མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་པའི་སྤྱི་ཚོགས་ནང་དུ་ཞབས་ཞུ་བསྒྲུབ་གལ་ཆེ་བའི་སྐོར་གསུངས་འདུག

བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོ་དེབ་ལས་བླངས། ༢༠༢༤།༠༡།༠༤

ཟླ་འདིའི་ཕྱི་ཚེས་ ༣ ནས་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་འཕྲུལ་རིགས་སྡེ་ཚན་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་ཀྱི་གོ་སྒྲིག་འོག བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཡོད་ཅིང་། ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་གྲུབ་ལགས། ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་བསྟན་འཛིན་དཔལ་བཟང་ལགས། བོད་མིའི་སྒྲིག་འཛུགས་འཕྲུལ་རིགས་ཚན་པའི་འགན་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་སོགས་བརྡ་འཕྲིན་འཕྲུལ་ལས་ཀྱི་སློབ་གཉེར་བ་གྲངས་ ༨༨ མཉམ་ཞུགས་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་འཕྲུལ་རིགས་ཚན་པའི་འགན་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས་སུ་ཐེངས་འདིའི་ཚོགས་འདུའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི་བརྡ་འཕྲིན་འཕྲུལ་རིགས་ཆེད་ལས་པའི་ཐོག་བསླབ་པ་མཐར་སོན་པའི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་རྒྱ་སྐྱེད་དང་། ནུས་སྟོབས་གོང་སྤེལ། བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུའི་ལས་ཀའི་སྡིངས་ཆ་བསྐྲུན་རྒྱུ་དེ་ཆགས་ཡོད། ཐེངས་འདིའི་ཚོགས་ཐོག་ཏུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་གཉེར་བ་གྲངས་ ༤༠ དང་། ས་ཕྱོགས་ཁག་གཞན་ནས་ཚོགས་བཅར་བ་གྲངས་ ༤༨ བཅས་ཁྱོན་ཚོགས་བཅར་བ་གྲངས་ ༨༨ མཉམ་ཞུགས་གནང་ཡོད། ཚོགས་འདུའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བརྡ་འཕྲིན་འཕྲུལ་ལས་ཀྱི་ལས་གཞི་ཁག་དང་། མ་འོངས་བའི་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་ཞུས་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་སུ་བརྡ་འཕྲིན་འཕྲུལ་ལས་དང་འབྲེལ་བའི་ལས་གཞི་མང་པོ་འགྲོ་དང་འགྲོ་བཞིན་ཡོད་པ་དང་། མ་འོངས་བའང་བརྡ་འཕྲིན་འཕྲུལ་ལས་དང་འབྲེལ་བའི་ལས་གཞི་མང་པོ་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་བརྡ་འཕྲིན་འཕྲུལ་ལས་ཚན་པའི་ཁོངས་སུ་ཆེད་ལས་བའི་ལས་བྱེད་མེད་པའི་དཀའ་ངལ་ཡོང་བཞིན་ཡོད་པ་རེད། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་བོད་མི་བརྡ་འཕྲིན་འཕྲུལ་རིགས་ཆེད་ལས་བའི་ཚོགས་འདུར་དམིགས་བསལ་ཆེད་ཕེབས་གནང་ཡོད་པ་མ་ཟད། རྒྱ་གར་བཟོ་ཚོང་ཁང་ཁག་ཏུ་ཡོད་པའི་བོད་རིགས་བརྡ་འཕྲིན་འཕྲུལ་ཆས་ཆེད་ལས་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་བརྡ་འཕྲིན་འཕྲུལ་ལས་དང་། སྨོན་ལམ་མིས་བཟོས་རིག་ནུས་ལས་གཞི། འཕྲུལ་རིགས་བདེ་འཇགས་སོགས་བོད་པའི་སྤྱི་ཚོགས་ནང་དུ་ཞབས་ཞུ་བསྒྲུབ་གལ་ཆེ་བའི་སྐོར་གསུངས་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༩ ནས་ཉིན་གཉིས་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཡོད་ཅིང་། སྐབས་དེར་བོད་མིའི་དང་བླངས་དཔྱ་དངུལ་བསྡུ་ཐབས་བདེ་སླད་མཉེན་ཆས་གསར་སྐྲུན་གནང་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས། དྲ་རྒྱའི་བདེ་འཇགས། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འབུལ་ཕྱོགས་འཕྲུལ་རིག་གྲངས་མཛོད་ཀྱི་ངོ་བོར་སྒྱུར་ཐབས། ཕྱོགས་གསུམ་ཅན་གྱི་འགུལ་གཟུགས་བཟོ་སྐྲུན་བྱེད་ཕྱོགས། བཙན་བྱོལ་ནང་གི་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་གནས་སྟངས་རྒྱུས་ལོན་དང་། བོད་མི་འཕྲུལ་ལས་ཆེད་ལས་པ་ནང་ཁུལ་འབྲེལ་ལམ་འཛུགས་པ། བོད་མི་འཕྲུལ་ལས་ཆེད་ལས་པས་བོད་མིའི་སྒྲིག་འཛུགས་མཉམ་ལས་གནང་ཕྱོགས་སྐོར་སོགས་ལ་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese