མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རེབ་གོང་རྫོང་གླིང་རྒྱ་སྡེ་བའི་ཆུ་མཛོད་འཛུགས་སྐྲུན་ལ་ཁ་གཡར་ཏེ་ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཉིན་གྲངས་བཅུའི་ནང་ཚུད་རྫོང་དེའི་ཁོངས་གཏོགས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པས་སྒྲིག་འགལ་བྱེད་མཁན་ཡོད་ན་ས་སྐྱིན་སྤྲོད་རྒྱུ་མིན་སྐོར་བསྒྲགས།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩

བོད་མཚོ་སྔོན་ཞིང་ཆེན་རེབ་གོང་གྲོང་ཁྱེར་མི་དམངས་སྲིད་གཞུང་ཟེར་བ་དེས་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བཀའ་རྒྱ་ཞིག་བཏང་སྟེ། བོད་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་གླིང་རྒྱ་སྡེ་བའི་ནང་དུ་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞིའི་ཆེད་མི་མང་གི་ས་ཆ་ཡར་བསྡུ་རྒྱུ་ཡིན་པས། གཞོགས་འདེགས་གང་ལེགས་བྱེད་དགོས་པ་མ་ཟད། ཆུ་མཛོད་ལས་གཞིའི་ས་ཁུངས་སུ་ཚུད་པའི་ས་ཞིང་ཐོག་ཏུ་འཛུགས་སྐྲུན་གཞན་པ་དང་། ལོ་ཏོག་སོགས་འདེབས་འཛུགས་བྱས་ཏེ་སྒྲིག་དང་འགལ་ཚེ། ས་ཞིང་གི་སྐྱིན་ཚབ་ཅི་ཡང་སྤྲོད་རྒྱུ་མིན་ལུགས་བརྗོད་འདུག

 ཐེངས་འདིར་ཡར་བསྡུ་རྩིས་ཡོད་པའི་ས་ཆའི་གནས་ཡུལ་དང་ཁྱབ་ཁོངས་ནི། རེབ་གོང་གླིང་རྒྱ་སྡེ་བའི་བྱང་ཤར་ཕྱོགས་ཀྱི་རྒྱུད་ནས་སྨད་པ་ཁ་རྒྱ་སྡེ་བའི་བྱང་ཤར་གྱི་ཕྱོགས་བར་དུ་ཡིན་པ་དང་། དེའི་ནང་དུ་ཞོ་འོང་དཔྱི་སྡེ་བ་དང་། ཞོ་འོང་ཉིན་ལྟ་སྡེ་བ། གླིང་རྒྱ་སྡེ་བ། སྨད་པ་འཇམ་སྡེ་བ། སྨད་པ་མཁར་ནང་མཁར་ཕྱི་སྡེ་བ། སྨད་པ་ཁྱུང་བོ་སྡེ་བའི་ས་ཞིང་སོགས་ཚུད་པའི་ས་ཁྱོན་མུའུ་༡༧.༥༠༠༥ ཙམ་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་རྩིས་པའི་ཉིན་གྲངས་ ༡༠ ནང་ཆུ་མཛོད་འདིའི་ཐེངས་དང་པོའི་འཛུགས་སྐྲུན་ལས་གཞི་མགོ་འཛུགས་རྒྱུ་ཡིན་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་ཀྲུང་གོ་བོད་ཀྱི་དྲ་བར་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། གླིང་རྒྱ་ཆུ་མཛོད་ནི་རྨ་ལྷོ་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་དམངས་གཉེར་ལས་གཞིའི་ཁྲོད་ཀྱི་གཅིག་ཡིན་ཚུལ་དང་། ཆུ་མཛོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་ ༤༥༨ ཡོད་ཅིང་། ཐོ་རྒྱ་གྲོང་བརྡལ་སྨད་རྒྱུད་ཀྱི་གྲོང་ཚོ་ ༨ ཀྱི་ས་ཞིང་མུའུ་སྤྱི་ཆིང་༡༢༢༡ ལ་ཆུ་འདྲེན་པ་དང། མི་གྲངས་ ༡.༡༤༢ དང་ཕྱུགས་ཟོག་ཁྲི་ ༨. ༩༢ འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བཤད་འདུག

གླིང་རྒྱ་སྡེ་བའི་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་མགོ་འཛུགས་ཀྱི་མཛད་སྒོ་བསྡུས། ༢༠༢༣།༠༤ དྲ་ལམ་གྱི་པར།

དེའི་སྐོར་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་བོད་མི་ཚོའི་ས་ཞིང་བཙན་འཕྲོག་བྱས་པ་ཡིན་ན། རང་ཉིད་ཀྱི་ས་གནས་སུ་འཚོ་བའི་མཐུན་རྐྱེན་དང་ཡོང་སྒོ་འཚོལ་ས་གང་ཡང་མེད་པར་བརྟེན། རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་ལས་ཀ་འཚོལ་དུ་འགྲོ་བཞིན་ཡོད་པ་རེད། རང་ཉིད་ཀྱི་ས་གནས་སུ་འཚོ་བ་བསྐྱལ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་ཅེས་བརྗོད་བྱུང་།

ཡང་གོང་བརྗོད་བོད་མི་དེས། རྒྱ་ནག་གིས་ཞིང་འབྲོག་མི་མང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞིའི་ཁྲོད་དུ། རེབ་གོང་སྟོད་ཀྱི་ཕྱོགས་སུ་བཙན་མོ་སྡེ་བར་ཆུ་མཛོད་ཅིག་བརྒྱབ་ཡོད་པ་དང་། གཉན་ཐོག་སྡེ་བ་དང་སེང་གེ་གཞུང་སོགས་ཀྱི་ས་ཞིང་གྲོང་ཁྱེར་གྱི་ས་ཁོངས་སུ་ཤོར་ཡོད་འདུག དེ་བཞིན་སྨད་པ་སྡེ་བར་ལྕགས་ལམ་གྱི་འབབ་ཚིགས་བཟོས་ཡོད་འདུག གླིང་རྒྱ་ཆུ་མཛོད་འཛུགས་སྐྲུན་སོགས་ནི་རྒྱ་ནག་གི་ལོ་མང་བོའི་སྔོན་གྱི་འཆར་གཞི་ཞིག་ཡིན་སྐོར་དང་། གྲོང་ཁྱེར་དུ་བསྒྱུར་བ་ཡིན་ན་རྒྱ་མི་བསླེབ་ཡོང་སྟེ་ས་གནས་མི་མང་གྲངས་ཉུང་མི་རིགས་སུ་འགྱུར་འགྲོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese