མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཆོས་ལུགས་བྱེད་སྒོའི་སྲིད་བྱུས་གསར་པ་དེའི་ཐོག་ནས་དམ་དྲག་ཆེ་རུ་འགྲོ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་པས་རྒྱ་ནག་གཞུང་གིས་ཆོས་ལུགས་སྤེལ་ཡུལ་དོ་དམ་བྱེད་ཐབས་ཟེར་བའི་སྲིད་བྱུས་གསར་པ་དེའི་ཐོག་ནས་མ་འོངས་པར་བོད་ནང་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་ཆོས་ལུགས་ལ་བསླབ་པ་སློབ་གཉེར་དང་ཉམས་ལེན་བྱེད་པར་སྔར་ལས་དམ་དྲག་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་ཡིན་སྐོར་བརྗོད་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི། ༢༠༢༣།༠༩།༠༤ དུས་བབ་ཀྱི་པར།

རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་ཆོས་ལུགས་ལ་སྔར་ལྷག་དམ་དྲག་བྱེད་པའི་སྲིད་བྱུས་འོག ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་དོ་དམ་བྱེད་ཐབས་《宗教活动场所管理办法》ཟེར་བའི་ཚན་པ་ ༧༦ ཡོད་པའི་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། དེ་རིང་འདི་ག་དུས་བབ་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིགས་ལགས་སུ་སྲིད་བྱུས་དེའི་ནང་གཙོ་བོ་ག་རེ་བྲིས་ཡོད་པ་དང་། སྔོན་མ་དང་མ་འདྲ་བའི་དམ་དྲག་སྲིད་བྱུས་གང་ཡོད་དྲིས་པར་ཁོང་གིས། སྲིད་བྱུས་དེའི་ནང་མ་འདྲ་བ་དམ་དྲག་བྱེད་སྟངས་མང་པོ་འདུག སྤྱིར་བཏང་འཛམ་གླིང་གཞུང་གིས་ཆོས་ལུགས་སྤེལ་སའི་ས་ཆར་ཁྲིམས་བཟོས་ཚེ། ཆོས་ལུགས་སྤེལ་སའི་ས་ཆ་ཞིག་ལ་རྩིས་པར་བརྟེན། དེར་ནུས་པ་འཐོན་རྒྱུར་གཞུང་གི་ངོས་ནས་ཞབས་ཕྱི་དང་རོགས་པ་བྱེད་པ། དེ་བཞིན་དཀའ་ངལ་མི་འཕྲད་པ་དང་དམིགས་ཡུལ་སྒྲུབ་པར་མཐུན་རྐྱེན་སྦྱོར་བ། དེ་ལ་སྲུང་སྐྱོབ་བྱ་རྒྱུ་སོགས་ཡོད་པ་རེད། ད་ལན་གྱི་སྲིད་བྱུས་དེའི་དོན་ཚན་ཆ་ཚང་ལ་བལྟ་ཡོང་དུས། ཕལ་ཆེར་དམ་དྲག་བྱ་རྒྱུ་དེ་རེད་འདུག གཅིག་མི་ཆོག གཉིས་མི་ཆོག་ཟེར་བ་རྐྱང་རྐྱང་དང་། དམ་དྲག་དང་སྒྲིག་འཛུགས་ཀྱི་ནང་དོན་ནང་རྒྱ་ནག་གཞུང་གི་ཁྲིམས་ཐོག་ལ་མེད་པ་རྣམས་དངོས་སུ་ལག་ལེན་བྱེད་བཞིན་པ་ཞིག་རེད་འདུག དེ་ཡང་ཁྲིམས་ཡིག་དེའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་ཐོབ་ཐང་སྲུང་སྐྱོབ་དང་ལས་དོན་ལམ་ལྷོངས་ཡོང་རྒྱུའི་ཐོག་ལ་ཚིག་གཅིག་ཀྱང་མི་འདུག སྲིད་བྱུས་དེའི་ནང་དོན་གཙོ་བོ་ནི་ཆོས་ལུགས་ས་ཁུལ་ནང་སྐུ་འདྲ་བཞེངས་མི་ཆོག་པ་དང་། ཆོས་ལུགས་ཀྱི་ར་བའི་ཕྱི་ལོགས་སུ་ཆོས་སྤེལ་མི་ཆོག་པ། ཆོས་ལུགས་ནང་རྒྱ་སྐད་བེད་སྤྱོད་གཏོང་དགོས་པ། དེ་བཞིན་ཆོས་ལུགས་ཀྱི་ས་ཁུལ་དེའི་ནང་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ཁག་རྒྱ་ནག་གི་རིག་གཞུང་དང་མཐུན་དགོས་པ་དང་། ལས་ཀ་བྱེད་སྟངས་དེ་ཚོ་རྒྱ་ནག་གི་བཟང་སྤྱོད་དང་ལུགས་སྲོལ་ལ་མཐུན་དགོས་པ་བཀོད་འདུག ཅེས་བརྗོད་བྱུང་།

སྲིད་བྱུས་དེའི་ཐོག་ནས་མ་འོངས་པར་སྔར་ལས་ལྷག་པ་དམ་དྲག་ཤུགས་ཆེན་དུ་འགྲོ་ཡི་ཡོད་པ་ལ་ངོས་འཛིན་གནང་གི་ཡོད་མེད་དྲིས་པར་ཁོང་གིས། དམ་དྲག་མུ་མཐུད་དུ་འགྲོ་བསྡད་ཀྱི་ཡོད་རེད། མ་འོངས་པར་དམ་དྲག་འགྲོ་བཞིན་པ་དེ་ཁྲིམས་མཐུན་ཡིན་ཁུལ་བྱེད་པ་དང་། ད་ལྟ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་བཟོས་པ་འདིའི་ཐོག་ནས་མ་འོངས་པར་མུ་མཐུད་དུ་དམ་དྲག་ཤུགས་ཆེན་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད། དམ་དྲག་ཤུགས་ཆེན་བྱེད་པར་སྐྱོན་བརྗོད་མི་ཡོང་བའི་ཆེད་དུ་ཁྲིམས་ལག་བསྟར་བྱེད་པ་དང་། ཁྲིམས་ལུགས་དང་མཐུན་པ་འགྲོ་ཡི་ཡོད་པའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་དམ་དྲག་ཤུགས་ཆེ་རུ་འགྲོ་ཡི་རེད་ཟེར་ནས་རྒྱ་ནག་གིས་ཁྱབ་བསྒྲགས་བྱེད་པ་ལྟ་བུ་རེད། དེར་བརྟེན་དམ་དྲག་ཤུགས་ཆེ་རུ་འགྲོ་རྒྱུ་དེ་ཧ་ཅང་གསལ་པོ་ཡིན་སྐོར་གསུངས་བྱུང་།

ཆོས་ལུགས་ཀྱི་ཐོག་ནས་ཕྱི་ལ་འབྲེལ་འདྲིས་བྱེད་པར་དམ་དྲག་དགོས་པ་བཀོད་འདུག ཕྱི་ལ་འབྲེལ་འདྲིས་བྱེད་པར་དམ་དྲག་ཟེར་དུས་ག་འདྲ་ཞིག་ལ་ངོས་འཛིན་གནང་དགོས་དྲིས་པར་ཁོང་གིས། ཕྱི་ལོགས་ནས་རྒྱབ་སྐྱོར་ལེན་པ་དང་ངོས་འཛིན་བྱེད་པར་དམ་དྲག་བྱེད་ཀྱི་ཡོད་པ་བཤད་ཀྱི་ཡོད་རེད། དཔེར་ན་ཕྱི་ལོགས་ནས་ཁྱེད་རང་བླ་མ་དང་སྤྲུལ་སྐུ་ཞིག་ཡིན་པ་ངོས་འཛིན་བྱེད་ཚེ། ཁྱེད་རང་དགོན་པའི་ནང་བསྡད་ཆོག་གི་མེད་པ་དང་ཕྱིར་ཕུད་གཏང་དགོས་ཀྱི་ཡོད་རེད། ལོ་གཉིས་གོང་ནས་ཆོས་ལུགས་ཚོགས་པ་ཁག་གིས་ཕྱི་ལོགས་ནས་རྔན་པ་དང་དངུལ་སོགས་རྒྱ་སྒོར་ཁྲི་ ༡༠ ལས་བརྒལ་བ་ལེན་ཆོག་གི་མེད་པ་རེད། ད་ལྟ་སྒོར་གཅིག་ཀྱང་ལེན་ཆོག་གི་མེད་པ་བཟོས་ནས་སྒོར་ ༢༠ ལེན་ཡང་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ཕྱི་ལོགས་ནས་དཔལ་འབྱོར་དང་འཛིན་སྐྱོང་སོགས་ཀྱི་རོགས་རམ་ལེན་མི་ཆོག་པ་བཟོས་ནས་ཆོས་ལུགས་དང་དཔལ་འབྱོར་ཐོག་ནས་འབྲེལ་བ་བཅད་ཡོད་སྐོར་བརྗོད་བྱུང་།

The New Chinese Measures for Religious Activity Venues.

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་དྲ་ལམ་གྱི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་ནང་འཕྲིན་སྟེགས་དང་ཟིན་བྲིས། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་གནས་སོགས་སུ་ཐད་གཏོང་དང་སྒྲ་སྒམ། པར་དང་ཡི་གེ། བརྙན་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྤྱི་ཚོགས་ཁྲོད་ཆོས་ལུགས་རིག་གནས་དང་ཆོས་ལུགས་བྱེད་སྒོའི་རིགས་སོགས་སྤེལ་དགོས་ན་ངེས་པར་དུ་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་ཁང་ནས་ཆོག་མཆན་དགོས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་སྐུ་ཚབ་བམ་ཡང་ན་གཙོ་གཉེར་བ་རྒྱ་ནག་ནང་ལོགས་སུ་གནས་སྡོད་བྱེད་མཁན་དང་ཐོབ་ཐང་ལག་ཁྱེར་ཡོད་པ། ཆོས་ལུགས་ཁྲིམས་ཡིག་ཁག་ལ་རྒྱུས་མངའ་ཡོད་པ། ཉུང་མཐར་འདས་པའི་ལོ་ ༣ ནང་ཁྲིམས་འགལ་གྱི་ནག་ཉེས་མེད་པ་དང་། ཆོས་ལུགས་ཁྲིམས་སྒྲིག་ལ་འགལ་བ་མ་ཡིན་པ་སོགས་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད། དེ་བཞིན་ཆོག་མཆན་ཡི་གེ་དེ་ལོ་གསུམ་རེ་ནས་བསྐྱར་ཞིབ་བརྒྱུད་གསར་བཟོ་དགོས་པ་དང་། ཆོག་མཆན་ཐོབ་ཐང་བེད་སྤྱོད་དེ་དངུལ་དངོས་བསྡུ་མི་ཆོག་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་ཀྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་བཅས་དོན་ཚན་ཆེན་པོ་ལྔ་ཡོད་པའི་བཀག་སྡོམ་ཁྲིམས་ཡིག་ཅིག་དངོས་སུ་ལག་བསྟར་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་སྲིད་འཛིན་སྡེ་ཁག་གི་དྲ་ངོས།
Mobile App

ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་པའི་སྲོལ་ཡིག་ལ་བསམ་ཚུལ་བསྡུ་བཞིན་ཡོད་པར་བཤད།

༢༠༢༣/༠༤/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese