མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེར་ཞིབ་བཤེར་བྱེད་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལོ་ངོ་ ༡༨ ལྷག་རིང་ལས་ཀ་བྱེད་མྱོང་བའི་བོད་ལྗོངས་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེ་ཡིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུའུ་ཡེན་ཅི་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་དམར་ཤོག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེ་ཟེར་བས་དམར་ཤོག་གི་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག་ལ། ཝུའུ་ཡིན་ཅི་ནི་དམར་ཤོག་ཚོགས་ཆེན་ ༢༠ རྗེས་སུ་ཞིབ་བཤེར་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ ༥ པ་དེ་ཆགས་འདུག་ལ། འདི་ལོའི་ཕྱི་ཟླ་ ༡ ནས་ ༦ པ་བར་དུ་བོད་རང་སྐྱོང་ལྗོངས་ཟེར་བ་ནས་འབྲིང་རིམ་ཡན་གྱི་ལས་བྱེད་ ༣༣ ལ་ཞིབ་བཤེར་བྱས་ཡོད་འདུག

ཝུའུ་ཡིན་ཅེ་ནི་ཕྱི་ལོ ༡༩༥༦ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་དམར་ཤོགས་ཚོགས་པའི་ཁོངས་སུ་འཛུལ། ཕྱི་ལོ་ ༢༠༠༣ ནས་བཟུང་ཁོས་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ཁང་གི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་། སློབ་གསོ་ཁང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མགོ་ཁྲིད་གཞོན་པ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲིལ་བསྒྲགས་ཁང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། ལས་ཡུན་མཐའ་མ་དེ་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ ཟླ་ ༡༠ བར་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཡོད་པ་རེད།  མི་དེས་བོད་ནང་སྲིད་དབང་འཛིན་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྔར་ལས་ལྷག་པའི་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་མ་ཟད། བོད་ཀྱི་མདོ་སྟོད་སྨད་ནས་ཡོང་མཁན་ཚོར་དམ་དྲག་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་ལས་བྱེད་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ཀྱི་དགེ་སློབ་རྣམས་ཕོ་བྲང་པོ་ཏ་ལ་སོགས་སུ་མཆོད་མཇལ་དུ་འགྲོ་བར་བཀག་སྡོམ་བྱས་པ་སོགས་བསམ་ཡུལ་ལས་འདས་པའི་དམ་དྲག་ཤུགས་ཆེན་བྱས་ཡོད་པ་རེད།

འདི་ལོར་ཁྲིམས་བཤེར་ཁྲིམས་ཆད་ཕོག་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་དཔོན་རིགས་བཞི།

རྒྱ་ནག་དམར་ཤོག་ཚོགས་པས་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བ་གཉིས་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ཏུ་ངོས་འཛིན་གྱིས་དམར་ཤོག་དྲུང་ཆེ་རིམ་པ་རྣམས་ཧུར་བརྩོན་ཅན་དང་དབུས་གཞུང་གི་མཛུམ་མོ་གར་སྟོན་ཤར་བྱེད་མཁན་གྱི་དཔོན་རིགས་ཆེད་བསྐོས་བྱེད་ཀྱི་ཡོད་པ་མ་ཟད། གནད་འགག་ཅན་གྱི་ཁུལ་དེ་གཉིས་ཀྱི་དམར་ཤོག་དྲུང་ཆེ་ཕན་ཚུན་བརྗེ་བསྒྱུར་བྱས་པའི་གནས་ཚུལ་ཡང་ཡོང་གི་ཡོད་པ་རེད།

ཞི་ཅིང་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་བ་ནས། སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག  བོད་དང་ཡུ་གུར། སོག་པོ་སོགས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མགོ་ཁྲིད་མང་པོ་ཞིག་གཏན་འབེབས་དོན་མཚན་བརྒྱད་ཟེར་བ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ལམ་དང་འགལ་བ་སོགས་ཀྱི་ནག་ཉེས་ཕོག་གི་ཡོད་པ་རེད། འདི་ལོ་གཅིག་པུར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མཐོ་རིམ་མགོ་འཁྲིད་དྲུག་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས་ཡོད་འདུག དེ་ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཝང་ཡོང་དང་། ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་མགོ་འཁྲིད་གཞོན་པ་ཇི་གོ་ཀང་། འདི་ལོའི་ཕྱི་ཟླ་ ༡ ནང་བོད་རང་སྐྱོང་སྲིད་གཞུང་དམར་ཚོགས་ཀྱི་མགོ་འཁྲིད་གཞོན་པ་ཀྲང་ཧོང་ཙི། ཕྱི་ཟླ་ ༦ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཅང་ཅེ་བཅས་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས་དང་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese