མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་པ་དཔལ་མགོན་ལགས་ལྟ་སྲུང་འོག་ཡོད་ཀྱང་སྐུ་གཟུགས་བདེ་ཐང་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ན་གཞོན་སྙན་ངག་པ་དཔལ་མགོན་ལགས་མི་ལོ་གཉིས་ལྷག་གི་རྗེས་སུ་ཀློད་གྲོལ་བཏང་སྟེ་འཕྲོད་བསྟེན་ལ་དཀའ་ངལ་མེད་ཀྱང་མུ་མཐུད་ལྟ་རྟོག་བྱེད་མུས་ཡིན་འདུག 

སྙན་ངག་པ་དཔལ་མགོན་ལགས་ཀློད་གྲོལ་བཏང་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡།༣༡

ཉེ་ལམ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༢ ལོར་གློ་བུར་དུ་འཛིན་བཟུང་བྱས་ཏེ། གར་སོང་ཆ་མེད་དུ་གྱུར་བའི་ན་གཞོན་སྙན་ངག་པ་དཔལ་མགོན་ལགས། ཕྱི་ལོ་ ༢༠༢༤ ལོའི་ལོ་མཇུག་ཙམ་ལ་ཀློད་གྲོལ་བཏང་སྟེ། ད་ལྟ་རང་ཁྱིམ་དུ་གནས་སྡོད་བྱེད་མུས་ཡིན་པའི་ཁར། སྐུ་གཟུགས་འཕྲོད་བསྟེན་གྱི་ཐད་ནས་དཀའ་ངལ་མེད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་སོ་ཉུལ་དང་ལྟ་ཞིབ་བྱེད་མུས་ཡིན་འདུག 

 ཉེ་ལམ་ཁོང་ཉིད་ཀློད་གྲོལ་བཏང་རྗེས་སྒེར་གྱི་སྤྱི་ཚོགས་དྲ་ལམ་སྟེང་། གློ་རྡེག་ཏུ་ལོ་འགར་སྦལ་དུ་ལྷུངས་པས་སེམས་ཁུར་གནང་མཁན་ཚོར་བཟོད་གསོལ་ཞུ།   ང་ནི་དཔྲལ་སྒོ་ཡོད་པ་དང་བསམ་བློ་ཟབ་པ་རང་ཚུགས་བརྟན་པ་སོགས་སྐྱེས་བུ་དམ་པ་ཚོར་ཡོད་དགོས་པའི་རིན་པོ་ཆེ་ལྟ་བུའི་ནང་རྡིག་གཅིག་ཀྱང་མེད་པས་ཚང་མར་དགོངས་དྭངས།   ད་སྐབས་ཀྱི་དུས་རབས་འདི་ནི་སློབ་དཔོན་ཆོས་གྲགས་ཀྱིས་གསུངས་པ་ལྟར་<སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།  དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་བྱེད>ཅེས་ཡང་ཡང་གསུངས་པ་ལྟར་གྱུར་འདུག་པས། སློབ་སྦྱོང་རེ་མ་བྱས་ན་རྗེ་རིན་པོ་ཆེས་ཀྱང<ཅི་ཡང་མ་བསླབ་གང་ཡང་མི་ཤེས>ཞེས་གོ་རྒྱུ་ཅན་གྱི་གསུང་བཤད་གནངས་ཡོད་པ་མ་ཡིན་ནམ།  དེ་བས་འགྲེང་ནས་འགྲོ་མཁན་གྱི་མི་རྣམས་གོག་ནས་འགྲོ་མཁན་ཞིག་ཏུ་མི་འགྱུར་པར་འབད་གནང་ཞུ།  ད་ནི་འུ་ཅག་ཚང་མ་རང་ཉིད་རང་ལ་རྟོན་པ་དང་།  རང་ཉིད་རང་ལ་བརྟེན་པ། རང་གི་བྱེད་པོ་རང་ཉིད་བྱ་རྒྱུ་སོགས་གཙོ་གནད་དུ་གཟུང་ཐུབ་པར་སྨོན། ཞེས་བརྗོད་འདུག 

འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས། ན་གཞོན་ཤེས་ཡོན་པ་དང་སྙན་ངག་པ་དཔལ་མགོན་ལགས་ཀློད་གྲོལ་བཏང་ནས་རང་ཁྱིམ་དུ་བདེ་བླག་ངང་འབྱོར་ཡོད་ཀྱང་། དམ་དྲག་དང་གསང་བ་བྱས་པའི་དབང་གིས་ཁོང་ཉིད་ནམ་ཞིག་ཀློད་གྲོལ་བཏང་ཡོད་མེད་ཤེས་རྟོགས་བྱུང་མེད་ནའང་། ད་ལྟ་སྐུ་གཟུགས་འཕྲོད་བསྟེན་སོགས་ཀྱི་ཐད་ནས་དཀའ་ངལ་གང་ཡང་མེད་སྐོར་བརྗོད་བྱུང་། 

ཡང་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་བཀག་ཉར་གྱི་འོག་ཁོང་ལ་དཔེ་ཀློག་དང་རྩོམ་ཡིག་སོགས་འབྲི་བའི་གོ་སྐབས་རག་མེད་སྟབས། ད་ལྟ་མུ་མཐུད་རང་ཁྱིམ་དུ་དཔེ་ཀློག་དང་རྩོམ་ཡིག་འབྲི་བའི་ལས་ལ་གཞོལ་མུས་ཡིན་ཡང་། དམ་དྲག་ཆེ་སྟབས་ཁོང་གི་རྩོམ་གྲོགས་སོགས་ཀྱིས་སྒེར་འབྲེལ་ལྟ་ཅི། ཐ་ན་ཁོང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་སྤེལ་བ་དག་ལ་དགའ་རྟགས་བརྒྱག་རྒྱུར་དོགས་ཟོན་བྱེད་མུས་ཡིན་སྐོར་དང་། སྤྱིར་ཁོང་གིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་དབང་གིས་འཛིན་བཟུང་བྱས་པ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། ད་ལྟའང་ཁོང་ཉིད་འཛིན་བཟུང་བྱས་པའི་རྒྱུ་མཚན་ཁ་གསལ་མེད་སྐོར་བརྗོད་བྱུང་། 

སྙན་ངག་པ་དཔལ་མགོན་ལགས་ཀྱིས་དཔེ་དེབ་ཁག་ཅིག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡།༣༡

ད་ལྟ་རང་ལོ་སུམ་ཅུ་ལྷག་ཡིན་པའི་ན་གཞོན་སྙན་ངག་པ་དཔལ་མགོན་ལགས་ནི་བོད་མགོ་ལོག་པདྨ་རྫོང་བདེ་ནང་ཡུལ་ཚོ་ནས་ཡིན་ཞིང་། དེ་སྔ་རཱ་རྒྱ་ཤེས་རིག་སློབ་གླིང་གི་སློབ་མ་ཞིག་ཡིན་པ་མ་ཟད། དེ་སྔ་སློབ་གྲྭ་དེར་ཡོད་སྐབས་{བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ཞིབ་འཇུག་} ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དང་། {ལོ་ཟླ་ཕྱིར་འོང་ཡོད་ན་བསམ།} ཞེས་པའི་ལྷུག་རྩོམ་རྐྱང་པའི་དཔེ་དེབ་ཅིག {དེ་བཞིན་བརྩེ་འདང་གི་རི་མོ།} ཞེས་པའི་པར་རིས་རྐྱང་པའི་དཔེ་དེབ་གསུམ་བཅས་རྩོམ་སྒྲིག་བྱས། ཁོང་གིས་ {ང་ཁྱེད་ཀྱི་འཇིག་རྟེན་དུ་ཆར་གཞའ་མཁན་ཞིག་ཏུ་སྐྱེ་ན།} ཞེས་པའི་དུང་བརྗོད་སྙན་ངག་གི་དཔེ་དེབ་ཅིག་དང་། རྩོམ་གྲོགས་འགའ་དང་ལྷན་དུ་བྲིས་པའི་{ཆང་གི་ཕབས་རྟ།} ཞེས་པའི་སྙན་དེབ་སོགས་སྤྱི་ཚོགས་སུ་བཀྲམ་འདུག དེ་བཞིན་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༦ ཚེས་ ༧ ཉིན་རཱ་རྒྱ་ཤེས་རིག་སློབ་གླིང་གི་གསེར་གྱི་གླེགས་བམ་དཔེ་ཀློག་རྩོམ་སྒྲིག་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། རྒྱུན་དུ་སྙན་ངག་འབྲི་སྐབས་སྨྱུག་མིང་དུ་དགུ་ཟུར་མ་དང་། ཐོ། རྨི་འཕྲུལ། གཞི་བདག་སོགས་བཀོལ་སྤྱོད་བྱེད་ཀྱིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese