མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་དབང་བསྒྱུར་འོག་གི་ཛ་དྲག་གནས་སྟངས་གླེང་སློང་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་བརྗོད་གཞི་བཞི་རུ་བགོས་ཏེ་བགྲོ་གླེང་གནང་བཞིན་འདུག

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ པའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཁ་སང་ཕྱི་ཚེས་ ༢༦ ནས་ཉིན་གཉིས་རིང་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་རུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ལྔ་པ་འཚོགས་ཡོད་ཅིང་། ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་དབུས། སུད་སི་གྲོས་ཚོགས་འཐུས་མི་ནི་ཁོ་ལ་སི་ཝལ་ཌར་ (Nicolas Walder) ལགས་དང་ལི་ཐུ་ནི་ཡ་གྲོས་ཚོགས་འཐུས་མི་ཨ་རུ་ནཱ་སི་ཝ་ལིན་སི་ཀཱ་སི་(Arunas Valinskas)་ལགས་རྣམ་གཉིས་བརྙན་ལམ་བརྒྱུད་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་རིགས་ཚོགས་པ། ཡུ་རོབ་ཁུལ་གྱི་གཞོན་སྐྱེས་གྲངས་ ༨༠ ཙམ་མཉམ་ཞུགས་གནང་ཡོད་འདུག

ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ཇི་ནེ་ཝ་བོད་དོན་གླེང་སྟེགས་ཀྱི་གལ་གནད་སྐོར་དང་འབྲེལ་ནས་གླེང་སྟེགས་འདི་བརྒྱུད་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གསལ་སྟོན་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་པ་མ་ཟད། ལྷག་པར་ཇི་ནི་ཝ་གླེང་སྟེགས་འདི་བཞིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་པ་དང་བསྟུན་གླེང་སྟེགས་འདི་གོ་སྒྲིག་གནང་བཞིན་ཡོད་སྐོར་གསུངས་ཡོད་འདུག

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཇི་ནེ་ཝ་བོད་དོན་གླེང་སྟེགས་ཀྱི་རྩ་བའི་དམིགས་ཡུལ་དང་བསྒྲུབ་བྱ་གཙོ་བོ་རྒྱ་ནག་ནང་དུ་ཁྱོན་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་ཉམས་རྒུད་དང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པས། ཚོགས་འདུ་འདིའི་བརྒྱུད་རིམ་སྟེང་རྒྱ་ནག་ནང་དུ་དངོས་ཡོད་གནས་སྟངས་ར་འཕྲོད་པའི་ཐོག བོད་ཙམ་མ་ཡིན་པར་ཡུ་གུར་དང་། སོག་པོ། ཧོང་ཀོང་སོགས་ཀྱི་གནས་སྟངས་གསལ་བཤད་དང་རྒྱུས་ལོན་བྱེད་པའི་གནད་དོན་ཞིག་ཆགས་ཡོད། ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་བྱེད་མཁན་མང་ཆེ་ཤོས་བོད་རིགས་གཞོན་སྐྱེས་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་ལ། བོད་དོན་འཐབ་རྩོད་ནི་བོད་དོན་ཙམ་མིན་པར་རྒྱ་ནག་གི་ཕྱོགས་ཡོངས་ཀྱི་གནས་སྟངས་ཞིབ་ཕྲ་ཤེས་ཚེ་འཐབ་རྩོད་རྒྱུན་འཁྱོངས་ཡོང་ཐུབ་པ་ཞིག་དང་། ད་ལོ་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ་ཕུལ་ཏེ། རྒྱ་ནག་ནང་གི་བཟང་ཕྱོགས་ཀྱི་གནས་ཚུལ་འདྲ་མིན་བཤད་ཀྱི་ཡོད་ཀྱང་། ཚོགས་འདུ་འདི་བརྒྱུད་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩ་བ་ཉིད་ནས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ད་དུང་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མུས་ཡིན་པ་གསལ་སྟོན་བྱེད་པའི་གོ་སྐབས་འཛིན་གྱི་ཡོད་ཅེས་བརྗོད་འདུག

ཇི་ནེ་ཝ་བོད་དོན་གླེང་སྟེགས་ནི་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ནས་མགོ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་བོད་དོན་གླེང་སྟེགས་ཐོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་ཇུས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་དྲག་གནོན། བོད་གཙོས་པའི་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་མིང་ཐོག་ནས་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་སྤེལ་བཞིན་པ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགོག་སྲུང་བྱ་དགོས་པའི་སྐོར་གླེང་སློང་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཛུགས་སྐྲུན་ཆེེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་བ། པར་དུས་བབ་ཀྱིས་བསྒྲིགས།
Mobile App

འཛུགས་སྐྲུན་ཆེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་།

༢༠༢༤/༠༧/༠༤
གངས་སྐྱིད་གསོལ་ཚིགས་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཐེངས་གཉིས་པ་བསྡུས། ༢༠༢༣།༠༨།༣༡ དུས་བབ་ཀྱི་པར།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐེངས་གཉིས་པ་འཚོག་བཞིན་འདུག

༢༠༢༣/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན། པར་དབང་། བོད་ཀྱི་དུས་བབ།
Mobile App

འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།

༢༠༢༣/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese