མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིར་རྒྱ་ནག་གཞུང་ཚབ་པ་གསར་པ་བསྐོ་གཞག་བྱས་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་བར་རྩོད་རྙོག་མང་པོ་བྱུང་སྟེ་འདས་པའི་ཟླ་གྲངས་ ༡༨ ཙམ་འགོར་རྗེས་གཞི་ནས་རྒྱ་ནག་གཞུང་གིས་ཞུ་ཧྥེ་ཧོང་ཟེར་བ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་པར་བསྐོ་གཞག་བྱས་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཞུ་ཧྥེ་ཧོང་། པར་རྒྱ་གར་Paripoorna News གསར་ཁང་།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་བསྐོ་བཞག་མ་བྱས་པར་ལོ་གཅིག་དང་ཕྱེད་ཀ་ལྷག་ཕྱིན་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨབ་གྷན་སོགས་སུ་གཞུང་ཚབ་བྱེད་མྱོང་བའི་ཞུ་ཧྥེ་ཧོང་(Xu Feihong) ཟེར་བའི་རྒྱ་མི་ཞིག་བསྐོ་གཞག་བྱས་ཡོད་འདུག རྒྱ་གར་གྱི་འོས་བསྡུ་ཆེན་མོ་འགྲོ་བཞིན་པའི་སྐབས་དང་ཁེལ་ཡོད་སྟབས། ཆབ་སྲིད་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་བར་དམིགས་ཡོད་སྐོར་བརྗོད་ཀྱི་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་རྒྱ་ནག་བློན་ཆེན་ལས་ཁུངས་ཀྱིས་རྒྱ་གར་གྱི་པི་ཌི་ཨ་ཡེ་(PTI) གསར་ཁང་ལ་དེ་སྔོན་ཨབ་གྷ་ནི་སི་ཐན་(Afghanistan)དང་རོ་མན་ནི་ཡ་ (Romania )གཉིས་སུ་རྒྱ་ནག་གི་གཞུང་ཚབ་པ་བྱེད་མྱོང་མཁན་ཞུ་ཧྥེ་ཧོང་ཟེར་བའི་རྒྱ་མི་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་པར་བསྐོ་གཞག་བྱས་ཡོད་སྐོར་བརྗོད་འདུག་ཀྱང་། ད་ལྟའི་ཆར་གཞུང་ཚབ་ཁང་གི་དྲ་ལམ་སོགས་ན་དེ་འབྲེལ་གནས་ཚུལ་གང་ཡང་མི་འདུག་པས་ལས་མགོ་ག་དུས་འཛུགས་ཀྱི་ཡོད་མེད་སོགས་གསལ་ཁ་མི་འདུག

ད་ལྟ་རང་ལོ་ ༦༠ ཡིན་པའི་ཞུ་ཧྥེ་ཧོང་གིས་ཕྱི་ལོ་ ༡༩༨༧ ནས་ ༡༩༩༡ བར་མི་ལོ་ལྔ་རིང་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་སུ་ལས་ཀ་བྱས་ཡོད་པ་མ་ཟད། སྔ་གཞུག་ཏུ་ཧྥིན་ལེན་ཌི་དང་། ལྷོ་ཀོ་རི་ཡ། ནེའུ་ཛི་ལེན་ཌི། དབྱིན་ཡུལ་སོགས་ཀྱི་རྒྱ་ནག་གི་གཞུང་ཚབ་ཁང་དུ་ལས་ཀ་བྱས་ཡོད་འདུག ཕྱི་ལོ་ ༢༠༡༡ ལོར་ཨབ་གྷ་ནི་སི་ཐན་དང་། ཕྱི་ལོ་ ༢༠༡༥ ལོར་རི་མི་ནི་ཡ་རྒྱལ་ཁབ་ནང་རྒྱ་ནག་གཞུང་ཚབ་པ་བྱས་ཡོད་འདུག

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༠ ནང་རྒྱ་གར་དུ་གནས་སྡོད་རྒྱ་ནག་གཞུང་ཚབ་པ་སན་(Sun Weidong) ཟེར་བ་དེ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པར་བསྐོ་གཞག་བྱས་རྗེས་ཁོའི་ཚབ་གསར་པ་བསྐོ་བཞག་བྱས་མེད་པ་རེད། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གིས་མཐའ་མཚམས་ས་ཐིག(LAC) ཁུལ་གྱི་བོད་ཧིན་མཐའ་མཚམས་སོགས་སུ་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་ལན་མང་དང་། ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོར་གྷུ་ཝན་ལུང་གཞོངས་སུ་དྲག་པོའི་གདོང་ཐུག་བྱུང་མཚམས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད། དེ་བཞིན་རྒྱ་གར་གཞུང་གིས་གོ་སྒྲིག་གནང་བའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ཚོགས་ཆེན་སོགས་ལ་རྒྱ་ནག་གི་འཐུས་ཚབ་མཉམ་ཞུགས་བྱས་མེད་ལ། ད་བར་རྒྱ་དཀར་ནག་གཉིས་ཀྱི་དམག་དོན་གྱི་གྲོས་མོལ་མང་དག་ཅིག་བྱས་ཡོད་ཀྱང་ཕྱོགས་གཉིས་ལ་ཕན་འབྲས་གང་ཡང་བྱུང་མེད་སྟབས། རྒྱ་ནག་གིས་གཞུང་ཚབ་པ་གསར་པ་བསྐོས་པ་དེས་ཡུལ་གཉིས་ཀྱི་འབྲེལ་ལམ་ཡར་སྐྱེད་གཏོང་བར་ཤུགས་སྣོན་བརྒྱག་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༥ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese