མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་དང་། བོད་ཡིག་གི་ལས་དབང་།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ང་དབྱར་ཀའི་གུང་སེང་དང་འབྲེལ་ཡུ་རོབ་ཏུ་སོང་བ་ཡིན། དེ་ནི་གུས་པ་ཡུ་རོབ་ཏུ་སྐྱོད་ཐེངས་གསུམ་པ་དེ་ཡིན།  ཡུལ་དེར་འགྲོ་ཐེངས་རེ་རེ་བཞིན་ཆེས་ཚོར་བ་རྣོན་པོ་བྱ་ས་དེ་བོད་ཀྱི་ཕྲུ་གུ་ཚོས་སྐད་ཡིག་ལ་བཅངས་པའི་སྤྲོ་སྣང་དང་།  ལམ་བུ། དེའི་འགྲུབ་འབྲས་བཅས་ཡིན། ད་ལན་ཡང་འགྲུལ་བཞུད་དེའི་ཁྲོད་ངས་རང་དང་འབྲེལ་བའི་གྲོགས་པོ་ཚོས་རང་གི་བུ་ཕྲུག་ཚོ་ཇི་ལྟར་བོད་མི་དག་མ་ཞིག་ཏུ་བསྐྱེད་སྲིང་བྱས་དང་བྱེད་བཞིན་པའི་འཚོ་བ་དངོས་དེ་མཐོང་ཐོས་བྱུང་།

བརྒྱུད་རིམ་དེའི་ཁྲོད་འགའ་རེར་ཡིད་སྨོན་སྐྱེས་ཤིང་། ལ་ལར་སྐྱུགས་མེར་ལང་། ངས་གནས་ཚུལ་འདི་དག་མཐོང་སྐབས། ཉེ་ལམ་བཀླགས་མ་ཐག་པའི་རྩོམ་ཡིག་ཅིག་གི་ཁ་བྱང་དྲན་བྱུང་། དེའི་མིང་ལ་ “ འགྱུར་སོང་བའི་བོད་ཀྱི་གཤིས་ཀ ” ཞེས་བྲིས་ཡོད། ད་ནི་ངོ་མ་བོད་པ་ཚོ་འགྱུར་བཞིན་འདུག རྦད་དེ་འགྱུར་ཉེན་འདུག་ཨང་།

བོད་ཆས་ཙམ་གྱོན་པ་ལས། བོད་ཀྱི་སྐད་ཡིག་དང་རིག་གནས་མི་ཤེས་པའི་མི་རབས་ཇེ་མང་དུ་འགྱུར་བཞིན་པ་འདིས། དངོས་ཡོད་ཀྱི་ཉེན་ཁ་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཡིད་ལ་དྲན་ཚེ་སེམས་པར་ན་ཟུག་རྒྱས་ཡོང་། ན་ཟུག་དེའི་སྣེ་མོ་ནས་བོད་ཡིག་འདིའི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་མཁན་གྱི་མཁས་པ་མང་པོ་ཞིག་གི་བཞིན་རས་དྲན་འོང་གི་འདུག

ཡུ་རོབ་ནས་བོད་པ་ཆེས་མང་ཤོས་ནི། ཧྥ་རན་སི་དང་སུད་སི་གཉིས་ཡིན། པེ་རི་སི་ལྟེ་བར་བྱས་པའི་ཧྥ་རན་སི་གཅིག་པུར་མཚོན་ན། ཕལ་ཆེར་བོད་པ་ཁྲི་གཉིས་ཙམ་གཏན་སྡོད་བྱས་ཡོད་སྐད། དེའི་རྒྱུ་མཚན་ནི། ཧྥ་རན་སི་གཞུང་གི་ངོས་ནས་ཀྱང་གལ་སྲིད་མི་ཞིག་བོད་མི་ཡིན་མིན་གྱི་ཐེ་ཚོམ་ཙམ་ཟོས་ཀྱང་སྐྱབས་བཅོལ་ཡིག་ཆ་སྤྲོད་རྐྱང་བྱེད་བཞིན་ཡོད་པས། བོད་རིགས་སུ་གཏོགས་པའི་ཧི་མ་ལ་ཡའི་སྤུན་ཟླ་ཚོས་ཀྱང་གོ་སྐབས་འདི་ལེན་རྐྱང་བྱས་པས་ཡིན་སྲིད།

ངས་ཤེས་གསལ་ལྟར་ན། ཡུ་རོབ་ནང་གི་བོད་པ་ཆེས་ཉུང་ཤོས་ཤིག་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཡིན། ཡུལ་དེར་སྔོན་ནས་ད་བར་གཏན་སྡོད་བྱེད་མཁན་བོད་མི་བརྒྱད་ལས་མང་བ་བྱུང་མི་འདུག དེ་བཞིན་དུ་སི་པེན་ཡང་སྤྱིའི་ཆ་ནས་བོད་པ་ཉུང་ཤོས་ཀྱི་གྲས་སུ་གཏོགས། ཕྱི་ལོ་ ༢༠༡༣ ལོར་བྷར་སི་ལོ་ནར་བོད་མི་བརྒྱད་ཅུ་ཙམ་ཡོད་ཀྱང་། ད་ལོར་བོད་མིའི་གྲངས་འབོར་ཇེ་ཉུང་དུ་སོང་འདུག དེ་ལ་བལྟས་ན་ལྟོས་བཅས་ཀྱི་བྷེལ་ཇམ་ནི་བོད་མི་མང་ཉུང་ཧ་ཅང་འཚམ་པའི་རྒྱལ་ཁབ་ཅིག་ཡིན། ཧོ་ལན་དུ་ཡང་བོད་མི་བརྒྱ་ཕྲག་འགའ་ལས་མེད་པར་བཤད།

ཆེས་ཐོག་མར་བོད་མི་འབྱོར་ཡུལ་གྱི་རྒྱལ་ཁབ་ནི། སུད་སི་ཡིན། ཡུལ་དེར་ཕྱི་ལོ་ ༡༩༦༠ ནས་བོད་མི་སྐྱབས་བཅོལ་བ་འབྱོར་ཡོད་ཅིང་། སུད་སི་ནི་འཛམ་གླིང་གི་ཆེས་སྐྱིད་ཤོས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན། ད་ལྟའི་ཆར་སུད་སིར་མཚོན་ན་བོད་མི་ཆིག་ཁྲི་མ་ཟིན་ཙམ་ཡོད་ཅིང་། དེ་དག་གི་ཁྲོད་ད་དུང་ཡང་སྐྱབས་བཅོལ་བའི་ཡི་གེ་མ་ཐོབ་པར་ལུས་མཁན་ཡང་ཡོད།

མདོར་ན། ཡུ་རོབ་ཁྱོན་ཡོངས་ལ་བོད་མི་སྐྱབས་བཅོལ་བ་ཁྲི་ཕྲག་གསུམ་ལྷག་ཡོད་ཅིང་། དེས་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆའི་ ༢༤ ཉེར་བཞི་ཙམ་ཟིན་ཡོད་པས།  ཡུ་རོབ་ནང་གི་བོད་མི་སྤྱི་དང་། ཡང་སྒོས་ན་གཞོན་ཚོས་སྐད་ཡིག་བཀོལ་སྤྱོད་བྱ་སྟངས་དང་།  དེ་ལ་བཟུང་བའི་རིན་ཐང་ལྟ་བ།  འདུ་ཤེས་བཅས་ནི། ང་ཚོ་རིག་གནས་འཐབ་རྩོད་བྱ་མཁན་གྱི་མི་རིགས་ཤིག་ཡིན་པའི་ངོས་ནས་བཤད་ན་ཧ་ཅང་གནད་འགག་ཆགས་ཡོད།

འཛམ་གླིང་འདིར་ང་ཚོའི་སྐད་ཡིག་ལ་ཆེས་མཐོང་ཆུང་དང་། དམའ་འབེབས་བྱ་མཁན་ཞིག་ཡོད་པ་ནི། རྒྱ་ནག་དམར་པོའི་གཞུང་ཁོ་ན་ཡིན་ལ། རྒྱ་ནག་གིས་ལོ་རེ་བཞིན་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་སྒྱུར་བཞིན་ཡོད། དེའི་དཔེ་མཚོན་ཧ་ཅང་མང་པོ་ཡོད་ནའང་། མིག་སྔར་ཆེས་གསར་པ་ཞིག་ཡོད་པ་ནི། ཟླ་གཅིག་གོང་དུ་བོད་ནང་གི་སྒེར་གཉེར་སློབ་གྲྭ་ཡག་ཤོས་རྭ་རྒྱ་ཤེས་རིག་ནོར་གླིང་གཏན་དུ་སྒོ་བརྒྱབས་པ་དང་།  ཉེ་ལམ་ཡང་རྔ་བ་ཀིརྟི་དགོན་པའི་ནང་བསྟན་སློབ་གླིང་དུ་ལོ་ན་བཅུ་དྲུག་བར་གྱི་སློབ་མ་ཚོ་དགོན་པའི་སློབ་གྲྭར་འགྲོ་མི་ཆོག་པ་བཟོས་པ་དེ་ཡིན།

སྔོན་མ་ཡིན་ན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་བོད་ཀྱི་བླ་མ་དཔའ་མཛངས་གཉིས་ལྡན་མང་པོ་ཡོད་ལ། འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུའི་ལྷག་བསམ་ཅན་དང་སྙིང་སྟོབས་ཅན་གྱི་བོད་པ་ཏང་ཡན་པ་ཡང་རེ་ཟུང་ཡོད།

དེ་ལྟ་ནའང་།  དེང་སང་ནི་བོད་ནང་བཤད་ཕོད་པས་མི་ཡོང་ཞིང་། བསྒྲུབས་ཕོད་པས་དེ་བས་ཀྱང་མི་ཡོང་སྟེ། བོད་ལ་ཤ་ཚ་དང་། ལར་ཞེན། བོད་ཀྱི་སྐྱིད་སྡུག་ངོ་མ་དྲ་ཐོག་ནས་གཏམ་བཤད་ཕྲན་བུ་བྱས་ཀྱང་། སྐད་ཅིག་འགའི་རྗེས་སུ་ཁྱོད་རང་གཤེད་མ་ལྟ་བུའི་མི་ཚོགས་ཤིག་གིས་འདེད་ཡོང་། དེའི་གྲུབ་འབྲས་ནི་རྡུང་བརྡེག་དང་། བཙོན་ཁང་ཡིན། འདི་ནི་དུས་རབས་ཉེར་གཅིག་པའི་བོད་ཀྱི་ལས་དབང་རེད། འདི་ནི་གུང་ཁྲན་ཏང་གིས་བོད་བཅོས་བསྒྱུར་བྱས་རྗེས་སུ་སླར་ཡང་བོད་མི་མང་ལ་ཕུལ་བའི་རང་དབང་དང་དམངས་གཙོའི་ལེགས་སྐྱེས་རེད།

འོ་རེད། ད་མང་པོ་མི་བཤད། གང་ལྟར་ཕྱི་རྒྱལ་ན་ཡོད་པའི་བོད་མི་ཚོས། སེམས་བསམ་པའི་གཏིང་ནས། ཤ་རུས་པའི་གསེང་ནས་རང་གི་ལས་དབང་རང་གིས་བསྲུང་འདོད་ན། ལྷག་དཀར་ཉིན་བོད་ཆས་གཙང་མ་རེ་གྱོན་ནས་སྐོར་བྲོ་རེ་འཁྲབ་སྟེ་རང་ཉིད་བོད་མི་ཡིན་པའི་འདུ་ཤེས་ཙམ་ཉར་བས་རྔོ་མི་ཐོགས། འོ་ན་ཅི་བྱ་དགོས་ཤེ་ན། དུས་རྒྱུན་བོད་ཀྱི་ཆོས་དང་རིག་གཞུང་། དེ་ཉིད་གང་ལ་བརྟེན་པའི་སྐད་ཡིག་རྩ་ཆེན་འདི་མི་རེ་རེ་ངོ་ནས་རང་ནུས་ཡོད་རྒུས་ཉིན་རེའི་འཚོ་བའི་ནང་བཀོལ་སྤྱོད་དང་། རྒྱུན་འཛིན། དར་སྤེལ་བྱ་རྒྱུའི་དུས་ལ་བབས་ཡོད།

རིག་གཞུང་རྒྱུད་འཛིན་ནི། ཕ་མེས་ཡང་མེས་ཚོའི་ཁྱད་ནོར་ཡིན། རིག་གཞུང་སྲུང་སྐྱོབ་ནི་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་ཡིན། རིག་གཞུང་དར་སྤེལ་ནི། ང་ཚོ་ནམ་ཡང་གསོན་ཐུབ་པའི་ལམ་བུ་ཁོ་ན་ཡིན།

ཕྲུ་གུ་སྐྱེས་མ་ཐག་པའི་ཕ་མ་ལགས། གལ་སྲིད། ཡུ་རོབ་ལྟ་བུའི་རང་དབང་ལུང་པར་བོད་མི་སྐྱབས་བཅོལ་བ་འབུམ་ཕྲག་འགའ་ཡོད་ཀྱང་། བོད་སྐད་དང་བོད་ཡིག་ཤེས་མཁན་འགའ་ལས་མེད་ཚེ། ང་ཚོའི་སྐད་ཡིག་རྩ་མེད་གཏོང་མཁན་ནི། ང་ཚོ་རང་ཉིད་ཡིན་པ་ལས། མི་རིགས་གཞན་ལ་ཁག་དཀྲི་ས་ཡེ་ནས་མེད་པའི་གནས་ལུགས་དེ་ཁྱེད་ཅག་གིས་མཁྱེན་པར་མཛོད་ཅིག  །

ཅེས་པའང་ཨ་འདུས་པས་རང་མི་རིགས་ཀྱི་སྐད་ཡིག་གི་ལས་དབང་ལ་ཤ་ཚ་བཞིན་བྲིས་སོ། །

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

སྐར་མ ༣༤ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

སྐར་མ ༣༦ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese