མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་སྐབས་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཕུལ་བའི་བོད་དང་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཞུ། འཐུས་མི་རོ་བྷི་འོ་མཆོག་གི་་དྲ་བའི་ནང་གི་པར།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བསྐྱར་ཞིབ་ཚོགས་འདུ་འཚོག་གཏན་འཁེལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས ༡༦  ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རོ་བྷི་འོ་ལགས་ (Marco Rubio) དང་། ཊིམ་ཀེན་(Tim Kaine) ལགས། ཇའེ་ཧྥི་མིར་ཀི་ལི་ (Jeff Merkley) ལགས། མར་ཤ་བྷི་ལག་བྷོན་ (Marsha Blackburn) ལགས་བཅས་ཀྱིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་བྷི་ལི་ཀན་ (Antony Blinken) མཆོག་གི་མཚན་ཐོག་ལ་རེ་སྐུལ་སྙན་ཞུ་ཞིག་ཕུལ་ཏེ། ལྷན་ཚོགས་དེའི་ཐོག་ཨ་རིས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ཧོང་ཀོང་། དེ་བཞིན་དམངས་གཅོ་དོན་གཉེར་བ་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དྲག་གནོན་བྱེད་བཞིན་པ་གླེང་སློང་དང་། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་པ་དག་ཀློད་གྲོལ་གཏོང་ཐབས་དགོས་སྐོར་རེ་སྐུལ་ཞུས་འདུག

རེ་སྐུལ་སྙན་ཞུ་དེའི་ནང་། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། དེ་བཞིན་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་བོད་ཀྱི་ལོ་རྒྱུས་དང་ངོ་བོ་རྨེག་མེད་དུ་བཟོ་བའི་ལས་འགུལ་སྤེལ་མུས་ཡིན་པའི་མུར། རྒྱ་ནག་གཞུང་གིས་རིག་གཞུང་བཙན་གྱིས་བརྗེ་བསྒྱུར་གྱི་སྲིད་ཇུས་འོག་ནས་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་ཡོད་པ་མ་ཟད། བོད་ (TIbet) དེ་ཤིས་ཙང་(Xizang) དུ་བཙན་སྒྱུར་བྱེད་ཀྱི་ཡོད། དེ་བཞིན་གངས་སྐྱེས་སྒྲུབ་པ་སྐྱབས་དང་། རོང་བོ་གངས་དཀར། ༧པཎ་ཆེན་རིན་པོ་ཆེ་ཚུད་པའི་བོད་ཀྱི་ཆོས་ལུགས་ཀྱི་དབུ་འཁྲིད་དང་ལས་འགུལ་བ་མང་དག་ཅིག་བཙན་འཁྲིད་བྱས་ཡོད། ཅེས་འཁོད་འདུག

ཡང་སྙན་ཞུའི་ནང་། རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ། འཆར་གཞི་ལྡན་པའི་ཐོག་ནས་ཡུ་གུར་མི་རིགས་རྩ་མེད་གཏོང་མུས་ཡིན་པ་མ་ཟད། ཡུ་གུར་རང་སྐྱོང་ཁུལ་ཟེར་བའི་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ལ་ཚད་ལས་འདས་པའི་དྲག་གནོན་དང་། དྲག་སྤྱོད་པ་ཡིན་ལུགས་བསྙད་ནས་བྲན་གཡོག་དང་། ངལ་རྩོལ་བསྒྱུར་བཀོད་ཁང་སོགས་སུ་བཅུག་གི་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་དུ་དྲག་གནོན་དང་། ལྷག་པར་ཇིམ་མེ་ལའེ་(Jimmy Lai) དང་ཇོ་ཞོ་ཝོང་(Joshua Wong)། ཆའོ་ཧང་ཐུང་(Chow Hang-tung) ཚུད་པའི་དམངས་གཙོ་དོན་གཉེར་བ་དང་། གསར་འགོད་པ། ལས་འགུལ་བ་སོགས་བཙན་ཁྲིད་བཀག་ཉར་བྱེད་ཀྱི་ཡོད། ཅེས་འཁོད་འདུག

རྒྱ་ནག་གཞུང་གིས་ཨ་རིའི་ཉེས་མེད་མི་སེར་འཛིན་བཟུང་དང་། ཨ་རིའི་ཚོང་དོན་གཉེར་མཁན་ལས་ཁུངས་ ༡༢ ཙམ་བཀག་སྡོམ་བྱས་ཡོད་སྐོར་དང་། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གི་ཐོག་ནས། ཁྲིམས་ཐོག་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ལ་འགན་དབང་ཁུར་བཅུག་དགོས་སྐོར་གྱི་རེ་སྐུལ་ཞུས་འདུག

ཨ་རིའི་རང་དབང་ཁང་ (Freedom House) པའི་ཕྱི་ལོ་ ༢༠༢༣  ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་།   བོད་ནང་གི་ཆབ་སྲིད་ཀྱི་ཐོབ་ཐང་དེ་གོར་ཐིག་འོག་གི་  ༢ ལ་ཟགས་ནས་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་སྙན་ཐོ་བཏོན་ཡོད་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོའི་ནང་དུའང་རྒྱ་ནག་དེ་འཛམ་གླིང་གི་ཆོས་དད་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese