མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཔེ་མཛོད་ཁང་གིས་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་བདུན་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་ཡིག་སྒྱུར་བ་འདེམས་སྒྲུག་ཡག་པོ་བྱས་ཏེ་སྟངས་འཛིན་ཡོད་པའི་ཐོག་ནས་རྒྱུན་སྐྱོང་གནང་ཐུབ་ཚེ་སྒྱུར་གྱི་ལས་ཀ་ཡག་པོ་འགྲོ་ཐུབ་ཀྱི་ཡོད་སྐོར་བརྗོད་གནང་བྱུང་།

བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་བདུན་པའི་ཟབ་འཁྲིད་པ་དང་མཉམ་ཞུགས་པ། བོད་ཀྱི་དཔེ་མཛོད་ཁང་གི་པར། ༢༠༢༤།༠༧།༡༠

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ཕྱི་ཟླ་ ༡༠ ཚེས་ ༩ བར་ཟླ་གསུམ་རིང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་བདུན་པ་འཚོག་བཞིན་འདུག་ལ། ཐེངས་འདིའི་ཟབ་སྦྱོང་ནང་མཐོ་སློབ་ཁག་ནས་སློབ་གཉེར་བ་གྲངས་ ༡༠ མཉམ་ཞུགས་བྱས་འདུག་ལ། ཕྱི་ལོ་ ༢༠༠༦ ནས་ད་ལྟ་བར་དུ་བོད་ཀྱི་དཔེ་མཛོད་ཁང་གི་ཟབ་སྦྱོང་འདིའི་ནང་ཁྱོན་གཞོན་སྐྱེས་གྲངས་ ༥༠༠ ཙམ་གྱིས་ཆ་ཤས་བླངས་ཡོད་འདུག

འདི་གའི་གསར་འགོད་པས་རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་སུ། བོད་ཀྱི་དཔེ་མཛོད་ཁང་གིས་སྒྱུར་རྩོམ་གྱི་ཟབ་སྦྱོང་ཐེངས་བཅུ་དྲུག་འཚོགས་ཟིན་ཡོད་པ་དང་། སྒྱུར་རྩོམ་ཐོག་དམིགས་བསལ་ཟབ་སྦྱོང་སྤྲད་པ་དེས་སྤྱི་ཚོགས་ནང་ཕན་ཐོགས་ག་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་གི་སྒྱུར་རྩོམ་ཟབ་སྦྱོང་མགོ་ཚུགས་ཡོད་ཅིང་། དགེ་བཤེས་ལྷག་རྡོར་ལགས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཆགས་ཏེ་ལས་གཞི་མང་པོ་སྤེལ་ཡོད་པའི་ནང་། རྩོམ་སྒྱུར་ཟབ་སྦྱོང་འདི་ལས་གཞི་དེའི་ཁྲོད་ཀྱི་གཅིག་ཆགས་བསྡད་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་འོག་ཏུ་ལོ་ ༡༦ རིང་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྒྱུར་རྩོམ་དང་འབྲེལ་བའི་ལས་ཀ་བྱས་པའི་ཤུགས་རྐྱེན་ལ་བརྟེན། གཞོན་སྐྱེས་རྣམས་ལ་སྒྱུར་རྩོམ་གྱི་གོ་སྐབས་ཤིག་སྤྲད་ཚེ་ཕན་ཐོགས་ཆེ་བའི་ཐོག་མའི་ཀུན་སློང་ནས་བྱུང་བ་ཞིག་རེད་བསམ་གྱི་འདུག སྤྱིར་སྒྱུར་གྱི་ཐོག་སློབ་ཚན་གཞན་པ་བཞིན་སློབ་ཁྲིད་བྱེད་པར་སྟབས་བདེ་བོ་གང་ཡང་མེད། དེ་ནི་ལོ་ཙཱ་བ་རང་ཉིད་ཀྱིས་ལོ་མང་པོའི་རིང་བསགས་པའི་ཉམས་མྱོང་གི་ཐོག་ནས་བཤད་ཀྱི་ཡོད་པ་མ་གཏོགས། ཨང་རྩིས་དང་། ཚན་རིག དེ་བཞིན་གཞུང་བྱེ་བྲག་པ་ལྟར་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་རེད། ང་ཚོས་སྒྱུར་རྩོམ་ཟབ་སྦྱོང་ཞེས་མིང་དུ་བཏགས་ཡོད་ཀྱང་། དངོས་སུ་སློབ་ཁྲིད་བྱེད་པའི་སྐབས་སུ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་དང་། རྩོམ་སྒྱུར་བྱ་རྒྱུ་གཙོ་བོ་ཆོས་དང་། རིག་གཞུང་། བོད་པའི་སྐོར་ཡིན། སྒྱུར་གྱི་ཐོག་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསུང་སྒྱུར་བ་དང་། བོད་ཀྱི་དཔེ་མཛོད་ཁང་གི་སྒྱུར་ཐོག་ལས་ཀ་བྱེད་མཁན་སོགས་ཀྱིས་ཟབ་ཁྲིད་བྱས་ཡོད། ཟབ་སྦྱོང་གི་དུས་ཡུན་ཟླ་བ་གསུམ་ལས་མེད་པ་དང་། སློབ་གཉེར་བ་རྣམས་ཀྱང་སྒྱུར་གྱི་ཐོག་རྒྱུས་མངའ་ཡོད་པ་དེ་འདྲ་མིན་ཡང་། ཟབ་སྦྱོང་ནང་དུ་གཙོ་བོ་སྐད་ཡིག་གཉིས་བར་དུ་ཕན་ཚུན་གྲོགས་དན་བྱེད་ཀྱི་ཡོད་པར་བརྟེན།  སྐད་ཡིག་གཉིས་ཀྱི་ཐོག་ཡར་རྒྱས་འགྲོ་ཡི་ཡོད་པ་དང་། སྒྱུར་གྱི་ཐོག་ཉམས་མྱོང་རག་གི་ཡོད་པས། རྗེས་སུ་སྤྱི་ཚོགས་ནང་དུ་སླེབས་དུས་གཏན་གཏན་ཕན་ཐོགས་ཀྱི་ཡོད་པ་རེད།  ཐོག་མར་ཟབ་སྦྱོང་མགོ་ཚུགས་དུས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་དང་། སྨན་རྩིས་ཁང་གི་སྨན་པ་མང་པོ་ཕེབས་མྱོང་ཡོད་ལ། ཁོང་ཚོའི་ཕྱག་ལས་ཐད་ཕན་ཐོགས་མང་པོ་བྱུང་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། ༢༠༢༤།༠༧།༡༡ དུས་བབ་ཀྱི་པར།

ཡང་གསར་འགོད་པས་ད་ལྟའི་ཆར་མི་སྒེར་དང་ཚོགས་སྡེ་ཁག་ཏུ་ཡིག་སྒྱུར་གྱི་ལས་ཀ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་ལྟར། བོད་ཀྱི་དཔེ་མཛོད་ཁང་གིས་ཡིག་སྒྱུར་ཟབ་སྦྱོང་ལ་ནང་ཆོས་དང་ཚན་རིག་སོགས་ཆེད་དམིགས་ཁ་ཕྱོགས་ཡོད་མེད་དྲིས་པར་ཁོང་གིས། བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་སློབ་ཁྲིད་བྱེད་བཞིན་ཡོད་པར་བརྟེན། ནང་ཆོས་དང་འབྲེལ་བའི་སྒྱུར་གྱི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད། སྒྱུར་གྱི་ཐོག་བརྗོད་བྱ་གང་ལེན་ཡང་ཁྱད་པར་ཡོད་པ་མ་རེད། གཙོ་བོ་སྒྱུར་གྱི་ཐབས་ལམ་ལམ་རིག་པ་རྙེད་པའི་ཐབས་ཤེས་རེད། བོད་ཀྱི་དཔེ་མཛོད་ཁང་གིས་ཀྱང་ནང་ཆོས་ཀྱི་གཞུང་ཆེན་མང་པོ་བསྒྱུར་ཡོད་པ་མ་རེད། སྐབས་རེར་ལོ་རྒྱུས་ཀྱི་དཔེ་དེབ་བོད་བསྒྱུར་བྱས་པ་དེ་འདྲ་ཡོད། ཕྱི་ལོ་ ༢༠༠༠ ནས་བོད་ཀྱི་དཔེ་མཛོད་ཁང་དུ་ཚན་རིག་གི་སྡེ་ཚན་མགོ་བཙུགས་ཡོད། ཚན་རིག་མཁས་པའི་སློབ་ཚན་མང་པོ་བོད་ཡིག་ནང་བསྒྱུར་སྟེ་བོད་ཡིག་ཐོག་སློབ་ཁྲིད་ཤུགས་ཆེན་བྱེད་བཞིན་ཡོད། རྒྱ་གར་ནང་གི་དགོན་པ་གྲྭ་ཚང་ཁག་ཏུ་བོད་ཡིག་ཐོག་ཚན་རིག་གི་ཟབ་སྦྱོང་མང་པོ་སྤྲད་ཡོད། མཚམས་རེར་ནང་ཆོས་དང་ཚན་རིག་གཉིས་མཚུངས་བསྡུར་བྱས་ཏེ་སློབ་ཁྲིད་རྒྱུན་སྐྱོང་གནང་བཞིན་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བཙན་བྱོལ་བོད་མིའི་ཡིག་སྒྱུར་གྱི་གནས་ཚད་ག་འདྲ་ཡོད་དྲིས་པར་ཁོང་གིས། ད་ལྟའི་ཆར་སྒྱུར་གྱི་ལས་ཀ་བྱེད་མཁན་རྣམས་སྒེར་བ་དང་ཚོགས་སྡེ་ཁག་གི་ཆེད་དུ་རེད། བོད་མིའི་སྒྲིག་འཛུགས་ལའང་སྒྱུར་གྱི་སྡེ་ཚན་ཆེན་པོ་དེ་འདྲ་ཡོད་པ་མ་རེད། སྤྱི་ཡོངས་ཀྱི་སྒྱུར་གྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་དེ་འདྲ་མེད་དུས་བཤད་རྒྱུ་ཁག་པོ་རེད། སྒེར་བའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྣམ་ཐར་སོགས་མང་པོ་བསྒྱུར་འདུག སྒྱུར་གྱི་བརྗོད་གཞི་གསར་པ་ཡིན་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་དུ་ཕན་ཐོགས་བྱུང་ཡོད། སྒྱུར་གྱི་ཐོག་ཏུ་ཉམས་ཞིབ་ཀྱི་སྡེ་ཚན་ཞིག་ནས་ཞིབ་འཇུག་བྱས་མྱོང་མེད་པ་རེད། ཚོགས་སྡེ་ཁག་གིས་སྦྱིན་བདག་ཐོན་ཏེ་མི་སྒེར་གྱིས་དེབ་སྒྱུར་བ་ལས། སྦྱིན་བདག་མ་རག་ཚེ་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་ཀྱི་མེད་པ་རེད། གཞུང་གི་ངོས་ནས་དང་པོ་སྒྱུར་མཁན་འདེམས་སྒྲུག་ཡག་པོ་བྱས་ཏེ། སྟངས་འཛིན་གྱི་ཐོག་ནས་རྒྱུན་སྐྱོང་བྱེད་ཐུབ་ཚེ་སྒྱུར་གྱི་ལས་ཀ་ཡག་པོ་འགྲོ་ཐུབ་པ་ཞིག་ཡིན་ཡང་། ད་ལྟའི་ཆར་བོད་ཡིག་ནང་དཔལ་འབྱོར་དང་། ཚན་རིག ཨང་རྩིས། ལོ་རྒྱུས་སོགས་ཀྱི་བརྗོད་གཞིའི་སྐོར་ནས་སྒྱུར་བ་ཧ་ཅང་ཉུང་ཉུང་ཡིན་པས། ད་ལྟའི་བཙན་བྱོལ་ཁྲོད་སྒྱུར་གྱི་གནས་ཚད་སྐོར་ནས་བཤད་ཐུབ་པ་མི་འདུག ཅེས་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༠ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese