མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་དམར་ཤོག་མགོ་ཁྲིད་གསུམ་ལ་ཞིབ་བཤེར་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་དམར་ཤོག་ཚོགས་པའི་མགོ་ཁྲིད་གསུམ་ལ་ལྐོག་རྔན་བླངས་པའི་དོགས་གཞི་འོག་ཞིབ་བཤེར་བྱས་འདུག


བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཟེར་བའི་མགོ་ཁྲིད་གཞོན་པ་ཅི་གོ་ཀང་། དྲ་ལམ་གྱི་པར།

བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཟེར་བའི་མགོ་ཁྲིད་གཞོན་པ་ཅི་གོ་ཀང་གིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༤༣༩༨ ལྷག་བླངས་བའི་ཉེས་མིང་འོག་ཞིབ་བཤེར་བྱས་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཧན་ཞང་ཧུའེ་དང་། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ལྷན་ཁང་གི་མགོ་ཁྲིད་ཡའོ་ལིན་(姚琳) གཉིས་ཀྱིས་ལྐོག་རྔན་འབོར་ཆེན་བླངས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་གི་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས།  བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་སྲིད་གཞུང་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་། མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་མགོ་ཁྲིད་གཞོན་པ་ཅི་གོ་ཀང་(纪国刚)ཟེར་བས་ལྐོག་རྔན་རྒྱ་སྒོར་ཁྲི་ ༤༣༩༨ ལྷག་བླངས་བའི་ཉེས་མིང་འོག་ཞིབ་བཤེར་བྱས་ཡོད་འདུག

དེའི་སྐོར་ལ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས། ཅི་གོ་ཀང་གིས་ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་རྒྱལ་ཁབ་གོང་འཕེལ་འཆར་འགོད་ཀྱི་མ་འཇོག་ལས་ཁུངས་ཀྱི་ལས་རོགས་སྐོར་ཞིབ་པ་དང་། རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ལས་ཁུངས་ཀྱི་ལས་རོགས་སྐོར་ཞིབ་པ། འགན་འཛིན་གཞོན་པ། བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་སྲིད་གཞུང་གི་དམར་ཤོག་ཚོགས་པའི་ཚོགས་མི། བོད་རང་སྐྱོང་ལྗོངས་ཟེར་བའི་གོང་འཕེལ་དང་བསྒྱུར་བཅོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་འགན་འཛིན། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་ལས་འཛིན་དཔོན། བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་འཐུས་ཚོགས་རྒྱུན་ལས་ཀྱི་མགོ་ཁྲིད་གཞོན་པ་སོགས་ཀྱི་གཞུང་འབྲེལ་གྱི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ། ལས་གནས་དང་། མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། གྱོད་གཞི་མཐུན་སྦྱོར་སོགས་བྱས་ཡོད་སྐོར་དང་། ཁོས་ལྐོག་རྔན་ཁྱོན་རྒྱ་སྒོར་ཁྲི་ ༤༣༩༨ བླངས་ཡོད་ལུགས་ཀྱི་ནག་ཉེས་བཙུགས་འདུག

ཅི་གོ་ཀང་ནི་ཕྱི་ལོ་ ༡༩༦༢ ལོར་ཅི་ལི་ཐིན་ཅི་རུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༤ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ནས་ ༢༠༡༩ ལོའི་བར་དུ་རྒྱལ་ཁབ་གོང་འཕེལ་འཆར་འགོད་ཀྱི་མ་འཇོག་ལས་ཁུངས་ཀྱི་ལས་རོགས་སྐོར་ཞིབ་པ་དང་། རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ལས་ཁུངས་ཀྱི་ལས་རོགས་སྐོར་ཞིབ་པའི་མགོ་ཁྲིད་གཞོན་པའི་ལས་ཀ་བྱས་ཡོད་འདུག ཕྱི་ལོ་ ༢༠༡༢ ནས་ ༢༠༡༦བར་བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་སྲིད་གཞུང་གི་དམར་ཤོག་ཚོགས་པའི་ཚོགས་མི། བོད་རང་སྐྱོང་ལྗོངས་ཟེར་བའི་གོང་འཕེལ་དང་བསྒྱུར་བཅོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་འགན་འཛིན། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་ལས་འཛིན་དཔོན། བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་འཐུས་ཚོགས་རྒྱུན་ལས་ཀྱི་མགོ་ཁྲིད་གཞོན་པ་སོགས་བྱས་འདུག

མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་དང། མགོ་ཁྲིད་ཧན་ཤང་ཧུའེ་(韩向晖)ཡིས་ལྐོག་རྔན་འབོར་ཆེན་བླངས་བའི་ཉེས་མིང་འོག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འབུད་དང་། རྒྱུ་དངོས་གཞུང་བཞེས་བྱ་རྒྱུ་ཡིན་པ་མ་ཟད། ཞིབ་དཔྱོད་ཁང་ནས་ཞིབ་བཤེར་བྱེད་མགོ་བཙུགས་འདུག དེའི་སྐོར་ལ་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ལྷན་ཁང་ཟེར་བས། ཧན་ཞང་ཧུའེ་ཟེར་བ་ཕུགས་བསམ་དད་སེམས་ཉམས་པ་དང་། ཐབས་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། དམར་ཤོག་ཚོགས་པར་བློ་དཀར་སེམས་དཀར་མེད་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ།   གཏན་འབེབས་དོན་ཚན་བརྒྱད་ཟེར་བ་སྣང་མེད་དུ་བཏང་བ། གཞུང་གི་དབང་ཆ་སྒེར་སྤྱོད་བྱས་པ། ཁྲིམས་འགལ་ཐོག་རྒྱུ་ནོར་འབོར་ཆེན་བླངས་ཡོད་ལུགས་དང་། དམར་ཤོག་ཚོགས་པ་དང་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། ཞིབ་དཔྱོད་ཁང་དུ་ཞིབ་བཤེར་རྩིས་སྤྲོད་བྱས་ཡོད་འདུག

ཧན་ཞང་ཧུའེ་ནི་ཕྱི་ལོ་ ༡༩༧༣ ལོར་ཧི་ནན་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ནས་ ༢༠༡༡ ལོའི་བར་དུ་མཚོ་སྔོན་ཞིང་ཆེན་ཐད་གཏོགས་སྒྲིག་ཁྲིམས་ལས་དོན་ལྷན་ཁང་དང་། དམར་ཤོག་གཞོན་ནུའི་ཚོགས་པའི་དྲུང་ཡིག ཟི་ལིང་གྲོང་ཁྱེར་ལྷོ་ཁུལ་གྱི་དྲུང་ཡིག སྤྱི་ཁྱབ་གཞོན་པའི་ལས་ཀ་བྱས།   ཕྱི་ལོ་ ༢༠༡༥ ནས་ ༢༠༢༣ ལོའི་བར་མདོ་ལ་རྫོང་གི་དམར་ཤོག་དྲུང་ཡིག་དང་། མཚོ་བྱང་ཁུལ་གྱི་དམར་ཤོག་དྲུང་ཡིག ཟི་ལིང་གྲོང་ཁྱེར་སྲིད་གཞུང་དམར་ཤོག་ཚོགས་པའི་དྲུང་ཡིག གྲོང་ཁྱེར་སྤྱི་ཁྱབ་གཞོན་པ། མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་སོགས་བྱས་ཡོད་འདུག

དེ་བཞིན་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ལྷན་ཁང་གི་མགོ་ཁྲིད་ཡའོ་ལིན་(姚琳)གྱིས་ལྐོག་རྔན་བླངས་པའི་དོགས་གཞི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། དེའི་ཐད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས། ཡའོ་ལིན་ཕྱི་ལོ་ ༢༠༡༡ ནས་ཕྱི་ལོ་ ༢༠༢༣ ལོའི་བར་དུ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་རྒྱུན་ལས་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དམར་ཤོག་ཚོགས་པའི་ལས་དོན་ལྷན་ཁང་གི་དྲུང་ཡིག་གཞོན་པ། དོ་དམ་ལྷན་ཁང་གི་རྒྱུན་ལས་མགོ་ཁྲིད་གཞོན་པ་སོགས་གཞུང་འབྲེལ་གྱི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ།མི་གཞན་ལ་ཁེ་ཕན་བསྒྲུབས་པ་དང་། ལྐོག་རྔན་འབོར་ཆེན་བླངས་པའི་ཉེས་མིང་འོག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese