མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་རམ་ས་ལ་རུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཆིབས་ཐོན་གྱིས་བཞུགས་སྒར་དྷ་རམ་ས་ལར་དད་ལྡན་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་ཞབས་སོར་བདེ་བར་འཁོད་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གྷ་གྷུལ་གནམ་ཐང་དུ་ཆིབས་ཞབས་བསྐྱངས། ༢༠༢༣།༠༨།༢༨ དུས་བབ་ཀྱི་སྐུ་པར།

 སྔ་དྲོའི་ཆུ་ཚོད་ ༡༠ པ་མ་ཟིན་ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གྷ་གྷུལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སོང་ལ། དེ་རིང་ཞོགས་པ་ཆུ་ཚོད་ ༧ པ་ཙམ་ནས་བཟུང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་གཞུང་ལམ་གཡས་གཡོན་ཀུན་དུ་ཕེབས་བསུའི་མཇལ་དར་བཟུང་སྟེ་བསྒུགས་འདུག་ལ། གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས་པའི་འབྲེལ་ཡོད་ལས་བྱེད་དང་། གཞུང་ཁུངས་དང་གཞུང་ཁུངས་མ་ཡིན་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་མི་སོགས་དད་ལྡན་སེར་སྐྱ་མང་པོ་ཞིག་འཛོམས་འདུག

གནམ་ཐང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསར་འགོད་པར། དེ་རིང་དྷ་རམ་ས་ལར་བདེ་པོ་བྱས་ནས་འབྱོར་སོང་། གཟུགས་པོ་བདེ་ཐག་ཆོད་ཡོད། ངོས་རང་གིས་བསྟན་པ་དང་འགྲོ་བའི་དོན་དུ་གང་ལ་གང་འཚམ་བྱེད་ཐུབ་པར་རྗེས་སུ་ཡི་རངས་ཡོད། མི་ལུས་ཐོབ་པར་དོན་དང་ལྡན་པ་ཞིག་ཡོང་བསྡད་པ་ཞིག་ཆགས་བསྡད་ཡོད། ཅེས་གསུངས་སོང་།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། འདས་པའི་ཟླ་བ་གཅིག་ལྷག་གི་རིང་ལ་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཡོད་པ་རེད། དེ་ཡང་། ལ་དྭགས་གླེ་ཞི་བའི་ཚལ་དུ་དད་ལྡན་སེར་སྐྱ་མི་མང་ཁྲི་ཕྲག་འགར་ལག་ལེན་སོ་བདུན་མའི་གསུང་ཆོས་དང་བཀའ་དབང་བསྩལ་བ། ལ་དྭགས་ཀྱི་བོད་མི་ཡོངས་ལ་བླང་དོར་བཀའ་སློབ་དང་། ལམ་སྒྲོན་སློབ་གྲྭའི་ལྔ་བཅུའི་དུས་དྲན་དང་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཕེབས་པ། ལ་དྭགས་ཨེ་མམ་བྷར་གྷ་ཁ་ཆེའི་ལྷ་ཁང་དུ་ཕེབས་པ་དང་། ལྷ་ས་ཁ་ཆེ་བ་དང་དམིགས་བསལ་རྒན་རྒོན་སོགས་དད་ལྡན་སེར་སྐྱ་མི་མང་ལ་མཇལ་ཁ། དེ་བཞིན་ལ་དྭགས་ཏོག་ཁུལ་དང་གཤམ་ལྗོངས་མཁར་རྩེ་རུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད།

མཛད་འཆར་ལྟར་ན། ཕྱི་ཟླ་ ༩ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་ཐོག་ནས་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་གྱི་རིང་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese