མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨ་རིའི་ནེའུ་ཡོག་ཏུ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ནང་མཉམ་ཞུགས་བྱེད་བཞིན་པ་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་ལས་འགུལ་སྤེལ་འདུག

ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༦ བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོག་བཞིན་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲང་ (Han Zheng) ཚོགས་ཆེན་ཐོག་མཉམ་ཞུགས་བྱས་པར་བརྟེན། ནེའུ་ཡོག་ཏུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག

ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་ནག་གཞུང་གིས་བོད་དོན་སྐོར་ལ་འཁྱོག་བཤད་བྱེད་ཀྱི་ཡོད་པ་དང་། བོད་ཕྲུག་ས་ཡ་ ༡ ལྷག་ཕ་མ་དང་ཁ་བྲལ་དུ་བཅུག་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཏང་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོག་བཞིན་ཡོད་པ་དང་བསྟུན། ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ (Atlantic council) ཞེས་པའི་སྲིད་བྱུས་ཉམས་ཞིབ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གསུམ་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚབས་ཆེན་གཏོང་བཞིན་པའི་གནད་དོན་དང་འབྲེལ་ཟུར་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། རྒྱ་གཞུང་གིས་དེར་སྐྱོན་བརྗོད་དང་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་མཉམ་ཞུགས་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག

ཐེངས་འདིའི་ངོ་རྒོལ་ལས་འགུལ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ཡུ་གུར་དང་ཧོང་ཀོང་གི་ལས་འགུལ་བ་སོགས་མཉམ་འཛོམས་ཐོག་ངོ་རྒོལ་སྐད་འབོད་བྱས་འདུག

ཡང་། སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་ཕྱི་ཚེས་ ༡༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༣ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༤ འཚོག་བཞིན་པ་དང་བསྟུན། ཕྱི་ཚེས་ ༡༨ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་དང་འབྲེལ་ནས་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese