཝི་ཊར་ཉོ་འདོད་མེད་སྐོར་བརྗོད་ཡོད་ཀྱང་། ཐོག་མའི་ཁས་ལེན་བཞིན་ཉོ་སྒྲུབ་དགོས་པའི་རྩོད་གླེང་ཤུགས་ཆེན་བྱུང་མཐར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཁོང་གིས་བསྐྱར་དུ་ཉོ་རྒྱུ་ཡིན་པའི་ཁས་ལེན་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༨ ནང་ཚུད་དུ་ཉོས་ཟིན་པ་དགོས་པའི་ཐག་གཅོད་ལྟར་ཉོས་ཟིན་ཡོད་འདུག

ཊུ་ཝི་ཊར་ནི་ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་དྲ་རྒྱའི་ཁེ་ལས་པ་ཇག་ཌོར་སི་(Jack Dorsey) དང་ཨ་རིའི་འཕྲུལ་ལས་རིག་པའི་ཁེ་ལས་པ་ནོ་གྷི་ལཱ་སི་(Noah Glass)། ཁེ་ལས་པ་བྷི་ཛི་སི་ཊོན་(Biz Stone)། འཕྲུལ་རིག་ཁེ་ལས་པ་ཕྱུག་བདག་ཆེན་མོ་ཨེ་ཝན་ཝེ་ལེམ་སི་ (Evan Williams) བཅས་མཉམ་སྦྲེལ་གྱིས་འཛུགས་སྐྲུན་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༧ པའི་ནང་ཊུ་ཝི་ཊར་སྤྱི་ཚོགས་དྲ་ཚིགས་མགོ་འཛུགས་བྱས་ཏེ་ད་ལྟའི་ཆར་གོ་ལ་ཡོངས་སུ་ཊུ་ཝི་ཊར་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་ ༣༩༦།༥ ཡོད་འདུག 

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese