མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཚད་མཐོའི་ཞིབ་འཇུག་བྱ་དགོས། 

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་མུས་ཡིན་པའི་གནད་དོན་ཐོག་ཚད་མཐོའི་ཞིབ་འཇུག་བྱས་ཏེ་བོད་ནང་གི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་རེ་སྐུལ་ཞུས་འདུག

WikiMedia (Gerd Eichmann)

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱི་ཚང་འཛོམས་ཁྲོད། བོད་ནང་གི་བོད་མིའི་བདེ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་ཨ་རིའི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱིས་ཨ་རི་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཐོག་དྲག་གནོན་བྱེད་མུས་ཡིན་པའི་ཐད། ཚད་མཐོའི་ཞིབ་འཇུག་བྱས་ཏེ་བོད་ནང་གི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་རེ་སྐུལ་ཞུས་འདུག

དེའི་ཐད་རྒྱལ་སྤྱིའི་ཉེས་དོན་ཁྲིམས་རྩོད་པའི་ (international criminal law attorney and Co-Chair ) ཚོགས་གཙོ་རི་གྷི་ནཱ་(Regina M. Paulose) ལགས་ཀྱིས། ད་བར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་སྣང་མེད་དུ་བཞག་ནས་དུས་ཡིན་ག་ཙམ་ཕྱིན་ཡོད་ཀྱང་། ད་ལན་གྲོས་ཆོད་འདི་འདྲ་ཞིག་བཞག་པ་དེ་ཨ་རི་གཅིག་པུ་མ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་ལག་ལེན་དུ་བསྟར་དགོས་པའི་ཁར། རྒྱལ་སྤྱིའི་ཁྲིམས་ཁང་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། རིག་གཞུང་སོགས་ལ་བརྩི་འཇོག་བྱ་དགོས། ཞེས་བརྗོད་འདུག

བོད་དང་རྒྱལ་སྤྱིའི་གྲངས་ཉུང་མི་རིགས་མཐུན་ཚོགས་ (Global Alliance for Tibet & Persecuted Minorities ) ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས། ད་ལན་ཨ་རིའི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་ ༥༢ དེ་བཞག་པར་དགའ་ཚོར་ཆེན་པོ་བྱུང་ལ། དེ་ནི་བོད་མི་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་ལམ་བུ་གསར་པ་ཞིག་ཡིན་པ་མ་ཟད། དེ་ནི་ཨ་རིའི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་པའི་མུར། བོད་ནང་གི་བོད་མི་ཚོས་མྱོང་མུས་ཡིན་པའི་འགྲོ་བ་མིའི་ཐོང་ཐང་གི་གནད་དོན་ཐད་གླེང་སློང་བྱ་དགོས། ཞེས་བརྗོད་འདུག

ཨ་རིའི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དགོས་པའི་གཏན་འབེབས་གྲོས་ཆོད་ཨང་ ༥༢ པའི་ནང་།  རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་བོད་མིའི་ངོ་བོ་རྩ་མེད་གཏོང་མུས་ཡིན་པའི་སྲིད་ཇུས་དང་། བོད་མིའི་ཐོབ་ཐང་། བོད་མི་རྣམས་ལ་ཚད་ལས་འདས་པའི་དྲག་གནོན་བྱེད་མུས་ཡིན་པའི་གནད་དོན་ཐོག་ཞིབ་འཇུག་དང་ཚ་འདེད་བྱེད་དུ་འཇུག་དགོས་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་གི་བོད་མིའི་འགྲོ་འདུག་གི་རང་དབང་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་དོ་ཕོག་ཆེན་པོ་འགྲོ་མུས་ཡིན་པའི་ཁར། ད་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་བོད་མིའི་གནད་དོན་ཐད་ལ་བརྩི་འཇོག་དགོས་པའི་རེ་སྐུལ་ལན་མང་བྱས་ཡོད་ཀྱང་། རྒྱ་ནག་གིས་ཁྲིམས་སྒྲིག་དང་འགལ་ནས་བོད་ནང་སྔར་ལས་ལྷག་པའི་དྲག་གནོན་བྱེད་མུས་ཡིན་སྐོར་གསལ་འདུག

ཡང་གྲོས་ཆོད་དེའི་ཁྲོད། འདས་པའི་ལོ་ཤས་གོང་ནས་ཨ་རིའི་རྒྱལ་སྲིད་ལས་ཁུངས་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་སོགས་ཀྱིས། རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་དག་ལ་ཞུགས་པར་དམ་དྲག་དང་། གྲྭ་བཙུན་རྣམས་བཙན་གྱིས་དགོན་ནས་ཕུད་པ། བོད་མི་རྣམས་ཀྱི་མི་སྒེར་གྱི་གནས་ཚུལ་རྒྱུས་ལོན་སླད་ཁྲིམས་འགལ་གྱིས་རིགས་རྫས་བསྡུ་རུབ། དེ་བཞིན་བོད་ཕྲུག་རྣམས་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་མངག་གཏོང་བྱེད་མུས་ཡིན་པ་མཚོན་པའི་བོད་ནང་གི་ཛ་དྲག་གི་གནད་དོན་མང་དག་ཅིག་ཤེས་རྟོགས་བྱུང་ཡོད་སྐོར་དང་། འདི་ལོར་རྒྱ་ནག་གཞུང་གིས་འབྲི་ཆུར་ཆུ་གློག་རྒྱག་རྒྱུ་ཡིན་ལུགས་བཤད་ནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པའི་རྫ་དབོན་སྟོད་དགོན་ཚུད་པའི་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་གནས་སྤོར་བྱས་བཅུག་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

ཆུ་ཚོད་ ༡༠ སྔོན་ལ།
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese