མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོགས་འཐུས་མིར་བོད་དོན་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུག་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་།

Representative Choedup with Bloc Leader Yves-Francois Blanchett and MP Julie Vignola. Photo:Tibet.net

ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་བྱང་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས་ཁེ་ན་ཌའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཕ་རན་ཀི་ཧི་སི་བྷེ་ལེན་ཅིཊ་(Yves-Francois Blanchett) ལགས་དང་གྲོས་ཚོགས་འཐུས་མི་ཨེ་ལེག་སི་སི་བུ་རུ་ནེ་ལི་དྲུ་སེ་པི་ (Alexis Brunelle-Duceppe) ལགས། ཇུ་ལི་ཝིག་ནོ་ལ་ ( Julie Vignola) སོགས་དང་ཐུག་འཕྲད་གནང་སྟེ། བོད་རྒྱའི་དཀའ་རྙོག་ཞི་འགྲིག་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སླད་ལ་གླེང་སློང་གནང་ཡོད་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བཙན་གནོན་དང་དྲག་གནོན་བྱེད་མུས་ཡིན་པའི་སྐོར་གཙོས། བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་ཛ་དྲག་གི་གནད་དོན་མང་དག་ཅིག་གི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་། སྲིད་ཇུས་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་འདུག་ལ། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གི་ཚོགས་གཞོན་ཨེ་ལེག་སི་སི་བུ་རུ་ནེ་ལི་དྲུ་སེ་པི་ (Brunelle-Duceppe) ལགས་ཀྱིས། མགྱོགས་པོ་གདོན་འཆར་ཡོད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་མང་དག་ཅིག་རྒྱ་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་མངག་གཏོང་བྱེད་ཀྱིན་ཡོད་པའི་སྐོར་སོགས་གསལ་ཡོད་སྐོར་བརྗོད་འདུག

དེ་བཞིན་ཁོང་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨ་རི་ཕི་ཝི་ར་ནི་ (Arif Virani) ལགས། ཚོགས་གཞོན་གྷར་ནེཊ་གྷི་ནི་སི་ (Garnett Genuis) ལགས་དང་ཇེམ་སི་མ་ལོ་ནི་ (James Maloney) ལགས་སོགས་དང་མཇལ་འཕྲད་གནང་སྟེ། བོད་རྒྱ་འབྲེལ་མོལ་སྐོར་གྱི་གནད་དོན་མཇུག་སྐྱོང་དང་། ཁེ་ན་ཌའི་གཞུང་གིས་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིར་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཡང་ཞུས་འདུག་ལ། དེ་བཞིན་ཁོང་གིས་ཁེ་ན་ཌའི་རོགས་ཚོགས་ (Global Affairs Canada) ཀྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་འཆར་གཞི་དང་། ཐབས་ཇུས། ལྷག་པར་བཀའ་ཤག་སྐབས་བཅུ་བདུན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་དམིགས་ཡིག་ཆ་སོགས་ཀྱི་སྐོར་ལའང་གླེང་སློང་གནང་ཡོད་འདུག

གསར་འགོད་པ་དཔལ་ལྡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བཏུས།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese