མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འགན་འཛིན་སྐུ་ཞབས་ཝལ་ཌི་སི་ལགས་ (Valdis dombrovskis) ཀྱིས་རྒྱ་ནག་གཞུང་གིས་མུ་མཐུད་ཨུ་རུ་སུར་རྒྱབ་སྐྱོར་བྱེད་བཞིན་པ་དེས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་ལ་དོ་ཕོག་བཟོ་སྲིད་པའི་ཉེན་བརྡ་བཏང་འདུག

EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters

ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༦  བར་ཉིན་གྲངས་གསུམ་རིང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འགན་འཛིན་སྐུ་ཞབས་ཝལ་ཌི་སི་ (Valdis dombrovskis) ལགས་ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་སུའུ་ཀྲུའུ་སོགས་སུ་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། དེ་རིང་ཁོང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ཆིང་ཧྭ་སློབ་ཆེན་དུ་ཚོང་དོན་གཏམ་བཤད་གནང་སྐབས། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱི་ཚོང་དོན་ལས་རིགས་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག 

སྐུ་ཞབས་ཝལ་ཌི་སི་ལགས་ཀྱིས། ད་ལྟ་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འབྲེལ་ལམ་དེ་གཉན་འཕྲང་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ང་ཚོས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ལམ་བུ་ཞིག་གདམ་ཆོག་ལ། ང་ཚོས་ལག་པ་དང་ལག་པ་འབྲེལ་ནས་ཕྱི་གསལ་ནང་གསལ་དང་། དྲང་ཚུགས་ལྡན་པའི་ཚོང་འབྲེལ། མ་འཛུགས་སོགས་ཀྱི་ཐོག་ནས་གདོང་ལེན་བྱ་དགོས། ཡང་མིན་ན་ང་ཚོས་ཕྱོགས་གཉིས་ཀ་ག་ལེར་ལོགས་སུ་འགྲོ་བཅུག་པའི་ལམ་བུ་དེ་གདམ་དགོས།  ང་ཚོས་འདས་པའི་ལོ་བཅུ་ཕྲག་རིང་གི་མཉམ་བགོས་ཁེ་ཕན་ཇེ་ཞན་དང་མེད་པར་གྱུར་བ་དེས། ང་ཚོས་མི་མང་དང་ཚོང་དོན་གྱི་འབྲེལ་ལམ་མེད་པར་གཏང་རྒྱུ་དེ་རེད། ཅེས་བརྗོད་འདུག 

ཁོང་གིས། གནད་དོན་ཆེ་ཤོས་ཤིག་ནི་རྒྱ་ནག་གཞུང་གིས་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་པའི་གནད་དོན་ཐད་སྐྱོན་བརྗོད་དང་གླེང་སློང་བྱས་མ་ཐུབ་པ་དེ་རེད། རྒྱ་ནག་གཞུང་གིས་ཨུ་རུ་སུའི་ཁྱབ་ཁོངས་ས་གནས་ཀྱི་གནད་དོན་ཞིག་ལ་རྩིས་ཡོད། ང་ཚོས་རྒྱ་ནག་གཞུང་གི་ལྟ་ཚུལ་དེར་གོ་བ་ལེན་ཁག་པོ་འདུག དེ་ནི་རྒྱ་ནག་གཞུང་གི་གཞི་རྩའི་ལངས་ཕྱོགས་དང་འགལ་ཟླར་གྱུར་ཡོད་པ་རེད། ཅེས་བརྗོད་འདུག 

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། སྐུ་ཞབས་ཝལ་ཌི་སི་ལགས་ཀྱི་ད་ལན་རྒྱ་ནག་གི་སྲིད་བློན་གཞོན་ཧི་ལི་ཧྥན་ (He Lifeng) དང་ཐུག་འཕྲད་གནང་ནས་རྒྱ་ནག་དང་ཚོང་དོན་གྱི་སྐོར་ལ་གླེང་སློང་གནང་འཆར་ཡོད་པ་མ་ཟད། རྒྱ་ནག་གི་ཚོང་འབྲེལ་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་བྱ་འཆར་འདུག་ལ། དེ་བཞིན་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་མཉམ་ལས་བྱེད་མུས་ཡིན་པའི་གློག་བཟོས་རླངས་འཁོར་(electric vehicle) སོགས་ཀྱི་ཐད་ལ་བགྲོ་གླེང་བྱ་རྒྱུ་དང་། རྒྱ་ནག་ནང་གི་ཚོང་དོན་བསྟི་གནས་ཁག་ཏུ་སྐོར་སྐྱོད་དང་། སློབ་ཆེན་ཁག་ཏུ་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

ཕྱི་ལོ་ ༡༩༧༥ ནས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་མཉམ་འབྲེལ་ཚོང་ལས་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༣ ལོར་བཞག་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཚོང་དོན་མ་འཛུགས་གྲོས་ཆོད་དེས་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཛུགས་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད། ཕྱི་ལོ་ ༢༠༡༩ ལོའི་ཚོང་འབྲེལ་གནས་བབ་ལྟར་ན། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཁྱོན་ཨ་སྒོར་ཐེར་འབུམ་ ༥༥༩ ཡི་ཚོང་ལས་འབྲེལ་བ་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཚོང་འབྲེལ་ཆེ་ཤོས་ཨང་རིམ་ ༢ པ་དེ་ཆགས་ཡོད་འདུག ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་ནི་ཚོང་འབྲེལ་ཆེས་ཆེ་ཤོས་དང་ཚོང་རོགས་ཆེ་ཤོས་དེར་གྱུར་ཡོད་ཅིང་། འདི་ལོ་གཅིག་པུར་རྒྱ་ནག་གིས་ཡུ་རོབ་ཀྱི་ཚོང་རྫས་བརྒྱ་ཆ་༩ ནང་འདྲེན་དང་། བརྒྱ་ཆ་༢༠ ལྷག་ཕྱིར་ཚོང་བྱས་ཡོད་འདུག 

འདི་ལོ་གཅིག་པུར་རྒྱ་ནག་གིས་ཐོན་རྫས་བརྒྱ་ཆ་ ༣༠ ལྷག་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱས་འདུག་ལ།  དེ་བཞིན་ཨ་རིས་བརྒྱ་ཆ་ ༡༨།༡༤ དང་། འཇར་མན་གྱིས་བརྒྱ་ཆ་ ༡༩།༧༦། ཉི་ཧོང་གིས་བརྒྱ་ཆ་ ༡༦། ༠༧ ལྷག་ཚོང་འགྲེམས་བྱས་ཡོད་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

༢༠༢༥/༠༧/༢༣
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese