རྒྱ་གར་ནང་བསྐྱོད་པར་ཐོངས་མཆན་སོགས་གང་ཡང་མེད་པའི་གནས་སྟངས་འོག་བོད་རིགས་བུ་མོ་དབྱངས་སྐྱིད་ཟེར་བ་ཞིག་འཛིན་བཟུང་བྱས་འདུག
དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། དབྱངས་སྐྱིད་ཟེར་བའི་བོད་པའི་བུ་མོ་ཞིག་རྒྱ་གར་གྱི་མངའ་སྡེ་བྷི་ཧར་གྱི་སི་ཏ་མར་ཧི་ (Sitamarhi) གྲོང་ཁྱེར་གྱི་ (Sonbarsa) གྲོང་གསེབ་བརྒྱུད་རྒྱ་བལ་གྱི་ས་མཚམས་བརྒལ་གྲབས་བྱེད་སྐབས། མཐའ་མཚམས་སྐོར་སྲུང་འགྲིམ་འགྲུལ་ཉེན་རྟོག་པས། རླངས་འཁོར་རྣམས་ལ་རྟོག་ཞིབ་བྱས་པ་བརྒྱུད། དབྱངས་སྐྱིད་རྒྱ་གར་ནང་བསྐྱོད་པར་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་སྟོན་རྒྱུ་མེད་པར་བརྟེན་ནས་འཛིན་བཟུང་བྱས་པ་ཡིན་སྐོར་བརྗོད་འདུག
དབྱངས་སྐྱིད་ (Yenki) ཀྱིས་རྒྱ་གར་དང་བལ་ཡུལ་གྱི་སྐད་མི་ཤེས་པར་བརྟེན། ལས་རོགས་ཤིག་གི་རོགས་རམ་འོག་འདྲི་ཞིབ་བྱེད་སྐབས། ཁོ་མོ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་སླད་རྒྱ་གར་ནང་ཡོང་བ་ཞིག་ཡིན་པ་དང་། ཁོ་མོར་རྒྱ་གར་ནང་བསླེབས་ཆོག་པའི་ཡིག་ཆ་ཚད་ལྡན་མེད་ནའང་། དེ་སྔ་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་དུས་འཁོར་དབང་ཆེན་ཞུས་རྗེས། བལ་ཡུལ་བརྒྱུད་རྒྱ་ནག་ཏུ་ཕྱིར་ལོག་མྱོང་ཡོད་འདུག
ད་ལྟ་ས་གནས་ཉེན་རྟོག་ཁང་དེས། རང་ལོ་ ༤༤ ཡིན་པའི་དབྱངས་སྐྱིད་ (Yenki) དང་ལྷན་དུ། བལ་ཡུལ་གྱི་མི་སེར་ཡིན་པའི་ཝི་ཤི་ཝ་ཀུ་མར་བླ་མ་ (Vishwa Kumar Lama) དང་སན་རྗུ་བླ་མ་ (Sanju Lama)། ཀམ་ལཱ་བླ་མ་ (Kamla Lama) བཅས་དང་རྒྱ་གར་བ་མོ་ཧ་མཱ་ཌི་ (Mohammad Salauddin) བཅས་འཛིན་བཟུང་བྱས་ཡོད་འདུག་ལ། ད་ལྟའི་ཆར་ས་གནས་ཉེན་རྟོག་པས་དབྱངས་སྐྱིད་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་མུས་ཡིན་སྐོར་བརྗོད་པ་ལས། ཁོ་མོའི་གནས་སྟངས་དངོས་དེ་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། དབྱངས་སྐྱིད་བོད་རིགས་ཡིན་པ་དང་པ་ལགས་ཀྱི་མཚན་ལ་དབང་འདུས་ཞུ་ཡི་ཡོད་པ་རེད།
ཡང་ཕྱི་ལོ་ ༢༠༢༡ ཟླ་ ༩ ནང་བལ་ཡུལ་དང་རྒྱ་གར་གྱི་ས་
གསར་འགོད་པ། བསྟན་འཛིན་ཕུར་བུ།