མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲིག་གཏོར་སྒྲིག་བཟོའི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

དམངས་གཙོའི་གཞུང་གི་བདག་པོ་ནི་མི་དམངས་ཉིད་ཡིན་ལ། མི་དམངས་ཀྱི་རེ་འདུན་བཞིན་བཅས་པའི་ཁྲིམས་ལུགས་ནི་ཆེས་བླ་ན་མེད་པའི་དམངས་གཙོའི་རྒྱལ་པོ་དེ་ཡིན། དེ་བས་ཁྲིམས་ལུགས་ཀྱི་མདུན་ས་ནས་མི་ཚང་མ་འདྲ་མཉམ་ཡིན། ཁྲིམས་ལུགས་དང་འགལ་ན་ཁྲིམས་ལྟར་གྱི་ཆད་པ་ངེས་པར་འཁུར་དགོས། དེ་བས་ཁྲིམས་ལུགས་ཚང་མ་འཐུས་ཚང་སྤུས་དག་སྤྱི་སྙོམ་ཀུན་ཕན་ཞིག་ངེས་པར་ཡིན་དགོས།

དེ་བས་ཐེངས་འདིར་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནས་བཅའ་ཁྲིམས་གཙོས་ཁྲིམས་ལུགས་བསྐྱར་བཅོས་ཐད་ལ་མི་མང་གི་བསམ་འཆར་དང་རེ་བ་སྡུད་ལེན་བྱེད་པ་འདི་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་རེད། འོན་ཀྱང་འདིར་ཚང་མས་གསལ་བོར་ཤེས་དགོས་པ་ཞིག་ནི། ད་ལྟའི་བོད་མིའི་སྒྲིག་འཛུགས་ལ་བྱུང་བའི་དཀའ་རྙོག་འདི་བཅའ་ཁྲིམས་འཐུས་ཚང་དང་ཁ་གསལ་མེད་པ་ལ་བརྟེན་ནས་བྱུང་བའི་གནད་དོན་ཞིག་མ་ཡིན་པར་ཐོག་མར་སྤྱི་འཐུས་རྒྱུན་ལས་དང་། དེ་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ཇི་བཞིན་ལག་བསྟར་མ་ཐུབ་པ་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད། འདིའི་སྐོར་ནས་ད་སྔ་མང་ཙམ་བྲིས་ཡོད་པས་བསྐྱར་ཟློས་མི་བྱེད། ད་དཀའ་ངལ་འདི་སེལ་ཆེད་བཅའ་ཁྲིམས་ཀྱི་དོན་ཚན་འགའ་རེར་བསྐྱར་བཅོས་ཅུང་ཙམ་རེ་མི་གཏོང་ཀ་མེད་ཆགས་པ་རེད། འདི་ནི་ཁྲིམས་སྒྲིག་གཏོར་ནས་ཁྲིམས་སྒྲིག་བཟོ་སྟངས་ཤིག་རེད།

ད་ལྟ་མི་མང་གི་རེ་འདུན་གཙོ་བོ་གཅིག་ནི། ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་གསར་བསྐོ་བྱ་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་གནང་མ་ཐུབ་པ་ལ་བརྟེན་ནས་ད་ཆ་ཁྲིམས་ཞིབ་པ་ཆེ་བ་མེད་པ་དང་དེ་མེད་པས་དམ་འབུལ་ཞུ་ས་ཡང་མེད་སོང་བའི་དཀའ་ངལ་ཆེན་པོ་འདི་ཡིན་པས། ཟླ་དགུ་བའི་གྲོས་ཚོགས་སྐབས་སུ། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་སྐོར་གྱི་ནང་གསེས་དོན་ཚན་ཁག་ལ་བསྐྱར་བཅོས་གང་འོས་དང་། དམ་འབུལ་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་ལྔ་པ་དང་ཞེ་བདུན་པ། རེ་གསུམ་པའི་ནང་གསེས་གསུམ་པ་བཅས་ལ་ངེས་པར་ལེགས་བཅོས་ཐུབ་དགོས་པ་དེ་རེད།

བསྐྱར་བཅོས་ཇི་ལྟར་བྱ་འོས་པའི་སྐོར་ལ་ཡང་བསམ་ཚུལ་མི་འདྲ་བ་འགའ་རེ་ཡོད་ན་ཡང་གྲོས་ཚོགས་སྐབས་སྔོན་མའི་ནང་བཀའ་ཤག་གིས་བཏོན་པའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༡༩ པ་དེ་འོས་ཤོས་སུ་མཐོང་། སྤྱི་འཐུས་རྒྱུན་ལས་ནས་བཏོན་པའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༢༠ དེ་ཡང་མ་འོས་པ་ཆེར་མེད་མོད། བཅའ་ཁྲིམས་རིན་པོ་ཆེ་དང་བོད་ཀྱི་རྒྱལ་དར་གྱི་མདུན་དུ་དམ་འབུལ་ཞུས་ན་ལྷག་པར་དགེ་མཚན་ཆེ་བར་མཐོང་སྟེ། དམངས་གཙོའི་ཆེས་བླ་ན་མེད་པ་ནི་ཁྲིམས་ལུགས་ཡིན་པ་དང་བོད་ཀྱི་རྒྱལ་དར་འདི་ནི་ཆོས་སྲིད་ལུགས་གཉིས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་འདས་མ་ད་གསུམ་གྱི་མཚོན་བྱེད་ཉག་གཅིག་ཡིན་པས་སོ།།

གནད་དོན་གཞན་ཞིག་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ཐད་ལ་དེ་སྔ་ཞིག་ནས་བསམ་འཆར་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་ཡང་གཙོ་བོ་སྤྱི་འཐུས་གང་མང་ཞིག་ལ་སྤྱི་སེམས་མེད་པར་ཕྱོགས་ཞེན་རིང་ལུགས་པ་ཆགས་ནས་དམངས་གཙོའི་ཀ་བ་གསུམ་པོར་གས་ཆག་ཤོར་བ་འདི་རེད། འདིས་བོད་དོན་འཐབ་རྩོད་ཀྱི་ཐུན་མོང་ནུས་པ་མཉམ་འདོན་ཐད་ལ་དཀའ་ངལ་དང་འགལ་རྐྱེན་ཆེན་པོ་འབྱུང་ངེས་པས་སྒྱུར་བཅོས་ཆེན་པོ་ཞིག་གཏོང་དགོས་པའི་རེ་བ་འདོན་གྱིན་ཡོད།

༡༽ ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་དེ་ཆོས་བརྒྱུད་གང་ལ་གཏོགས་པའི་སེར་སྐྱ་ཚང་མར་འོས་འཕེན་གྱི་ཐོབ་ཐང་ཡོད་པ་ཞིག་བཟོ་དགོས་ཟེར། དེའི་རྒྱུ་མཚན་ནི་ཆོས་བརྒྱུད་ཁོངས་སོ་སོ་ན་མི་སྐྱ་ཕོ་མོ་ཡང་ཧ་ཅང་མང་བས་འོས་འཕེན་གྱི་ཐོབ་ཐང་ལེན་ཆོག་པ་དེ་རེད།

༢༽ཆོལ་ཁོངས་དང་ཆོས་བརྒྱུད། རྒྱལ་ཁོངས་ས་གནས་བཅས་པའི་སྤྱི་འཐུས་ཚང་མའི་སྔོན་འགྲོའི་འོས་གཞི་ཁྱབ་ཁོངས་སོ་སོ་ནས་གདམ་རྒྱུ་དང་། དངོས་གཞིའི་འོས་བསྡུའི་སྐབས་སུ་འོས་འཕེན་པ་ཡོངས་ནས་འོས་ཤོག་བླུགས་ན་བཟང་ཟེར། རྒྱུ་མཚན་ནི། ཁོངས་སོ་སོའི་མི་མང་གི་འདོད་མོས་གཞི་རྩར་བཞག་པའི་ཐོག་ནས་མི་མང་ཡོངས་ཀྱིས་བདམས་ན་སྤྱི་འཐུས་ཚོའི་འོས་གྲངས་ཚད་མཐོན་པོར་ཡོང་བ། སྤྱི་འཐུས་སོ་སོར་མཚོན་ན་ཡང་རང་ཉིད་བོད་མི་ཡོངས་ཀྱིས་འོས་འདེམས་བྱུང་བའི་བོད་མི་མང་གི་སྤྱི་འཐུས་ངོ་མ་ཞིག་ཡིན་སྙམ་པ། དེ་ལ་བརྟེན་ནས་ཆོལ་ཁའི་ཕྱོགས་ཞེན་ཇེ་ཆུང་ལ་སོང་ནས་སོ་སོའི་འོས་འགན་བོད་སྤྱི་པའི་རྩ་དོན་གཙོ་བོར་འཛིན་ཐུབ་པ་ཞིག་ཡོང་རེ་ཡོད།

༣༽ བཅའ་ཁྲིམས་དོན་ཚན་ང་དྲུག་པའི་དགོངས་དོན་ལྟར་དུ། མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུའི་འགན་དབང་སྤྲོད་དགོས། རྒྱུ་མཚན་ནི། གནད་དོན་འདི་གྲོས་ཚོགས་སུ་ཐག་གཅོད་དཀའ་བ་ཞིག་ཡིན་པར་མ་ཟད་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གནད་དོན་ཆེན་པོ་ཞིག་ཏུ་འགྱུར་བཞིན་པས་འབྱུང་འགྱུར་ལ་ཕན་ལས་གནོད་ཆེ་བར་མཐོང་གིན་ཡོད། དེ་བས་དམངས་གཙོའི་དོན་གྱི་བདག་པོ་མི་མང་གི་ཆེས་མཐོའི་དབང་ཚད་ཀྱིས་ཐག་བཅད་ན་་ཤིན་ཏུ་འོས།

མཇུག་ཏུ་ཞུ་དོན། ད་ལྟའི་དཀའ་རྙོག་འདིས་རྐྱེན་བྱས་ཏེ། བོད་མི་མང་པོ་ཞིག་འུ་ཐུག་ནས་བཅའ་ཁྲིམས་ནང་ལ་བསྐྱར་དུ་༧རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མཚན་མཐོང་དང་སྐུ་དབང་དམིགས་བསལ་ཞིག་ཡོད་པ་བཟོ་དགོས་པའི་བསམ་ཚུལ་ཡང་ཡོང་གི་ཡོད་པ་འདི་དག་ནི། ལྷག་བསམ་ཞིག་ཅི་ལ་མིན་ཡང་། མི་མང་གི་ངོས་ནས་དམངས་གཙོའི་འོས་འགན་འཁུར་མ་ཤེས་པ་ཞིག་དང་། ༧རྒྱལ་བ་རིན་པོ་ཆེའི་རིང་ནས་ཡིད་ལ་བརྣགས་པའི་དགོངས་དོན་དང་མི་མཐུན་པ། ད་ལྟའི་དམངས་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་བཅའ་ཁྲིམས་རིན་པོ་ཆེའི་ངོ་བོ་གཞན་དུ་འགྱུར་རྒྱུ་ཞིག་ཡིན་པ་ལ་བསམ་བློ་གཏོང་མ་ཐུབ་པ་ཞིག་ཡིན་པའི་གསལ་འདེབས་དང་བཅས།

སྒྲིག་གཏོར་སྒྲིག་བཟོའི་ལས་འགུལ་འདི་འུ་ཐུག་པའི་བྱ་བ་ཞིག་ཡིན་ན་ཡང། མ་འོངས་པར་ཡང་བསྐྱར་གནད་དོན་འདི་རིགས་མི་འབྱུང་ཆེད་དུ་མི་མང་གི་བསམ་འཆར་དང་རེ་འདུན་གལ་ཆེན་ཁག་ཅིག་ཡི་གེར་བཀོད་པའོ།། །།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 1

  1. Lobsang Dhargey says:
    ལོ་ 3 སྔོན།

    བཀའ་དྲིན་ཆེ། ཤིན་ཏུ་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese