མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དིང་རིའི་མིག་ཆུ་དང་། བོད་ཀྱི་ན་ཟུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། ཨ་འདུས།

བོད་ནང་ས་ཡོམ་ཤུགས་ཆེན་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡།༩

ཉེ་ལམ་དིང་རིར་ས་འགུལ་བྱུང་སྟེ། བོད་མི་བརྒྱ་ཕྲག་འགའི་ཚེ་སྲོག་ཤོར་ཞིང་། མི་ཧ་ཅང་མང་པོ་ནད་པ་བཟོས་པར་མ་ཟད། དུད་ཁྱིམ་མང་པོར་བསམ་ཡུལ་འདས་པའི་གས་ཆག་ཆེན་པོ་བྱུང་སྟེ་ཕལ་ཆེར་མི་ཤི་ཁྱིམ་སྟོང་གིས་བེད་མེད་ལྟ་བུར་གྱུར་ཞིང་། འཐོར་ཞིག་ཏུ་སོང་བའི་ཁང་ཤུལ་ནས་བྱིས་པ་དང་བུད་མེད་ཀྱི་ངུ་སྐད་གང་སར་ཁྱབ་པའི་སྣང་བརྙན་མིག་ལ་མངོན་ཚེ་བརྗོད་མི་ནུས་པའི་ན་ཟུག་ཅིག་གིས་སྙིང་ཁམས་ཧྲིལ་པོ་དབང་མེད་དུ་གཟེར་འོང་།

རྒྱ་གཞུང་གིས་བོད་ཁམས་ཧྲིལ་པོའི་འཚོ་བ་དེང་རབས་ཅན་དུ་བསྒྱུར་ཏེ་སྔར་ནས་འབྱོར་འབྲིང་གི་ལམ་བུར་ཆས་ཟིན་ཞེས་ལོ་མང་པོའི་རིང་འུར་སྒྲོག་ཇི་ཙམ་བྱས་ཀྱང་། བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་བྱེད་མཁན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་དང་། བཙན་བྱོལ་བོད་མི་ཚོས་ཡིད་ཆེས་མི་བྱེད་པར་ཁག་གཏན་ནས་མེད་དེ། ཕྱི་ལོ་ ༢༠༡༠ ལོར་སྐྱེ་རྒུར་བྱུང་བའི་ས་འགུལ་གྱི་གནས་སྟངས་དང་། ཉེ་ལམ་བྱུང་མ་ཐག་པའི་དིང་རིའི་ས་འགུལ་སྐབས་ཀྱི་བོད་མིའི་སྡོད་ཁང་འཛུགས་སྐྲུན་གྱི་གནས་སྟངས་སྐྱོ་ལྷང་ངེ་བ་དེས་ད་ནི་རྒྱ་ནང་རང་གི་དྲང་བདེན་ཅན་ཚོ་ཡང་ཅུང་ངོ་ཚ་དགོས་པའི་ཚད་དུ་བསྐྱལ་ཡོད་ཤག་ཡིན།

རྒྱ་ནག་ནང་དཔལ་འབྱོར་ལྟོས་བཅས་ཀྱིས་ཡར་རྒྱས་སུ་འགྲོ་བཞིན་པར་རྩོད་པ་བྱེད་མ་དགོས་ཀྱང་། བོད་ཁུལ་ནས་ལྷ་ས་དང་། ཟི་ལིང་སོགས་གྲོང་ཁྱེར་འགའ་རེའི་ཁང་པའི་འཛུགས་སྐྲུན་ཕུད། བོད་ཀྱི་གྲོང་གསེབ་སྤྱིའི་སྡོད་ཁང་བཟོ་སྐྲུན་གྱི་མཐུན་རྐྱེན་ལ་མཚོན་ན། ཁང་པའི་ནང་མོའུ་ཙེ་ཏུང་གི་པར་དང་། ནང་བརྙན་འཕྲིན། འཁྱག་སྒམ་ཙམ་ཡོད་པ་ལས་གཞན། ཁང་པའི་ནང་གི་ཀ་བ་དང་། རྩིག་གྱང་སོགས་ལ་ས་ཡོམ་སྔོན་འགོག་ལ་ནུས་པ་ལྡན་པའི་དེང་རབས་ཀྱི་རྣམ་པ་ཅི་ཡང་མཐོང་རྒྱུ་མེད་པ་ནི་ཉེ་ལམ་གྱི་ས་འགུལ་གྱིས་གསལ་པོར་བསྟན་ཡོད།

རྒྱ་ནག་གིས་གཞུང་ལམ་དང་། ལྕགས་ལམ། གནམ་ཐང་སོགས་འཛུགས་སྐྲུན་ཤུགས་ཆེར་བྱས་ཡོད་པ་བདེན་ཡང་།  དེ་དག་ནི་དིང་རི་ལྟ་བུའི་བོད་ཀྱི་མང་ཚོགས་ཕལ་བའི་འཚོ་བ་དང་འབྲེལ་མེད་ལྟ་བུ་ཡིན་ཏེ། དེ་དག་ཕལ་མོ་ཆེ་ནི་སྐམ་སའི་མི་རྣམས་བོད་ནང་ཡུལ་སྐོར་བྱེད་པའི་མཐུན་རྐྱེན་དང་སྐྱེལ་འདྲེན་གྱི་ཚོང་ལམ་ལྟ་བུར་གྱུར་ཡོད་ཅིང་། ཞོར་ལ་རྒྱ་ནག་གི་མི་འབོར་བོད་དུ་གནས་སྤོ་བྱེད་པ་དང་། ཛ་དྲག་བྱུང་ཚེ་དམག་མི་དང་། གོ་མཚོན་འབོར་ཆེན་བོད་ནང་སྐྱེལ་འདྲེན་བྱ་སའི་དམིགས་འབེན་ཡང་ཡིན་སྲིད།

མདོར་ན། ད་ལན་གྱི་དིང་རིའི་ས་འགུལ་སྐབས་ང་ཚོས་གསལ་པོར་མཐོང་ཐུབ་པ་ནི། རྒྱ་ནག་གིས་བོད་དབང་སྒྱུར་བྱས་ཏེ་མི་ལོ་བདུན་ཅུ་ཟིན་ལ་ཉེ་ནའང་། དིང་རི་དང་དིང་རི་ལྟ་བུའི་བོད་ཀྱི་མང་ཚོགས་ཕལ་བའི་འཚོ་བ་སྔར་བཞིན་རྗེས་ལུས་ཡིན་པ་དང་། དེ་དག་ལ་དུས་དང་དུས་སུ་བཟའ་བཏུང་ཕྲན་བུ་རེས་ཁ་བཀག་སྟེ་སྲིད་གཞུང་བཟང་ཚུལ་དང་། འཇོན་རབས་བཤད་བཅུག་ནས་ཉི་མ་སྐྱེལ་བཞིན་པ་དེ་ཡིན།

དེ་ལྟ་ནའང་བོད་མི་ཚོའི་སེམས་ངོགས་སུ་སྟོད་ལ་དྭགས་ནས་སྨད་རྒྱ་རོང་བར་གྱི་བཙན་པོའི་ཡུལ་ཁག་གང་ཞིག་ལ་རང་བྱུང་གོད་ཆག་ལྟ་བུའི་དཀའ་ངལ་བྱུང་ཚེ་བོད་མི་ཧྲིལ་པོ་ལུས་དང་སེམས་པ་གཅིག་ཡིན་པའི་ངོས་འཛིན་དེ། མིང་སྟོང་ཙམ་དུ་མ་གྱུར་པར། ལག་ལེན་ཐོག་མདུན་སྐྱོད་ཀྱིས་དཀའ་སྡུག་མཉམ་མྱོང་བྱས་དང་བྱེད་བཞིན་པ་ནི། ཕྱོགས་གཅིག་ནས་འུ་ཅག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་པའི་འཚེ་མེད་ཞི་བའི་དབུ་ཁྲིད་རླབས་ཆེན་ཞིག་ཡོད་པས་ཡིན་ལ། ཕྱོགས་གཅིག་ནས་རང་རེར་ནང་བསྟན་ཆོས་ལུགས་ཀྱི་ཉིང་བཅུད་རང་ལས་གཞན་གཅེས་ཀྱི་རིག་གནས་ཟབ་མོ་ཞིག་རྒྱུན་འབྱམས་སུ་ཡོད་པས་ཀྱང་ཡིན་སྙམ།

དེའི་ཐད་བསམ་གཞིགས་གཏོང་རིན་ཡོད་པའི་དཔེ་མཚོན་འགའ་བཀོད་ན། བོད་ཕྱི་ནང་གཉིས་ཀྱི་བླ་ཆེན་ཚོས་ཤི་བོར་བསྔོ་སྨོན་དང་། ཤུལ་ལུས་དད་ལྡན་མང་ཚོགས་ལ་ཐུགས་གསོའི་གསུང་འཕྲིན་གཅིག་རྗེས་གཉིས་མཐུད་ཀྱིས་སྩལ་བ་དང་། བོད་ཀྱི་རིག་གནས་ཀྱི་ལྟེ་བ་དགོན་སྡེ་ཁག་གི་གྲྭ་བཙུན་ཚོིས་ཀྱང་བསམ་ཡུལ་ལས་འདས་པའི་ཞལ་འདེབས་འཚང་ཁ་ཤིག་ཤིག་གིས་གནང་བ་དང་། གླུ་གཞས་སྒྱུ་སྩལ་བ་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་སྐྱོ་གླུ་འཐེན་པ་དང་། དྲཱ་ཐོག་གི་ཚོང་དཔོན་ཁག་དང་། ཐ་ན་མི་མང་དཀྱུས་མ་ཚུན་ཆད་ཀྱིས་དིང་རིའི་མིག་ཆུ་ནི། བོད་སྤྱིའི་ན་ཟུག་ཅིག་ཏུ་བརྩིས་ཏེ་རང་གི་ལྷག་བསམ་མཚོན་པའི་ཅ་དངོས་འདྲ་མིན་དངོས་དང་བརྒྱུད་ནས་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་སུ་འབུལ་བཞིན་པའི་ངང་ཚུལ་མཛེས་པོ་འདི་འདྲ་ནི། ཆོས་ལྡན་གངས་ཅན་པ་ཁོ་ན་ལས་མི་རིགས་གཞན་ལ་མཐོང་དཀོན་པའི་བཟང་སྤྱོད་ཅིག་ཡིན།

ད་ནི་བསམ་ཞིང་བསམ་ན་འདི་ལྟར་དྲན་འོང་སྟེ། ཉེ་ལམ་བོད་ཁུལ་གཙོས་པའི་རྒྱ་ནག་གི་སྙིང་རྗེ་ཅན་ཚོས་ཀྱང་དིང་རིའི་ཆེད་དུ་རྒྱུ་འབྱོར་གྱི་ཞལ་འདེབས་མང་པོ་གནང་བ་དེ་དག གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་ཏག་ཏག་ཅིག་འཕྲོད་ཐུབ་བམ། གལ་སྲིད་ཐུབ་ན། ཆ་བགོས་ལེགས་པོ་ཞིག་བྱས་ཏེ། དགུན་གཞུང་གི་གྲང་ངར་ལས་སྐྱོབ་ནུས་ཤིང་། བོད་མིའི་ཁྱད་ཆོས་མ་བོར་བའི་ཐོག་ནས་ས་ཡོམ་ལ་ཁ་གཏད་གཅོག་ཐུབ་པའི་དེང་རབས་ཅན་གྱི་སྡོད་ཁང་སྲ་བརྟན་རེ་བཟོས་ན་དགའ་བ་ལའང་སྙམ་མོ། །

ཞེས་རྡོར་གདན་ནས་ཚིག་ཇ་འཐུང་ཞོར་བྲིས་སོ། །

འབྲེལ་ཡོད་གསར་འགྱུར།

New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

སྐར་མ ༡༨ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese